རྒྱ་ནག་གིས་ཨ་རིའི་གསར་ཁང་ཞིག་གི་གསར་འགོད་པ་གསུམ་ཕྱིར་འབུད་བཏང་འདུག 

ཨ་རིའི་གསར་ཁང་ཆེ་གྲས་ཤིག་གི་དྲ་ཐོག་ཏུ་སྤེལ་བའི་རྩོམ་ཡིག་གཅིག་གིས། རྒྱ་མི་རིགས་ལ་མཐོང་ཆུང་དང་། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ལ་འགོག་རྒོལ་བྱེད་བཞིན་པའི་འབད་བརྩོན་ལ་རྩིས་མེད་དང་སྐྱོན་བརྗོད་བྱས་པ་ཡིན་སྐོར་བརྗོད་ནས། རྒྱ་ནག་གཞུང་གིས་གསར་ཁང་དེའི་གསར་འགོད་པ་གསུམ་རྒྱ་ནག་ནས་ཕྱིར་ཐོན་དགོས་པའི་བཀའ་བཏང་འདུག 

ཨ་རིའི་གསར་ཁང་ཆེ་གྲས་ཤིག་གི་དྲ་ཐོག་ཏུ་སྤེལ་བའི་རྩོམ་ཡིག་གཅིག་གིས། རྒྱ་མི་རིགས་ལ་མཐོང་ཆུང་དང་། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ལ་འགོག་རྒོལ་བྱེད་བཞིན་པའི་འབད་བརྩོན་ལ་རྩིས་མེད་དང་སྐྱོན་བརྗོད་བྱས་པ་ཡིན་སྐོར་བརྗོད་ནས། རྒྱ་ནག་གཞུང་གིས་གསར་ཁང་དེའི་གསར་འགོད་པ་གསུམ་རྒྱ་ནག་ནས་ཕྱིར་ཐོན་དགོས་པའི་བཀའ་བཏང་འདུག 

ཟླ་༢ པའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༢ པའི་ཚེས་༣ ཉིན་ཨ་རིའི་གསར་ཁང་ཆེ་གྲས་(The wall street Journal) ཐོག་ཏུ། རྒྱ་ནག་ནི་ཨེ་ཤི་ཡའི་མི་ནད་པ་དངོས་གནས་དེ་རེད་ཅེས་པའི་ཁ་བྱང་ཐོག་རྩོམ་ཡིག་གཅིག་སྤེལ་ཡོད་པ་རེད། རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པས། གསར་ཁང་དེར་རྩོམ་ཡིག་དེ་འདྲ་སྤེལ་བར་དགོངས་སེལ་ཞུ་དགོས་སྐོར་ཐེངས་ཁ་ཤས་བརྗོད་ཀྱང་ཁས་ལེན་བྱས་མེད་པ་དང་། རྩོམ་ཡིག་དེས་རྒྱ་མི་རིགས་ལ་མཐོང་ཆུང་དང་། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ལ་འགོག་རྒོལ་བྱེད་བཞིན་པའི་འབད་བརྩོན་ལ་རྩིས་མེད་དང་སྐྱོན་བརྗོད་བྱས་ཡོད་པས། རྒྱ་ནག་མི་མང་གིས་མི་རིགས་ལ་མཐོང་ཆུང་དང་རྒྱ་ནག་ལ་ངན་སེམས་བཅང་ནས་སྐྱོན་བརྗོད་བྱེད་པའི་རྩོམ་ཡིག་སྤེལ་མཁན་གསར་ཁང་ལ་ངོས་ལེན་བྱེད་ཀྱི་མེད་པས། གསར་ཁང་དེའི་གསར་འགོད་པ་གསུམ་རྒྱ་ནག་ནས་ཕྱིར་ཐོན་དགོས་པའི་བརྡ་ལན་སྤྲད་སྐོར་བརྗོད་འདུག 

རྩོམ་ཡིག་འདི་འབྲི་མཁན་ནི་གསར་ཁང་དེའི་དྲ་ཐོག་ཏུ་འཆར་ཅན་རྒྱལ་སྤྱིའི་གནད་དོན་ཐོག་ཏུ་རྩོམ་ཡིག་སྤེལ་མཁན་སློབ་དཔོན་ཞིག་ཡིན་འདུག་པ་དང་། ཕྱིར་འབུད་གཏོང་རྒྱུའི་གསར་འགོད་པ་གསུམ་པོ་དང་དམིགས་བསལ་འབྲེལ་བ་མེད་འདུག གསར་འགོད་པ་གསུམ་པོར་ཉིན་ལྔའི་ནང་ཚུད་ནས་རྒྱ་ནག་ནས་ཐོན་དགོས་པའི་བརྡ་ལན་སྤྲད་འདུག་པ་དང་། ཁོ་ཚོ་གསུམ་ནས་གཉིས་ནི་ཨ་རིའི་མི་སེར་དང་། གཅིག་ཨོ་སི་ཀྲོ་ལི་ཡའི་མི་སེར་རེད་འདུག 

ཨ་རིའི་ཕྱི་འབྲེལ་དྲུང་ཆེ་མེག་པཱོམ་པེ་ཡིས་ཕྱིར་འབུད་ཀྱི་གནད་དོན་དེར་སྐྱོན་བརྗོད་བྱས་ཏེ། འགན་ཁུར་དང་བསམ་ཤེས་ཡོད་མཁན་གྱི་རྒྱལ་ཁབ་ཚོས། རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཚོས་དངོས་ཡོད་གནས་ཚུལ་སྤེལ་གྱི་ཡོད་པ་དང་དེ་བཞིན་བསམ་ཚུལ་རྩོམ་ཡིག་ཀྱང་སྤེལ་ཡོད་པས། དེར་རྒོལ་ལན་སློག་སྟངས་ཡང་དག་པ་ནི་དགག་སྒྲུབ་བྱེད་པ་དེ་ཡིན་པ་ལས་སྨྲ་བརྗོད་རང་དབང་བཀག་འགོག་བྱེད་མི་རུང་སྐོར་བརྗོད་འདུག 

དེ་བཞིན་གསར་ཁང་དེས་བསྒྲགས་གཏམ་ཞིག་སྤེལ་ནས། རྒྱ་ནག་གཞུང་གི་ཐག་གཅོད་དེར་བློ་ཕམ་ཆེན་པོ་ཡོད་པ་དང་གསར་ཁང་དེའི་གསར་འགྱུར་སྡེ་ཚན་དང་བསམ་ཚུལ་སྡེ་ཚན་གཉིས་བར་ཁྱད་པར་ཆེན་པོ་ཡོད་པ་དང་། དེ་ཡང་བསམ་ཚུལ་སྡེ་ཚན་གྱིས་མི་རྣམས་ཀྱིས་མོས་མཐུན་བྱེད་པ་དང་དགག་བྱ་གཉིས་ཀ་བྱེད་པའི་རྩོམ་ཡིག་སྤེལ་གྱི་ཡོད་ཁར། དེའི་ཀུན་སློང་ནི་མི་ལ་ཕོག་ཐུག་གཏོང་ཆེད་མིན་ཡང་། ཐེངས་འདིར་རྒྱ་ནག་མི་མང་ལ་ཕོག་ཐུག་བྱུང་ཡོད་པ་གསལ་པོ་རེད་འདུག་པས་བློ་འགྱོད་ཡོད་སྐོར་བརྗོད་འདུག 

རྩོམ་ཡིག་དེའི་ཁ་བྱང་དུ་ཨེ་ཤི་ཡའི་མི་ནད་པ་ཞེས་པ་དེ་ནི། དུས་རབས་༡༨ ཀྱི་མཇུག་དང་༡༩ ཡི་མགོ་སྟོད་དུ། རྒྱ་ནག་ནང་དུ་ནང་ཁུལ་འགལ་ཟླ་དང་རྒྱལ་སྤྱིའི་ནང་སྟོབས་ཤུགས་ཆུང་གྲས་ཡིན་པས། རྒྱ་ནག་ལ་མཐོང་ཆུང་གི་མིང་ཞིག་ཡིན་འདུག དེ་བཞིན་གསར་ཁང་དེའི་ལས་བྱེད་ཁག་ཅིག་གིས་རྩོམ་ཡིག་གི་ཁ་བྱང་དེ་ཕོག་ཐུག་འགྲོ་གཞི་ཡིན་པར་ངོས་འཛིན་གྱིས་འགྱུར་བཅོས་གཏོང་བའི་རེ་སྐུལ་ཡང་བྱས་ཡོད་འདུག 

རྒྱ་ནག་ཏུ་ཡོད་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གི་ཐག་གཅོད་དེ་ནི་ཐལ་དྲགས་པ་དང་། རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་གི་གསར་ཁང་ཚོར་སྡིགས་སྐུལ་བྱེད་པའི་ཐབས་ཤེས་ཤིག་ཡིན་པ་མངོན་གསལ་དོད་པོ་ཡིན་སྐོར་བརྗོད་འདུག 

ཕྱི་ལོ་༢༠༡༩ ལོར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་བཏོན་པའི་སྙན་ཐོའི་ནང་དུ། རྒྱལ་ཁབ་༡༨༠ ནས་གསར་འགོད་རང་དབང་ཐོག་རྒྱ་ནག་ཨང་༡༧༧ ཡིན་པ་རེད། ཕྱི་ལོ་༢༠༡༣ ལོ་ནས་ད་བར་ཕྱིའི་རྒྱལ་ཁབ་ཀྱི་གསར་འགོད་པ་༩ ལ་རྒྱ་ནག་གཞུང་གིས་ཐོངས་མཆན་དུས་འགྱངས་མ་བྱས་ནས་ཕྱིར་འབུད་བཏང་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།