རྒྱ་ནག་དང་ཉི་ཧོང་གཉིས་ཀྱིས་ལོ་རྒྱུས་ལ་འགྲེལ་བརྗོད་སོ་སོར་བྱས།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་བགྲོ་གླེང་ཚོགས་འདུའི་སྟེང་། རྒྱ་ནག་དང་ཉི་ཧོང་གཉིས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་ལོ་རྒྱུས་གནད་དོན་ལ་འགྲེལ་བརྗོད་མ་འདྲ་བ་བྱས་འདུག

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་བགྲོ་གླེང་ཚོགས་འདུའི་སྟེང་། རྒྱ་ནག་དང་ཉི་ཧོང་གཉིས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་ལོ་རྒྱུས་གནད་དོན་ལ་འགྲེལ་བརྗོད་མ་འདྲ་བ་བྱས་འདུག

རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་འདུ་དེ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཡིས་གཙོ་སྐྱོང་བྱས་པ་དང་། ཝང་དབྱི་ཡིས་ཚོགས་འདུའི་ཐོག སྤྱིར་དམག་ཆེན་གཉིས་པའི་དངོས་ཡོད་ལོ་རྒྱུས་ལ་སྔར་ནས་ཐུན་མོང་གི་ལྟ་སྟངས་ཤིག་ཡོད་ཀྱང་། མི་ཁ་ཤས་ཀྱིས་དེར་ཁས་ལེན་བྱ་འདོད་མེད་པ་མ་ཟད། ད་དུང་ཐ་ན་རྒྱལ་ཁབ་འགས་བཙན་འཛུལ་གྱི་ནག་ཉེས་ལས་གཡོལ་ཐབས་བྱེད་བཞིན་ཡོད་ཟེར།

150224024500_wang_yi_in_un_624x351_reutersབགྲོ་གླེང་ཚོགས་འདུའི་སྟེང་མཉམ་ཞུགས་བྱས་པའི་ཉི་ཧོང་ཕྱོགས་ཀྱི་སྐུ་ཚབ་ཡཱོ་ཤི་ཁཱ་བ་ཡིས་གཏམ་བཤད་སྐབས་བརྗོད་དོན། ཉི་ཧོང་གིས་དམག་ཆེན་གཉིས་པའི་རྗེས་སུ་རང་སྟེང་ལ་དཔྱད་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་འོག མཐའ་གཅིག་ཏུ་རང་དབང་མང་གཙོའི་ལམ་ལུགས་ལ་བརྩི་བཀུར་དང་། ཁྲིམས་ལྟར་སྲིད་སྐྱོང་། འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་འཛམ་གླིང་ཞི་བདེ་དང་བདེ་འཇགས་ཐད་བྱས་རྗེས་བཞག་སྟེ། ཞི་བདེ་ལ་དགའ་བའི་རྒྱལ་ཁབ་ཅིག་གི་ལམ་བུའི་ཐོག་བསྐྱོད་བཞིན་ཡོད།

ཟླ་འདིའི་ཕྱི་ཚེས་༢༤ རེས་གཟའ་ཟླ་བའི་ཉིན་འཚོགས་པའི་བགྲོ་གླེང་ཚོགས་འདུ་དེ་ནི། ཟླ་འདིའི་ནང་རེས་མོས་བཞིན་རྒྱ་ནག་གིས་གཙོ་སྐྱོང་བྱས་པའི་བགྲོ་གླེང་ཚོགས་འདུ་ཐོག་མ་དེ་ཡིན་ཞིང་། རྒྱ་ནག་ཕྱོགས་ནས་བརྗོད་པ་ལྟར་ན། ཚོགས་འདུའི་བརྗོད་གཞི་དེ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྐོར་ཡིན་པ་དང་། དམིགས་ཡུལ་ནི་རྒྱལ་ཁབ་སོ་སོས་ལྷན་དུ་འདས་པའི་ལོ་རྒྱུས་ལ་དཔེ་ལོང་སྟེ། མ་འོངས་པའི་མདུན་ལམ་འདིང་དགོས་ཀྱི་ཡོད་པ་རེད།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཡིས་ཉི་ཧོང་གི་མིང་དངོས་སུ་བོས་ཏེ་བཤད་མེད་ན་ཡང་། རྗེས་སུ་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། རྒྱ་ནག་ནི་ཁོག་རྒྱ་ཆེ་བ་དང་དམིགས་འབེན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ལ། སུ་ཞིག་ལ་ཆེད་དུ་དམིགས་ཏེ་བཤད་མི་འོས་པ་ཞིག་ཀྱང་མ་རེད། དེ་ལྟར་ནའང་ང་ཚོས་མི་དེ་དག་ལ་ཉེས་ཆད་ཕོག་པའི་རེ་བ་བྱེད་ཀྱི་མེད་ཅེས་བརྗོད་འདུག ཉི་ཧོང་གི་གསར་ལམ་ཁག་ཏུ་ཐོན་པ་ལྟར་ན། ཉི་ཧོང་གི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཡཱོ་ཤི་ཁཱ་བ་ཡིས་གཏམ་བཤད་སྐབས་ཝང་དབྱི་ཚོགས་ཐོག་ནས་ཐོན་ཟིན་པ་རེད་འདུག

ད་ལོ་ནི་རྒྱ་ནག་གིས་བརྗོད་བཞིན་པའི་ཧྥ་ཤིའི་རིང་ལུགས་ལ་ངོ་རྒོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་སྟེ་ལོ་༧༠ དང་། འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་སྟེ་མི་ལོ་༧༠ དུས་མཉམ་དུ་འཁོར་བའི་ལོ་ཡིན་པ་མ་ཟད། ཉེ་བའི་ཆར་ཉི་ཧོང་གི་སྲིད་བློན་ཨ་བྷི་ཡིས་རྩ་ཁྲིམས་བསྐྱར་བཅོས་ཀྱི་ལམ་ནས་རང་སྲུང་དཔུང་དམག་རྒྱ་སྐྱེད་བྱས་པ་སོགས་ལ་བརྟེན་ནས། རྒྱ་ནག་དང་ཉི་ཧོང་ཕྱོགས་གཉིས་ཀྱི་ལོ་རྒྱུས་འགྲེལ་བརྗོད་ཀྱི་འགལ་ཟླ་ལ་འཛམ་གླིང་ཐོག་དོ་སྣང་གསར་པ་ཞིག་སླེབས་བཞིན་འདུག།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།