རྒྱ་ནག་དབུས་དམག་གི་གཙོ་འཛིན་གཞོན་པ་ཟུར་པའི་བུ་ལ་ཞིབ་བཤེར།

ཉེ་ཆར་རྒྱ་ནག་གཞུང་གིས་དམག་སྤྱི་རིམ་པ་ཡན་གྱི་དམག་དཔོན་༡༤ ལ་ཁྲིམས་འགལ་གྱི་ནག་ཉེས་དང་འབྲེལ་བའི་ཉེས་འཛུགས་འོག་ཞིབ་བཤེར་བྱེད་བཞིན་པའི་ཁྲོད། རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཟུར་པ་གོ་པུང་ཞང་གི་བུ་དང་།

ཉེ་ཆར་རྒྱ་ནག་གཞུང་གིས་དམག་སྤྱི་རིམ་པ་ཡན་གྱི་དམག་དཔོན་༡༤ ལ་ཁྲིམས་འགལ་གྱི་ནག་ཉེས་དང་འབྲེལ་བའི་ཉེས་འཛུགས་འོག་ཞིབ་བཤེར་བྱེད་བཞིན་པའི་ཁྲོད། རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཟུར་པ་གོ་པུང་ཞང་གི་བུ་དང་། ད་ལྟ་ཀྲི་ཅང་ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་སློབ་སྟོན་པ་གཞོན་པའི་འགན་ཁུར་ཡོད་པའི་གོ་ཀྲན་གཱང་ཚུད་ཡོད་པ་རེད།

934abdf0d7f20e68d81dedf0c9376696_wཟླ་འདིའི་ཕྱི་ཚེས་༢ རེས་གཟའ་ཟླ་བའི་ཉིན་རྒྱ་ནག་དམག་གི་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་ནང་། ཀྲི་ཅང་ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་སློབ་སྟོན་པ་གཞོན་པ་གོ་ཀྲན་གཱང་ཁྲིམས་འགལ་གྱི་ནག་ཉེས་དང་འབྲེལ་བའི་དོགས་གཞིའི་འོག ཕྱི་ལོ་༢༠༡༥ ལོའི་ཟླ་༢ པའི་ནང་དམག་དོན་ཞིབ་དཔྱོད་ཚན་པས་རྟོག་ཞིབ་བྱས་པ་བརྒྱུད། ད་ལྟ་དངོས་སུ་ཞིབ་བཤེར་བྱེད་བཞིན་ཡོད་ཅེས་བཀོད་འདུག རྒྱ་ནག་གཞུང་གི་སྔར་སྲོལ་ལྟར་ན། འབྲེལ་ཡོད་དམག་དཔོན་ལ་དམག་དོན་ཞིབ་དཔྱོད་ཚན་པས་ཉེས་འཛུགས་མ་བྱས་པའི་སྔོན། དམག་ཕྱོགས་ཀྱི་སྒྲིག་བཤེར་ཚན་པས་ངེས་པར་དུ་བརྟག་དཔྱད་དང་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་ཅིང་། ཕྱོགས་གཞན་ཞིག་ནས་བཤད་ན། སྟག་རྒན་(དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཟུར་པ་) གོ་པུང་ཞང་ལ་དེའི་སྔོན་དུ་བརྟག་ཞིབ་བྱས་ཟིན་སྲིད་ཀྱང་། རྒྱ་ནག་དམག་གི་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་ནང་དེའི་སྐོར་གང་ཡང་བཀོད་མི་འདུག

འདི་ལོའི་ཕྱི་ཟླ་༡ པོའི་ནང་རང་ལོ་༤༥ ཡི་སྐྱེས་སྐར་སླེབས་མ་ཐག་པའི་གོ་ཀྲན་གཱང་ཕྱི་ཟླ་༡ པོའི་ནང་དམག་སྤྱི་རིམ་པའི་གོ་གནས་ཐོབ་སྟེ་ཟླ་གཅིག་ལྷག་ལས་ཕྱིན་མེད་པ་དང་། ཁོང་ཕྱི་ལོ་༡༩༨༩ ལོའི་ཟླ་༣ པའི་ནང་ལས་ཀར་ཞུགས་རྗེས། སྔ་རྗེས་སུ་ཀྲི་ཅང་ཞིང་ཆེན་ཏེ་ཧྲན་ཉེན་རྟོག་གྲ་སྒྲིག་ཁུལ་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་། ཀྲི་ཅང་ཞིང་ཆེན་དམག་ཁུལ་ཆབ་སྲིད་སྡེ་ཚན་གྱི་འགན་འཛིན་གཞོན་པ་དང་འགན་འཛིན། ཀྲི་ཅང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སོགས་ཀྱི་འགན་ཁུར་མྱོང་ཡོད་པ་རེད།

སྤྱིར་ལོ་སྔོན་མ་ནས་བཟུང་གོ་ཀྲན་གཱང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ལ་བརྟེན་ནས་ཞིབ་བཤེར་བྱེད་བཞིན་པའི་དཀྲོག་གཏམ་རྒྱུན་མ་ཆད་པར་ཁྱབ་པ་དང་། འདས་ལོའི་ཕྱི་ཟླ་༧ པའི་ཚེས་༡༠ ཉིན་ཧོང་ཀོང་གི་བརྒྱུད་ལམ་ཞིག་གི་ནང་། གོ་ཀྲན་གཱང་བཟའ་མི་གཉིས་འབྲེལ་ཡོད་གནད་དོན་ལ་བརྟེན་ནས་མི་དམངས་བཅིངས་གྲོལ་དམག་སྒྲིག་བཤེར་ལྷན་ཁང་གིས་བྱེད་བཞིན་པའི་གནས་ཚུལ་སྤེལ་ཡོད་ཀྱང་། རྗེས་སུ་གོ་ཀྲན་གཱང་ལ་དམག་སྤྱི་རིམ་པའི་གོ་གནས་ཐོབ་སྟེ་ཡོངས་གྲགས་ཀྱི་སྡིངས་ཆའི་སྟེང་སླེབས་པར་བརྟེན། ཁོང་དང་འབྲེལ་བའི་དཀྲོག་གཏམ་རིམ་བཞིན་མེད་པར་གྱུར་ཡོད། ཡིན་ནའང་ཕྱི་ཟླ་༣ པའི་ཚེས་༢ ཉིན་<<ལྷོ་རྒྱ་ནག་ཞོགས་ཚགས་>> སྟེང་། བསྐྱར་དུ་གོ་ཀྲན་གཱང་གཙོས་པའི་རྒྱ་ནག་གི་མཐོ་རིམ་དམག་དཔོན་༡༦ ལ་ཞིབ་བཤེར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་པ་དང་། གསར་འགྱུར་དེ་སྤེལ་ནས་ཆུ་ཚོད་ཁ་ཤས་ལས་མ་སོང་བའི་རྗེས་རྒྱ་ནག་གཞུང་འབྲེལ་དམག་གི་དྲ་བའི་ཐོག་ཏུའང་དེའི་སྐོར་གྱི་གནས་ཚུལ་སྤེལ་ཏེ། ཧོང་ཀོང་གི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་བདེན་དཔང་བྱས་ཡོད།

དེ་དང་དུས་མཚུངས་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཟུར་པ་ཞུ་ཚའེ་ཧུའུ་ལ་གནད་དོན་ལྷག་སྟེ་ཞིབ་བཤེར་བྱས་པའི་རྗེས། གོ་ཀྲན་གཱང་གི་ཕ་རྒན་གོ་པུང་ཞང་ནི་དམག་ཕྱོགས་ནས་ཞིབ་བཤེར་བྱ་རྒྱུའི་སྟག་རྒན་གཞན་ཞིག་ཡིན་སྐོར་གྱི་དཀྲོག་གཏམ་རྒྱུན་མ་ཆད་པར་ཁྱབ་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་༢ པའི་ཚེས་༡༦ ཉིན། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཉེ་ཆར་ཞི་ཅིན་ཕིང་གཙོས་པའི་འགོ་ཁྲིད་རྣམས་བགྲེས་ཡོལ་དུ་སོང་ཟིན་པའི་ཏང་ཡོན་ལས་བྱེད་རྒན་པ་རྣམས་ལ་ལྟ་སྐོར་དུ་སོང་ཡོད་ཅིང་། དེའི་ཁྲོད་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཟུར་པ་གོ་པུང་ཞང་ཡང་ཚུད་ཡོད་པ་རེད།

ད་ལོར་རང་ལོ་༧༣ ཡིན་པའི་གོ་པུང་ཞང་ཕྱི་ལོ་༢༠༡༣ ལོའི་ཕྱི་ཟླ་༡༡ པར་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཐོག དབུས་ཆབ་སྲིད་སྡེ་ཚན་གྱི་ཚོགས་མི་དང་དབུས་དམག་དོན་ལྷན་ཁང་གི་འགོ་གཙོ་གཞོན་པ་བཅས་ཀྱི་གོ་གནས་ལས་ལས་འཁྱུར་ངལ་གསོ་བྱས་ཡོད།

རྒྱ་ནག་དམག་གི་དྲ་བའི་ཐོག་ཁྱབ་བསྒྲགས་བྱས་པའི་དམག་དཔོན་༡༤ ཡི་མིང་ཐོ་ནང་གོ་ཀྲན་གཱང་ཕུད། ད་དུང་རྒྱ་ནག་དམག་ཁུལ་འདྲ་མིན་གྱི་དམག་སྤྱི་རིམ་པའི་གོ་གནས་ཡོད་པའི་དམག་དཔོན་གཞན་༡༣ ཡོད་ཅིང་། དེ་ནི་ཟླ་བ་གཉིས་མ་ཟིན་པའི་ནང་རྒྱ་ནག་དམག་ཕྱོགས་ནས་ཡོངས་གྲགས་ཐོག་ཕྱིར་ཁྱབ་བསྒྲགས་བྱས་པའི་དམག་དཔོན་ཞིབ་བཤེར་གྱི་མིང་ཐོ་ཐེངས་གཉིས་པ་ཡིན་པ་དང་། ད་ལོའི་ཕྱི་ཟླ་༡ པའི་ཚེས་༡༥ ཉིན་རྒྱ་ནག་དམག་ཕྱོགས་ནས་དམག་སྤྱི་རིམ་པ་ཡན་གྱི་གོ་གནས་ཡོད་པའི་དམག་དཔོན་༡༦ ཚབས་ཆེའི་རུལ་སུངས་དང་འབྲེལ་བའི་གནས་ཚུལ་སྤེལ་ཡོད་པ་མ་ཟད། སྐབས་དེར་ཕྱིར་བསྒྲགས་བྱས་པའི་མི་༡༦ གི་མིང་ཐོའི་ནང་། མང་ཆེ་བའི་གནད་དོན་ཡོངས་གྲགས་ཐོག་གནས་ཚུལ་ཕྱིར་ཁྱབ་སྤེལ་བྱས་ཡོད་པ་རེད།།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།