རྒྱ་ནག་ཏུ་ཆུ་ལོག་གི་དཀའ་ངལ།

ཟླ་འདིའི་ཚེས་༢༡ ཉིན་ALJAZEERAཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ནང་དུ་ཆར་པ་ཤུགས་ཆེན་བབས་པར་བརྟེན་ནས་ཆུ་ལོག་དང་ས་རུད་པའི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་འདུག

ཟླ་འདིའི་ཚེས་༢༡ ཉིན་ALJAZEERAཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ནང་དུ་ཆར་པ་ཤུགས་ཆེན་བབས་པར་བརྟེན་ནས་ཆུ་ལོག་དང་ས་རུད་པའི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་འདུག

རྒྱ་ནག་གི་ནང་དུ་ཏོག་དབྱིབས་གཉན་རིམས་༡༩ པ་ཁྱབ་གདལ་འགྲོ་བཞིན་པ་དེ་བཀག་སྡོམ་བྱེད་རྒྱུའི་ཐོག་ལ་རྒྱ་ནག་གཞུང་དམངས་གཉིས་ཀར་དཀའ་ངལ་འཕྲད་བཞིན་པའི་ཐོག  ད་ལྟའི་ཆར་རྒྱ་ནག་མི་མང་འབུམ་བཞི་དང་ཁྲི་བརྒྱད་ལྷག་ལ་ཆུ་ལོག་དང་ས་རུད་པ་སོགས་ཀྱི་གནོད་ཚེ་ཕོག་ཡོད་པ་མ་ཟད། རང་བྱུང་གོད་ཆགས་དེ་དག་གི་རྐྱེན་པས་རྒྱ་ནག་གི་ནང་དུ་བཟའ་ཆས་དབོལ་འདྲེན་དང་ཅ་ལག་བཟོ་སྐྲུན་སོགས་ཀྱི་ཐོག་ལ་ཡང་དཀའ་ངལ་ཕྲད་དང་འཕྲད་བཞིན་པ་རེད་འདུག

རྒྱ་ནག་གི་ཀང་ཞི་Guangxi ཁུལ་དུ་རྒྱ་མི་འབུམ་གཅིག་དང་སྟོང་ཕྲག་བཞི་བཅུ་ཞེ་ལྔ་ལྷག་ས་གནས་གཞན་དང་གཞན་དུ་གནས་སྤོ་འགྲོ་དགོས་པ་བྱུང་ཡོད་པ་དང་ཁང་ཁྱིམ་ཁྲི་གཅིག་ལྷག་རྡིབ་ཡོད་པ་རེད་འདུག སྤྱི་ལོ་༢༠༠༥ ལོ་ནས་བཟུང་ས་ཁུལ་དེར་ཆུ་ལོག་གི་དཀའ་ངལ་མུ་མཐུད་ནས་ཕྲད་ཡོད་པ་རེད་འདུག

 རྒྱ་ནག་གི་གནམ་གཤིས་རིག་པའི་ལྟེ་གནས་ཁང་གིས་བརྗོད་གསལ་ལྟར་ན། རྒྱ་ནག་གི་ཀང་ཏུང་guangdong ཧྤུ་ཅན་Fujian ཀང་ཞི་guangxi བཅས་ཀྱི་ས་ཁུལ་ཁག་ཏུ་ལོ་འདིའི་སྤྱི་ཟླ་ལྔ་པ་དང་དྲུག་པའི་ཟླ་དཀྱིལ་བར་གྱི་ཆ་སྙོམས་ཆར་པ་འབབ་ཚད་ནི་འདས་པའི་ལོ་ངོ་༦༠ རིང་གི་ཆེས་མཐོ་ཤོས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

དབྱར་དུས་སུ་རྒྱ་ནག་གི་ཡུལ་དབུས་དང་ལྷོ་ཕྱོགས་ས་ཁུལ་ཁག་ཏུ་ལོ་ལྟར་ཆར་ཆུ་མོད་པའི་དཀའ་ངལ་འཕྲད་ཀྱི་ཡོད་འདུག་ལ། ཉེ་བའི་ལོ་རྒྱུས་ཀྱི་ཁྲོད་དུ་ཕྱི་མིག་ཅིག་བལྟས་ན། རྒྱ་ནག་ནང་གི་ཆུ་ལོག་གི་དཀའ་ངལ་ཆེ་ཤོས་དེ་སྤྱི་ལོ་༡༩༩༨ ལོར་ཕྲད་ཡོད་པ་དང་། སྐབས་དེའི་ཆུ་

ལོག་གི་ཁྲོད་དུ་མི་མང་ཉིས་སྟོང་ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད་ཁང་ཁྱིམ་ས་ཡ་གསུམ་ཙམ་གཏོར་བཤིག་བཏང་ཡོད་རབས་འདུག

 སྔ་ལོ་སྤྱི་ཟླ་བཅུ་པའི་ནང་དུ་ཡང་རྒྱ་ནག་གི་གྲོང་ཁྱེར་shanxi ནང་དུ་ཡང་ཆར་པ་ཕོན་ཆེན་བབས་པར་བརྟེན། སྡོད་གནས་ཁང་པ་ཁྲི་གཅིག་དང་བདུན་སྟོང་ལྷག་རྡིབ་ཡོད་པ་དང་རྒྱ་མི་འབུམ་གཅིག་དང་ཁྲི་གཉིས་ལྷག་ཙམ་གནས་སྤོ་བྱེད་དགོས་པའི་གནས་ཚུལ་ཐོོན་ཡོད་

ལ། དེ་བཞིན་རྒྱ་ནག་གི་ཧེ་ནན་ཁུལ་དུ་ཡང་ཆུ་ལོག་གི་དབང་གིས་མི་གྲངས་བཞི་བརྒྱ་མ་ཟིན་ཙམ་འདས་གྲོངས་སུ་ཕྱིན་ཡོད་པའི་ཐོག་ཨ་སྒོར་ཐེ་འབུམ་༡༠ ལྷག་གི་དཔལ་འབྱོར་གྱི་གྱོང་གུད་རག་ཡོད་པའི་གནས་ཚུལ་ཐོན་ཡོད།

 གསར་འགོད་པ་བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།