རྒྱ་ནག་ཡུན་ནན་ཞིང་ཆེན་དུ་ས་ཡོམ་བརྒྱབ་འདུག

རེས་གཟའ་ཉི་མའི་ཉིན་རྒྱ་ནག་ཡུན་ནན་ཞིང་ཆེན་ལུའུ་ཏེ་རྫོང་དུ་ས་ཡོམ་རིམ་པ་དྲུག་ཚེག་གཅིག་ཅན་ཞིག་བརྒྱབ་སྟེ། ད་ལྟའི་བར་ཤེས་རྟོགས་བྱུང་བའི་ནང་མི་གྲངས་༣༨༡ འདས་གྲོངས་དང་། མི་༡༨༠༡ ལ་རྨས་སྐྱོན་ཕོག་ཡོད་འདུག

རེས་གཟའ་ཉི་མའི་ཉིན་རྒྱ་ནག་ཡུན་ནན་ཞིང་ཆེན་ལུའུ་ཏེ་རྫོང་དུ་ས་ཡོམ་རིམ་པ་དྲུག་ཚེག་གཅིག་ཅན་ཞིག་བརྒྱབ་སྟེ། ད་ལྟའི་བར་ཤེས་རྟོགས་བྱུང་བའི་ནང་མི་གྲངས་༣༨༡ འདས་གྲོངས་དང་། མི་༡༨༠༡ ལ་རྨས་སྐྱོན་ཕོག་ཡོད་འདུག

140804074012_china_quake_624x351_afpཕྱི་ཟླ་༨ པའི་ཚེས་༣ ཉིན་གྱི་ཕྱི་དྲོར་རྒྱ་ནག་ཡུ་ནན་ཞིང་ཆེན་ལུའུ་ཏའེ་རྫོང་དུ་ས་ཡོམ་རིམ་པ་༦།༥ ཅན་ཞིག་བརྒྱབ་སྟེ་མི་༣༨༡ འདས་གྲོངས་དང་། མི་༡༨༠༡ ལ་རྨས་སྐྱོན་ཕོག་ཡོད་འདུག་ལ། ད་དུང་མི་མང་པོ་ཞིག་རྙེད་སོན་བྱུང་མེད་པ་རེད། ཐེངས་འདིའི་ས་ཡོམ་གྱི་གནོད་སྐྱོན་ལ་བརྟེན་ནས་ས་ཁུལ་དེའི་ཡུལ་མིའི་སྡོད་ཁང་ཧ་ཅང་མང་པོ་ཞིག་ལ་གཏོར་སྐྱོན་དང་། གཞུང་ལམ་སོགས་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད་པས། ཉེན་སྐྱོབ་ལས་དོན་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། མི་ཧ་ཅང་མང་པོ་ཞིག་གི་ཟས་གོས་དང་སྡོད་གནས་སོགས་ལའང་དཀའ་ངལ་འཕྲད་བཞིན་ཡོད་འདུག

རྒྱ་ནག་ས་ཡོམ་བརྟག་དཔྱད་ཁང་གིས་ཐེངས་འདིའི་ས་ཡོམ་རིམ་པ་༦།༥ ཡིན་སྐོར་ཁྱབ་བསྒྲགས་བྱས་ཡོད་ཀྱང་། ཨ་རིའི་ས་ཡོམ་བརྟག་དཔྱད་ཚན་པས་རིམ་པ་༦།༡ ཅན་གྱི་ས་ཡོམ་ཡིན་པའི་འགྲེལ་བརྗོད་བྱས་འདུག

ཕྱི་ཚེས་༤ ཉིན་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་སྣེ་ཁྲིད་པའི་ལྟ་སྐོར་ཚོགས་པ་ཞིག་ཡུན་ནན་ལུ་ཏའེ་ཡི་གནོད་ཐེབས་ས་ཁུལ་དུ་འབྱོར་ཏེ་ས་གནས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་། མྱུར་སྐྱོབ་ལས་དོན་ལ་བཀོད་འདོམས་བྱེད་བཞིན་ཡོད་འདུག་ལ། ཡུ་ནན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་དམག་མི་ཁྲི་༡།༡ ཙམ་མངགས་ཏེ་ཉེན་སྐྱོབ་ལས་དོན་སྤེལ་བཞིན་ཡོད་པ་རེད།

རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ལྷོ་ནུབ་ས་ཁུལ་དུ་ས་ཡོམ་རིམ་པ་ཐེངས་མང་བརྒྱབ་མྱོང་བ་དང་། ཐེངས་འདིའི་ས་ཡོམ་ནི་འདས་པའི་ལོ་༡༤ ནང་ཡུན་ནན་དུ་བྱུང་བའི་ས་ཡོམ་ཤུགས་ཆེ་ཤོས་ཤིག་ཡིན་འདུག ༢༠༠༢ ལོར་ཡུན་ནན་ས་ཁུལ་དུ་ས་ཡོམ་ཞིག་བརྒྱབ་པའི་ཁྲོད་༨༠ ཙམ་འདས་གྲོངས་སུ་གྱུར་ཡོད་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།