རྒྱ་ནག་གིས་བཙོན་པ་ཉེས་པ་གུ་ཡངས་ཀྱི་སྲིད་ཇུས་འོག་གློད་གྲོལ་བྱ་རྒྱུ།

རྒྱ་གཞུང་གིས་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་ལོ་ངོ་༧༠ འཁོར་བའི་དུས་དྲན་སྲུང་བརྩི་དང་སྟབས་བསྟུན། བཙོན་པ་མང་པོ་ཞིག་ཉེས་པ་གུ་ཡངས་ཀྱི་སྲིད་ཇུས་འོག་གློད་གྲོལ་བྱ་རྒྱུ་ཡིན་འདུག

རྒྱ་གཞུང་གིས་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་ལོ་ངོ་༧༠ འཁོར་བའི་དུས་དྲན་སྲུང་བརྩི་དང་སྟབས་བསྟུན། བཙོན་པ་མང་པོ་ཞིག་ཉེས་པ་གུ་ཡངས་ཀྱི་སྲིད་ཇུས་འོག་གློད་གྲོལ་བྱ་རྒྱུ་ཡིན་འདུག

4566དེ་ཡང་ཟླ་འདིིའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གིས་བཙོན་པ་སྡེ་ཚན་མི་འདྲ་བ་བཞིའི་ཁུངས་སུ་གཏོགས་པ་དག དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་ལོ་ངོ་༧༠ འཁོར་བའི་དུས་དྲན་དང་སྟབས་བསྟུན་གྱི་གློད་གྲོལ་བྱ་རྒྱུའི་གྲོས་འཆར་ཞིག རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ལ་སྤྲད་ཡོད་འདུག

ཐེངས་འདིའི་བཙོན་པའི་ཉེས་ཆད་གུ་ཡངས་སྲིད་ཇུས་ལག་བསྟར་བྱེད་པ་ནི་ཕྱི་ལོ་༡༩༧༥ ཡི་རྗེས་ལ་ཐེངས་དང་པོ་ཆགས་ཡོད་པ་དང། ཕྱི་ལོ་༡༩༤༩ ལོར་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་སྲིད་གཞུང་བཟུང་བ་ནས། ད་བར་བཙོན་པའི་ཉེས་ཆད་གུ་ཡངས་ཀྱི་སྲིད་ཇུས་ལག་བསྟར་ཐེངས་༨ པ་དེ་ཆགས་ཀྱི་ཡོད་འདུག

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་ལིས་(LI shishi)ཀྱིས་བཙོན་པ་གང་ཞིག རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་ཚེ་གློག་གྲོལ་བྱ་རྒྱུ་མིན་པ་དང། དེའི་ཁོངས་སུ་མི་གསོད་མཁན། ལྐོག་ཟ་རུལ་སུངས་བྱེད་མཁན། རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བཀྲམ་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དོ་ཕོག་གཏོང་མཁན་སོགས་ལ། ཉེས་ཆད་གུ་ཡངས་ཀྱི་གོ་སྐབས་མེད་པར་འགྲེལ་བརྗོད་བྱས་འདུག
ཉེས་ཆད་གུ་ཡངས་ཀྱི་སྲིད་ཇུས་འོག་བཙོན་པ་སྡེ་ཚན་བཞི་ལ་བགོས་འདུག་པ། ༡) རྒྱ་ནག་དང་ཉི་ཧོང་གི་དམག་འཁྲུག་ལ་ཞུགས་མྱོང་མཁན། དེ་བཞིན་གུང་མིང་ཏང་དང་གུང་གྲན་ཏང་གི་དམག་འཁྲུག་ལ་ཞུགས་མྱོང་མཁན།
༢) ཕྱི་ལོ་༡༩༤༩ རྗེས་སུ་རྒྱལ་ཁབ་ཀྱི་བདག་དབང་དང་ཆིག་སྒྲིལ། བདེ་འཇགས་སོགས་ཀྱི་དོན་དུ་དམག་འཐབ་བྱེད་མྱོང་མཁན།
༣) རང་ལོ་༧༥ ཡན་ཆད་ཡིན་པའམ་རང་ཉིད་ཀྱི་གཟུགས་གཞི་བདེ་ཐང་མིན་པར་རང་ཁ་རང་གསོ་བྱེད་མི་ཐུབ་མཁན།
༤) ལོ་ངོ་༡༨ མ་སོན་པའི་སྔོན་ལ་ནག་ཉེས་བསགས་པ་དང་ཁྲིམས་ཆད་ལོ་ངོ་མང་ཤོས་༣ ཕོག་ཡོད་པ། ཡང་ན་ཁྲིམས་ཆད་ཀྱི་དུས་ཡུན་ལོ་གཅིག་ལས་ལྷག་མེད་པ་བཅས་ཡིན་འདུག དེ་ཡང་བཙོན་པ་དེ་ཉིད་ལ་ཕྱི་ལོ་༢༠༡༥ ཟླ་༡ ཚེས་༡ སྔོན་ལ་ཁྲིམས་ཆད་བཅད་པ་ཞིག་དགོས་པ་ཡང་གསལ་འདུག
རྒྱ་ནག་གི་བརྒྱུད་ལམ་ཁག་མང་པོ་ཞིག་གིས་གྲོས་འཆར་དེ་ལ་དགའ་བསུ་བྱེད་ཀྱི་ཡོད་ཀྱང། ཧོང་ཀོང་གི་ལྷོ་རྒྱ་ནག་ཞོགས་པའི་སྦྲགས་ཁང་(south China Morning Post) ཞེས་པའི་བརྒྱུད་ལམ་དུ་བཙོན་པ་ཞིག་གློད་གྲོལ་ཐོབ་པ་ལ་ཚད་བཀག་དང་སྡེ་ཚན་བགོས་པའི་རྐྱེན་གྱིས། སྙན་གྲགས་ཆེ་བའི་མང་གཙོ་དོན་གཉེར་བ་ལོའུ་ཞའོ་པོ་(Lui Xiaobo)ལ་སོགས་མང་པོ་ཞིག་གློད་གྲོལ་ཐོབ་མི་སྲིད་པ་དང། གྲོས་འཆར་དེ་ནི་ཕྱི་ངོས་སུ་གུ་ཡངས་ཀྱི་རྣམ་པ་ཡོད་ཀྱང། བཙོན་པ་ཁ་ཤས་ལ་མ་གཏོགས་བྱིངས་ལ་ཕན་ཐོགས་ཀྱི་མེད་པ་རེད་ཅེས་བཀོད་འདུག
སྐལ་བཟང་དོན་གྲུབ་ཀྱིས་སྒྱུར་སྒྲིག་བྱས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།