རྒྱ་ནག་གིས་ལི་ཐི་ནི་ཡར་ཡོད་པའི་གཞུང་ཚབ་ཁང་གི་ལས་དོན་མཚམས་འཇོག་བྱས་འདུག 

ཡུ་རོབ་ཤར་མའི་རྒྱལ་ཁབ་ཆུང་ཆུང་ལི་ཐི་ནི་ཡས་(Lithuania) ཐའེ་ཝན་དང་འབྲེལ་ལམ་ཟབ་ཏུ་བཏང་ནས་ཡུ་རོབ་གླིང་ཆེན་དུ་“ཐའེ་ཝན་”རང་གི་མིང་ཐོག་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁང་ཐོག་མ་དེ་གསར་འཛུགས་བྱེད་དུ་བཅུག་པར་བརྟེན། པེ་ཅིང་གཞུང་གིས་རྒྱལ་ཁབ་དེའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ལས་དོན་མཚམས་འཇོག་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་འདུག 

ཡུ་རོབ་ཤར་མའི་རྒྱལ་ཁབ་ཆུང་ཆུང་ལི་ཐི་ནི་ཡས་(Lithuania) ཐའེ་ཝན་དང་འབྲེལ་ལམ་ཟབ་ཏུ་བཏང་ནས་ཡུ་རོབ་གླིང་ཆེན་དུ་“ཐའེ་ཝན་”རང་གི་མིང་ཐོག་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁང་ཐོག་མ་དེ་གསར་འཛུགས་བྱེད་དུ་བཅུག་པར་བརྟེན། པེ་ཅིང་གཞུང་གིས་རྒྱལ་ཁབ་དེའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ལས་དོན་མཚམས་འཇོག་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་འདུག 

ཐའེ་ཝན་གསར་འགྱུར་ཁང་(Taiwan News) ནས་སྤེལ་བའི་གནས་ཚུལ་ལྟར་ན། ལི་ཐི་ནི་ཡའི་རྒྱལ་ས་ཝིལ་ནཱ་སི་(Vilnius) ལ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཁ་སང་རེས་གཟའ་ཕུར་བུའི་ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “གནད་དོན་དམིགས་བསལ་དག་ལ་བརྟེན་ནས་ཕྱི་ཟླ་༡༡ པའི་ཚེས་༢༥ ནས་གཞུང་ཚབ་ཁང་གི་ལས་དོན་གཉེར་མཚམས་འཇོག་གི་ཡིན་”ཞེས་བརྗོད་ཡོད་འདུག 

རྒྱ་ནག་གི་སྔ་ཕྱི་བར་གསུམ་གྱི་ངོ་རྒོལ་དང་འཇིགས་སྐུལ་ལ་མ་ལྟོས་པར། ལི་ཐི་ནི་ཡས་ཟླ་འདིའི་ཚེས་༡༨ ཉིན་རྒྱལ་ས་ཝིལ་ནཱ་སི་(Vilnius) རུ་“ཐའེ་ཝན་”གྱི་སྐུ་ཚབ་དོན་གཅོད་ཁང་ཞིག་དངོས་སུ་དབུ་འབྱེད་བྱེད་དུ་བཅུག་ཡོད་ཅིང་། དེ་ནི་ཡུ་རོབ་གླིང་ཆེན་དུ་ཐའེ་ཝན་རང་གི་མིང་ཐོག་ནས་བཙུགས་པའི་སྐུ་ཚབ་དོན་གཅོད་ཁང་ཆེས་དང་པོ་དེ་ཆགས་ཀྱི་ཡོད་འདུག  

རྒྱ་ནག་གི་གཞུང་འབྲེལ་དབྱིན་ཇིའི་གསར་ཁང་སྟེ། གོ་ལས་དུས་བབ་(Global Times) ཀྱིས་དེ་རིང་རེས་གཟའ་པ་སངས་ཉིན་<<རྒྱ་ནག་ཁོང་ཁྲོ་སློང་བྱེད་ཀྱི་ཐག་གཅོད་ངན་པར་བརྟེན་ནས་ལི་ཐི་ནི་ཡ་གྲོགས་མེད་ཁེར་རྐྱང་དུ་འགྱུར་ཆོག>> ཅེས་པའི་རྩོམ་ཡིག་སྤེལ་བའི་ནང་། ལི་ཐི་ནི་ཡའི་སྲིད་གཞུང་གིས་“རྒྱལ་སྤྱིའི་ངོས་འཛིན་ཡོད་པའི་རྒྱ་ནག་གཅིག་གི་སྲིད་བྱུས་”བསྐྱུར་ནས་རྒྱ་ནག་ལ་མི་དགའ་བའི་སྲིད་བྱུས་ཐལ་ཆ་ཅན་དེ་ལྟ་བུ་ལག་བསྟར་བྱས་པ་དེས། འཛམ་གླིང་གི་མིག་ལམ་དུ་ལི་ཐི་ནི་ཡ་“དཀའ་རྙོག་བཟོ་མཁན་”ཞིག་ལ་མངོན་དུ་བཅུག་སྟེ་“གྲོགས་མེད་ཁེར་རྐྱང་དུ་”འགྱུར་ཆོག་ཅེས་བྲིས་འདུག 

ཡིན་ན་ཡང་། ལི་ཐི་ནི་ཡ་ཆུང་རུང་ཞུམ་པ་མེད་པར་རྒྱ་ནག་གི་ཁ་གཏད་དུ་ལངས་ཏེ། ཐའེ་ཝན་དང་འབྲེལ་ལམ་ཟབ་ཏུ་བཏང་བ་དེས་ཡུ་རོབ་གླིང་ཆེན་ཙམ་མ་ཟད། འཛམ་གླིང་ཧྲིལ་པོ་ལ་རྒྱ་ནག་ལ་འབྲེལ་ལམ་འཛིན་ཕྱོགས་ཀྱི་ལམ་སྲོལ་གསར་པ་ཞིག་བསྟན་ཡོད་པས། མང་གཙོའི་རྒྱལ་ཁབ་ཚོའི་རྒྱ་ནག་དང་འབྲེལ་བའི་སྲིད་བྱུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་འདུག་པ་དང་། ལི་ཐི་ནི་ཡར་ཐའེ་ཝན་རང་གི་མིང་ཐོག་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་གསར་འཛུགས་བྱེད་དུ་བཅུག་པའི་ཐག་གཅོད་དེར་མང་གཙོའི་རྒྱལ་ཁབ་མང་པོའི་བསྔགས་བརྗོད་དང་རྒྱབ་སྐྱོར་འཐོབ་ཀྱི་ཡོད་འདུག་པས། “གྲོགས་མེད་ཁེར་རྐྱང་”འགྱུར་བཞིན་པ་དེ་ལི་ཐི་ནི་ཡ་མ་ཡིན་པར་རྒྱ་ནག་ཆགས་ཀྱི་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

     

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།