རྒྱ་ནག་དམར་ཤོག་གི་ཡུན་ཚད་ལས་ངོས་ཀྱི་མི་ཚེ་རིང་བ་ཞིག་ཡོང་རྒྱུ་རེད།
ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་བྷན་དཱ་རུ་དཌ་ད་ཏྲི་ཡ་(Shri Bandaru Dattatreya)༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཤིང་། ཁོང་རྣམ་གཉིས་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་ཡིས་མཚོན་པའི་གནད་དོན་སྐོར་ལ་བཀའ་མོལ་གནང་སྐབས། ༧གོང་ས་མཆོག་གིས་སྐབས་རེར་“རྒྱ་ནག་དམར་ཤོག་གི་ཡུན་ཚད་ལས་”མགོན་པོ་གང་ཉིད་ཀྱི་སྐུ་ཚེ་རིང་བ་ཡོང་རྒྱུ་རེད་དགོངས་ཀྱི་ཡོད་སྐོར་གསུངས་འདུག

དེ་ཡང་ཟླ་འདིའི་ཚེས་༡༨ ཀྱི་ཞོགས་པར་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་བྷན་དཱ་རུ་དཌ་ད་ཏྲི་ཡ་(Shri Bandaru Dattatreya) དྷ་སའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ནས་ཁོང་རྣམ་པ་གཉིས་གསུང་གླིང་མཛད་སྐབས། ༸གོང་ས་མཆོག་གིས་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་བཞིའི་ཐོག་ཐུགས་བརྩོན་ཇི་ལྟར་མཛད་བཞིན་པ་ངོ་སྤྲོད་མཛད་པ་མ་ཟད། ལྷག་པར་དུ་ཐུགས་བསྐྱེད་དམ་བཅའ་བཞི་པ་སྟེ། རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་། ཞི་ལྷག་སོགས་ཀྱི་བློའི་རྣམ་གཞག་དང་བྱེད་ལས་སྐོར་དེང་སྐབས་དུས་རབས་༢༡ ནང་དུའང་ཚན་རིག་པས་ཀྱང་དོ་སྣང་ཧ་ཅང་བྱེད་བཞིན་པ་དང་། རིག་གནས་དེ་དག་གིས་མིའི་བསམ་བློར་ཞི་བདེ་སྐྲུན་རྒྱུར་ཕན་རླབས་ཧ་ཅང་ཡོད་སྟབས། མགོན་པོ་གང་ཉིད་ཀྱིས་དེང་སྐབས་རིག་གནས་དེ་དག་རྒྱ་གར་ནང་སླར་གསོ་ཡོང་ཐབས་མཛད་བཞིན་པའི་སྐོར་བཀའ་སློབ་བསྩལ་ཡོད་འདུག
གཞན་ཡང་རྒྱ་ནག་གི་གནས་སྟངས་ཐད་ལ། མགོན་པོ་གང་ཉིད་ཀྱིས་དེང་སྐབས་རྒྱ་ནག་ནང་འགྱུར་བ་ཧ་ཅང་འགྲོ་བཞིན་ཡོད་པ་དང་། ལྷག་པར་རྒྱ་རིགས་ནང་པའི་གྲངས་འབོར་ལ་མཚོན་ན། རྒྱ་ནག་གི་ཉམས་ཞིབ་པ་ཁག་གཅིག་གིས་དེང་སྐབས་རྒྱ་ནག་ནང་དུ་རྒྱ་རིགས་ནང་པ་ས་ཡ་བཞི་བརྒྱ་ཙམ་ཡོད་སྐོར་སྨྲ་བ་དང། དེ་བཞིན་ཁོང་གིས་སྐབས་རེ་རྒྱ་ནག་དམར་ཤོག་གི་ཚེ་ཚད་ལས་ཁོང་གི་སྐུ་ཚེ་རིང་བར་བཞུགས་ཐུབ་རྒྱུའི་ཐུགས་རེ་ཡོད་པ་མ་ཟད། རྒྱ་ནག་ནང་འགྱུར་བ་ཏན་ཏན་ཡོང་རྒྱུ་ཡིན་པའི་ཐུགས་སྤོབས་བརྒྱ་ཆ་བརྒྱ་ནས་བརྒྱ་ཡོད་སྐོར་གྱི་བཀའ་སློབ་བསྩལ་ཡོད་འདུག
དེ་མིན་ད་དུང་ཁོང་གིས་རྒྱ་གར་ནི་བོད་མི་བཙན་བྱོལ་བ་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་སྟབས། རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།