རྒྱ་ནག་ནང་རྫས་འགྱུར་བཟོ་གྲྭར་འབར་གས་ཀྱི་དོན་རྐྱེན་བྱུང་བ།

ཐེངས་འདིའི་རྒྱ་ནག་ཤར་ཕྱོགས་ཅང་སུའུ་ཞིང་ཆེན་ཡོན་ཁྲེན་(Yancheng) གྲོང་ཁྱེར་ནང་གཏན་འཛུགས་རྫས་འགྱུར་བཟོ་གྲྭར་འབར་གས་གྱི་རྐྱེན་ངན་བྱུང་བ་དེ་ནི་ཉེ་བའི་ལོ་ཤས་ནང་ཚབས་ཆེ་ཤོས་དེ་ཆགས་འདུག

ཐེངས་འདིའི་རྒྱ་ནག་ཤར་ཕྱོགས་ཅང་སུའུ་ཞིང་ཆེན་ཡོན་ཁྲེན་(Yancheng) གྲོང་ཁྱེར་ནང་གཏན་འཛུགས་རྫས་འགྱུར་བཟོ་གྲྭར་འབར་གས་གྱི་རྐྱེན་ངན་བྱུང་བ་དེ་ནི་ཉེ་བའི་ལོ་ཤས་ནང་ཚབས་ཆེ་ཤོས་དེ་ཆགས་འདུག

ཕྱི་ལོ་༢༠༡༩ ཟླ་བ་༣ ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གནས་ཚུལ་སྤེལ་གསལ། ཁ་སང་རེས་གཟའ་ཕུར་བུ་ཉིན་གྱི་པེ་ཅིན་གྱི་ཆུ་ཚོད་༢:༥༠ ཐོག་རྒྱ་ནག་གི་ཤར་ཕྱོགས་ས་ཁུལ་ཡོན་ཁྲེན་གྲོང་ཁྱེར་ནང་གཏན་འཛུགས་ཁེ་ལས་རྫས་འགྱུར་བཟོ་གྲྭ་ཞིག་ལ་འབར་ཐོར་རྐྱེན་ཆག་བྱུང་བར་བརྟེན། ད་བར་མི་༤༧ ཙམ་རྐྱེན་འདས་སུ་གྱུར་པ་དང་། ཁྱོན་བསྡོམས་མི་གྲངས་༦༤༠ སྨན་ཁང་ལ་བསྐྱལ་ཡོད་པའི་ཁྲོད་ནས་མི་༩༠ ཙམ་ལ་རྨས་སྐྱེན་ཚབས་ཆེན་ཕོག་པས་ཚེ་སྲོག་ཤོར་གྲངས་འཕར་བཞིན་ཡོད་པ་དང་། དེའི་བྱུང་རྐྱེན་སྐོར་ལ་གསལ་པོ་མ་བྱུང་བས་ཤེས་རྟོག་ཡོང་སླད་ཞིབ་ཤེར་བྱེད་བཞིན་ཡོད་པ་སོགས་ཀྱང་ཤིན་ཧྭ་གསར་ཁང་ནས་བརྗོད་འདུག

ས་གནས་བརྒྱུད་ལམ་ཁག་གི་གནས་ཚུལ་སྤེལ་གསལ།            སྤྱིར་དོན་རྐྱེན་བྱུང་མ་ཐག་ཏུ་མེ་གསོད་རུ་ཁག་བཏང་ཡོད་ཀྱང་མེ་རྐྱོན་ཤུགས་རྐྱེན་གྱིས་དེ་རིང་ཞོགས་པ་པེ་ཅིན་གྱི་ཆུ་ཚོད་༣:00 པ་ཙམ་ལ་གཞི་ནས་གསོད་ཐུབ་འདུག

འབར་གས་ཤུགས་རྐྱེན་ཤིན་ཏུ་ཆེ་བས་གནས་ཚུལ་ལྷག་ས་ཙམ་མ་ཟད། དེའི་གཡས་གཡོན་གྱི་ཁང་རྩེག་དང་བཟོ་གྲྭ་ལ་སོགས་ཁང་པ་མང་པོ་འཐོར་ཞིག་ཕྱིན་ཡོད་པ་དང་། རྫས་འགྱུར་འབར་ཐོར་བྱུང་བས་གནོད་སྐྱོན་ས་ཁུལ་དག་ཀྱང་དུད་སྨུག་གིས་འཐུམ་ཡོད་འདུག

རྒྱ་ནག་ནང་རྫས་རིག་བཟོ་གྲྭ་འབར་གས་བྱུང་བ་དེ་ནི་ད་ལྟ་ཐེངས་དང་པོ་མིན་པ་དང་། ཉེ་བའི་ལོ་གཅིག་སྔོན་ནམ་ཕྱི་ལོ་༢༠༡༨ སྤྱི་ཟླ་༡༡ པའི་ནང་རྒྱ་ནག་བྱང་ཕྱོགས་ཀྲང་ཅཱ་ཁོ་(Zhangjiakou) ཞེས་པའི་གྲོང་ཁྱེར་ནང་རྫས་རིག་བླུགས་པའི་རླངས་འཁོར་ཞིག་འབར་ཐོར་གྱི་དོན་རྐྱེན་བྱུང་ནས་མི་འབོར་༢༢ ཙམ་འདས་གྲོངས་སུ་གྱུར་བ་དང་༢༢ ཙམ་ལ་རྨས་རྐྱོན་ཕོག་པ། ཡང་ལོ་དེ་ག་རང་གི་ཟླ་བ་༧ པར་རྒྱ་ནག་ལྷོ་ནུབ་སི་ཁྲན་(Sichuan) ནང་འབར་གས་བྱུང་བས་མི་༡༣ རྐྱེན་ལམ་དུ་གྱུར་ཡོད་པ་རེད།

དེ་དང་ཕྱོགས་མཚུངས་རྒྱ་ནག་ནང་འབར་གས་དོན་རྐྱེན་ཚབས་ཆེ་ཤོས་ནི་ཕྱི་ལོ་༢༠༡༥ ཟླ་བ་༨ པའི་ནང་ཐིན་ཅིན་(Tianjin) གྲོང་ཁྱེར་ནང་གནས་ཚུལ་ལྷག་པར་བརྟེན། མི་༡༦༠ རྐྱེན་འདས་སུ་གྱུར་བ་དང་། ཉུང་མཐར་མི་གྲངས་༡༠༠༠ རྨས་རྐྱེན་ཕོག་པ་བཅས་རྒྱ་ནག་ནང་གནས་དོན་དེའི་རིགས་རབ་དང་རིམ་པ་བྱུང་བས་རྒྱ་ནག་གཞུང་གིས་དེའི་ཐོག་བཀག་འགོག་བྱས་ཡོད་ཀྱང་། ཁེ་ལས་རྫས་འགྱུར་བཟོ་གྲྭ་ཉར་ཚགས་བྱེད་ཕྱོགས་ཐད་མཚམས་འཇོག་ད་དུང་བྱས་མེད་པས་མི་མང་གི་སེམས་འཚབ་དང་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག །

གསར་འགོད་སྦྱོང་བརྡར་བ་ལྷ་མོས་བསྒྱུར་སྒྲིག་བྱས།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།