རྒྱ་ནག་མི་སེར་ལ་ལོ་༢ གཉིས་ཀྱི་ཐོངས་མཆན་ལམ་ལུགས་གསར་པ།
དབྱིན་ཡུལ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏོང་ཆེད། ཕྱོགས་གཉིས་ཀྱི་ཡུལ་མི་རྣམས་རྒྱལ་ཁབ་ཕན་ཚུན་གཉིས་ལ་སྐྱོད་སྐབས། ལོ་གཉིས་ཀྱི་ཐོངས་མཆན་སྤྲོད་རྒྱུའི་ལམ་ལུགས་གསར་པ་བདུན་ཕྲག་རྗེས་མ་ནས་ལག་བསྟར་བྱེད་རྒྱུ་ཡིན་འདུག
དབྱིན་ཡུལ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏོང་ཆེད། ཕྱོགས་གཉིས་ཀྱི་ཡུལ་མི་རྣམས་རྒྱལ་ཁབ་ཕན་ཚུན་གཉིས་ལ་སྐྱོད་སྐབས། ལོ་གཉིས་ཀྱི་ཐོངས་མཆན་སྤྲོད་རྒྱུའི་ལམ་ལུགས་གསར་པ་བདུན་ཕྲག་རྗེས་མ་ནས་ལག་བསྟར་བྱེད་རྒྱུ་ཡིན་འདུག
ཐོངས་མཆན་དེ་ཕྱོགས་གཉིས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་དང་ཚོང་པ་སོགས་ཀྱི་འགྲུལ་བསྐྱོད་སྟབས་བདེ་བཟོ་ཆེད་ཡིན་པ་དབྱིན་གཞུང་གིས་འགྲེལ་བརྗོད་བྱས་འདུག་པ་དང། དབྱིན་ཡུལ་དུ་རྒྱ་རིགས་ལས་དོན་འདྲ་མིན་ཆེད་ཡོང་མཁན་ཕྱི་ལོ་༢༠༠༩ ལོར་འབུམ་གསུམ་དང་སྟོང་ཕྲག་བཅོ་ལྔ་བྱུང་ཡོད་པ་ནས། ཕྱི་ལོ་༢༠༡༥ ལོར་གྲངས་འབོར་འབུམ་གསུམ་དང་སྟོང་ཕྲག་སུམ་ཅུ་སོ་དྲུག་བྱུང་ནས་ལྡབ་གསུམ་འཕར་ཡོད་འདུག
དེ་སྔོན་ཐོངས་མཆན་ཟླ་དྲུག་ལས་སྤྲོད་སྲོལ་མེད་ཀྱང། ཉེ་བའི་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དབྱིན་ཡུལ་དུ་སྐོར་སྐྱོད་ལ་སླེབས་ཏེ། ཕྱོགས་གཉིས་ཀྱི་ཚོང་འབྲེལ་སོགས་ཡག་ཏུ་གཏོང་འཆར་གྱི་གྲོས་གཞི་མང་པོར་གྲོས་བསྡུར་བྱས་ཡོད་པ་དང། ཐོངས་མཆན་གྱི་ལམ་ལུགས་གསར་པ་གཏན་པ་ཕབ་པ་ཡིན་འདུག འོན་ཀྱང་སྐབས་དེའི་སྐོར་སྐྱོད་ཀྱི་གྲོས་གཞིའི་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་བཞག་མེད་པས། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་མང་པོས་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་རེད།
དབྱིན་ཡུལ་གྱི་སྲིད་འཛིན་ཌེ་ཝི་ཏེ་ཡིས་ཕྱི་ལོ་༢༠༡༢ ལོར་༧གོང་ས་མཆོག་དང་མཇལ་འཕྲད་གནང་བར་རྒྱ་ནག་གིས་མི་དགའ་བའི་རྣམ་འགྱུར་ཤུགས་ཆེ་བསྟན་པས། ཕྱི་ལོ་༢༠༡༥ ལོའི་ཟླ་༩ པའི་ནང་༧གོང་ས་མཆོག་དབྱིན་ཡུལ་ལ་ཕེབས་སྐབས། སྲིད་འཛིན་ཁོང་གིས་མཇལ་འཕྲད་གནང་མེད་པ་རེད།།
རྒྱ་ནག་གི་གནོན་ཤུགས་དང་ཚོང་འབྲེལ་ཁེ་ཕན་ཆེད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་མོལ་མི་བྱེད་པ་དང་༧གོང་ས་མཆོག་དང་མཇལ་འཕྲད་མི་བྱེད་མཁན་རྒྱལ་ཁབ་དབྱིན་ཡུལ་ཙམ་མ་ཟད། ལྷོ་ཨ་ཧྤི་རི་ཁ་གཞུང་གིས་ཀྱང། ༧གོང་ས་མཆོག་ལ་ཐོངས་མཆན་ཐེངས་གསུམ་ཕུལ་མེད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།