རྒྱ་ནག་ནང་སྐུ་གཤེགས་དཔའ་བོ་ལ་མྱ་ངན་ཞུ་བཞིན་འདུག

ཟླ་འདིའི་ཚེས་༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་མི་མང་པོས་རྒྱ་ནག་གི་སྐུ་གཤེགས་དཔའ་བོའི་དྲྭ་ངོས་སུ་སེམས་ཀྱི་སྐད་ཆ་མང་པོ་ཞིག་སྤེལ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་མི་མང་པོས་རྒྱ་ནག་གི་སྐུ་གཤེགས་དཔའ་བོའི་དྲྭ་ངོས་སུ་སེམས་ཀྱི་སྐད་ཆ་མང་པོ་ཞིག་སྤེལ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག  རྒྱ་ནག་གི་ནང་དུ་བདུན་ཕྲག་གཅིག་ཙམ་གྱི་རིང་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་དང་ཞི་ཅིང་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས། རྒྱ་ནག་གཞུང་གིས་ས་ཁུལ་མང་པོའི་ནང་བཀག་སྡོམ་དང་དྭམ་དྲག་བྱེད་རྒྱུ་ཆུང་དུ་གཏོང་བཞིན་ཡོད་པའི་སྐབས་དེར། རྒྱ་ནག་ཏུ་ཡོད་པའི་མི་མང་པོས་སྐུ་གཤེགས་དཔའ་བོ་སྨན་པ་ལྰི་ཡི་དྲྭ་ངོས་སུ་སེམས་ཀྱི་སྐད་ཆ་མང་པོ་བྲིས་ནས་སྤེལ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

སྨན་པ་ལྰི་ནི་ལོ་༣༣ ལ་བསླེབས་པའི་མིག་ནད་ཚན་ཁག་གི་སྨན་པ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༩ ལོར་རྒྱ་ནག་ཝུ་ཧན་ལ་ཏོག་དབྱིབས་གཉན་རིམས་ཐོག་མ་ཁྱབ་པའི་སྐབས་སུ་མི་མང་ལ་ནད་ཡམས་ཡོད་པའི་ཉེན་བརྡ་གཏོང་མཁན་དང་པོ་དེ་ཡིན་འདུག  རྒྱ་ནག་གཞུང་གིས་ཁོང་གིས་རྫུན་གཏམ་སྤེལ་བའི་ཉེས་འཛུགས་ཀྱིས་ཆད་པ་བཅད་ཡོད་པ་དང་། རྗེས་སུ་ཁོང་གིས་ནད་པ་མང་པོ་ལ་སྨན་བཅོས་བྱས་ནས་རང་ཉིད་ལ་ཏོག་དབྱིབས་གཉན་རིམས་འགོས་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག་ལ། ཁོང་གྲོངས་པ་ལ་མི་མང་གིས་སེམས་སྡུག་དང་ཁོང་ཁྲོ་ཆེན་མོ་བྱས་ཡོད་འདུག

བདུན་ཕྲག་སྔོན་མའི་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ཕྲན་བུ་ལྷོད་དུ་གཏོང་རྒྱུའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། དུས་དེ་ནས་བཟུང་ངལ་དུབ་ཀྱིས་མནར་བའི་རྒྱ་མི་ཚོས་སྨན་པ་ལྰི་ཡི་དྲྭ་ངོས་(Page) སུ་མྱ་ངན་དང་སེམས་གསོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག  རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏུང་(Guangdong) ནས་ཡུན་ནན་དང་། དེ་ནས་ནུབ་ཕྱོགས་སུ་ཡོད་པའི་སི་ཁྲོན་བར་གྱི་མི་རྣམས་ཀྱིས་སེམས་གསོ་དང་རེ་བ། སེམས་སྡུག་དང་ཕམ་སེམས་སོགས་ཀྱི་ཡི་གེ་སྣ་ཚོགས་བྲིས་ནས་སྨན་པ་ལྰི་ཡི་དྲྭ་ངོས་སུ་སྤེལ་བཞིན་ཡོད་འདུག  མི་ཞིག་གིས་”ང་ད་ལྟ་མེ་འཁོར་ནང་ལ་ཡོད། ངས་གློ་བུར་དུ་ཁྱེད་ཉིད་དྲན་ནས་མིག་ཆུ་དབང་མེད་དུ་ཤོར་སོང་། སྨན་པ་ལྰི་ལགས། གནས་དོན་དེ་མཇུག་བསྒྲིལ་སོང་། ད་ལྟ་ནམ་ལངས་སོང་། བཀའ་དྲིན་ཆེ་ཞེས་བྲིས་ཡོད་པ་དང་།  ཡང་སློབ་ཆེན་སློབ་མ་ཞིག་གིས་ངའི་ལང་ཚོ་དར་ལ་བབས་པའི་མཐོ་རིམ་སློབ་གྲྭའི་དུས་ཚོད་ནི་ནད་ཡམས་ཀྱི་ཁྲོད་རྫོགས་སོང་ལ། འདས་པའི་དུས་ཡུན་དེ་དག་གི་རིང་ང་སྐྱིད་ས་ནས་སྡུག་ས་དང་། སྡུག་ས་ནས་སྐྱབས་མེད་མགོན་མེད་བར་ཕྱིན་པ་ཡིན་ཞེས་བྲིས་ཡོད་འདུག

 ཡང་གཞན་ཞིག་གིས་ལོ་གསུམ་རིང་གི་ནད་ཡམས་ཀྱི་བྲོ་བ་དངོས་སུ་འགོ་བཙུགས་ཡོད་ལ། ནད་ཡམས་དེ་ནི་ཁྱེད་ལ་ཕོག་པ་བཞིན་ཚབས་ཆེན་ཞིག་མིན་ན་ཡང་། ང་ནི་ཨ་ཐང་ཆད་སོང་ཞེས་བྲིས་ཡོད་འདུག  རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་ཐོག་ལ་མི་མང་སྟོང་ཕྲག་མང་པོས་ཁོང་ལ་མྱ་ངལ་དང་སེམས་གསོ་དང་། ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གནས་ཚུལ་མང་དག་ཅིག་བཤད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།