རྒྱ་ནག་གིས་ཐེ་ཝན་ལ་དྲག་རྒོལ་བྱས་ཚེ་ཨ་རིས་ཐེ་ཝན་སྲུང་སྐྱོབ་བྱེད་རྒྱུ་ཡིན།
བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རུའི་སྲིད་འཛིན་བྷ་ཌན་གྱིས་ཨེ་ཤི་ཡར་མཚམས་གཟིགས་ཐོག་མ་དེ་གནང་བཞིན་པ་དང་། ཕྱི་ཟླ་༥ ཚེས་༢༣ ཉིན་ཉི་ཧོང་དུ་སྲིད་འཛིན་བྷ་ཌན་དང་ཉི་ཧོང་གི་སྲིད་བློན་ཀི་ཤི་དྷ་(Fumio Kishida) གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས། གསར་འགོད་པ་ཞིག་གི་ཐེ་ཝན་གྱི་སྲུང་སྐྱོབ་དང་འབྲེལ་བའི་དྲི་བའི་ལན་དུ།
བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རུའི་སྲིད་འཛིན་བྷ་ཌན་གྱིས་ཨེ་ཤི་ཡར་མཚམས་གཟིགས་ཐོག་མ་དེ་གནང་བཞིན་པ་དང་། ཕྱི་ཟླ་༥ ཚེས་༢༣ ཉིན་ཉི་ཧོང་དུ་སྲིད་འཛིན་བྷ་ཌན་དང་ཉི་ཧོང་གི་སྲིད་བློན་ཀི་ཤི་དྷ་(Fumio Kishida) གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས། གསར་འགོད་པ་ཞིག་གི་ཐེ་ཝན་གྱི་སྲུང་སྐྱོབ་དང་འབྲེལ་བའི་དྲི་བའི་ལན་དུ། སྲིད་འཛིན་བྷ་ཌན་གྱིས་གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་དྲག་རྒོལ་བྱས་ཚེ་ཨ་རིས་ཐེ་ཝན་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། དེ་ནི་ཁོང་ཚོས་ཁས་ལེན་བྱས་ཡོད་པ་རེད་ཅེས་ལན་གནང་ཡོད་འདུག་པ་མ་ཟད། ཨ་རིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་བྱེད་ཀྱི་ཡོད་ཀྱང་། དེ་ཡི་གོ་དོན་ནི་རྒྱ་ནག་གིས་དྲག་པོའི་ཐོག་ནས་ཐེ་ཝན་ལ་དྲག་རྒོལ་བྱེད་ཆོག་པ་མཚོན་གྱི་མེད་པ་དང་། དྲག་ཤུགས་བེད་སྤྱོད་བྱེད་རྒྱུ་དེ་ནི་འོས་འཚམས་ཤིག་མ་རེད་ཅེས་བརྗོད་ཡོད་འདུག
ཐེངས་འདིའི་མཚམས་གཟིགས་ཀྱི་ཁྲོད་དུ་ཨ་རི་སྲིད་འཛིན་གྱིས་མཐུན་ཕྱོགས་རྒྱལ་ཁབ་དག་གི་དབུ་ཁྲིད་ཚོ་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། ལྷག་པར་དུ་རྒྱ་གར་གྱི་སྲིད་བློན་དང་མཇལ་འཕྲད་ཀྱིས་མུ་མཐུད་དུ་ཨུ་རུ་སུ་དང་ཡུག་རེན་གྱི་གནད་དོན་ཐོག་ལ་བཀའ་མོལ་གནང་རྒྱུ་ཡིན་པའི་གནས་ཚུལ་སྤེལ་འདུག
ད་ལྟའི་ཆར་ཐེ་ཝན་ལ་མང་གཙོའི་འོས་འདེམས་བྱས་པའི་སྲིད་འཛིན་དང་། སྲུང་སྐྱོབ་ཀྱི་དོན་དུ་དམག་དཔུང་འབུམ་གསུམ་ལྷག་ཙམ་ཡོད་འདུག་པར་བརྟེན་ཐེ་ཝན་ནི་རང་བཙན་གྱི་རྒྱལ་ཁབ་གཅིག་ཏུ་ངོས་འཛིན་བྱེད་མཁན་ཡང་རྒྱལ་ཁབ་༡༣ ཙམ་ཡོད་འདུག་ཀྱང་། རྒྱལ་ཁབ་མང་ཆེ་བས་རྒྱ་ནག་གཅིག་གི་སྲིད་ཇུས་བཟུང་ནས། ཐེ་ཝན་དེ་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་མི་བྱེད་མཁན་ཡང་ཡོད་པ་རེད།
ཨ་རི་དང་ཐེ་ཝན་བར་དུ་གཞུང་འབྲེལ་གྱི་འབྲེལ་བ་དེ་ཙམ་མེད་ཀྱང་ཨ་རི་དང་ཐེ་ཝན་བར་དུ་གོ་མཚོན་མཁོ་སྤྲོད་དང་། དངོས་ཟོག་ཉོ་ཚོང་སོགས་དང་འབྲེལ་བའི་ཐོག་གཞུང་འབྲེལ་མིན་པའི་འབྲེལ་བ་མུ་མཐུད་དུ་ཉར་བཞིན་པ་རེད་འདུག
ཐེ་ཝན་གྱི་བདེ་སྲུང་བློན་ཆེན་གྱིས་བརྗོད་གསལ་ལ་ལྟར་ན། ད་ལྟའི་ཆར་རྒྱ་ནག་དང་ཐེ་ཝན་བར་གྱི་འབྲེལ་བ་ནི་འདས་པའི་མི་ལོ་བཞི་བཅུའི་ནང་བྱུང་མ་མྱོང་པའི་འབྲེལ་བ་སྡུག་ཤོས་སུ་འགྱུར་ཡོད་འདུག
གཞན་ཡང་། ཕྱི་ལོ་༢༠༢༡ ཕྱི་ཟླ་༡༠ པའི་ནང་དུ་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་བར་དུ་དམག་འཁྲུག་འབྱུང་སྲིད་མིན་ཐོག་ཐེ་ཝན་མི་མང་ལ་བཅར་འདྲི་ཡི་ཞིབ་འཇུག་སྙན་ཐོའི་ནང་དུ་ཐེ་ཝན་མི་མང་བརྒྱ་ཆ་༦༤.༣% གྱི་དམག་འཁྲུག་འབྱུང་མི་སྲིད་པར་ངོས་འཛིན་བྱེད་བཞིན་ཡོད་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།