རྒྱལ་ཁབ་༧༡ ཀྱི་གནམ་གཤིས་བརྟག་དཔྱད་ཁང་གིས་དྲོད་ཚད་མཐོ་བའི་ལོ་རྒྱུས་ལས་འདས་པ་དང་། ས་གནས་མང་པོའི་དྲོད་ཚད་མཐོ་བའི་ཚད་གྲངས་༤༤་ལས་བརྒལ་བར་བརྗོད་ཡོད། 

ཡོངས་ཁུངས། ཕིན་པེ་གསར་འགྱུར། བསྒྱུར་མཁན། བརྩོན་འགྲུས། 

2022-07-13 19:54 

འགོ་བརྗོད། རྒྱལ་ཡོངས་རྒྱལ་ཁབ་ ༧༡ ཡི་གནམ་གཤིས་བརྟག་དཔྱད་ཁང་གིས་ལོ་རྒྱུས་ལས་བརྒལ་བའི་དྲོད་ཚད་མཐོ་བར་ཕྱིན་པ་དང་། ལྷག་དོན་ཧི་པེ་ལིན་ཧྲོའི་དྲོད་ཚད་(44.2°c)ཡིན་ལ། གོ་ཁྲིན་(44.1°c) དང་(44°c) རྒྱུན་ལྡན་ཡིན་པ་དང་། ཡོའི་ནན་ཡན་ཅིན་(44°c)དང་། ཉེ་ཆར་དྲོད་ཚད་ཆེར་ཕྱིན་པའི་དྲོད་ཚད་44°c ཡར་འཕར་བར་བསྟན་པ་རེད།

ཟླ་༧་ཚེས་༡༣་ཉིན་ཕིན་ཕེ་གསར་ཁང་གི་རྒྱལ་སྤྱིའི་གནམ་གཤིས་སྔོན་བརྡ་ལྟེ་གནས་ཀྱིས་ཤེས་གསལ་ལྟར་ན། ཟླ་༦་ཚེས་༡༣ནས་བཟུང་། རྒྱལ་ནང་དུ་ས་ཁུལ་རང་བཞིན་གྱི་གནམ་གཤིས་དྲོད་ཚད་མཐོ་བའི་བརྒྱུད་རིམ་ནི། ཁྱབ་ཚད་རྒྱ་ཆེ་བ། རྒྱུན་མཐུད་པའི་དུས་ཡུན་རིང་བ། ཛ་དྲག་རིང་བཞིན་ལྡན་པ། ཤུགས་རྐྱེན་ཆེ་བ་སོགས་ད་ལོ་ནས་ཐོག་མར་མངོན་གསལ་བྱུང་བར་བརྗོད། ཟླ་༧་ཚེས་༡༢ནས་དྲོད་ཚད་མཐོ་བའི་དོན་རྐྱེན་དེ་ཉིན་གྲངས་༣༠རིང་རྒྱུན་མཐུད་དེ། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་502.1ལྷག་གི་རྒྱལ་ཁབ་མངའ་ཁོངས་ཁེབས་རྒྱུ་ཡིན་པ་མ་ཟད། མི་འབོར་དུང་ཕྱུར་9 ལས་བརྒལ་བ་ལ་ཤུགས་རྐྱེན་ཐེབས་པར་བརྗོད།

རྒྱལ་ཡོངས་རྒྱལ་ཁབ་༧༡་གནམ་གཤིས་བརྟག་དཔྱད་ཁང་གིས་ལོ་རྒྱུས་ལས་བརྒལ་བའི་དྲོད་ཚད་མཐོ་བར་ཕྱིན་པ་དང་། ལྷག་དོན་ཧི་པེ་ལིན་ཧྲོའི་དྲོད་ཚད་44.2℃)ཡིན་ལ། གོ་ཁྲིན་44.1℃) དང44.0℃)རྒྱུན་ལྡན་ཡིན་པ་དང་། ཡོའི་ནན་ཡན་ཅིན་44.0℃)དང་། ཉེ་ཆར་དྲོད་ཚད་ཆེར་ཕྱིན་པའི་དྲོད་ཚད་44ཡར་འཕར་བར་བསྟན་པ་རེད།  

ཟླ་བ་༦པ་ནས་བཟུང་རྒྱལ་ནང་གི་ཆ་སྙོམས་དྲོད་ཚད་མཐོ་བའི་ཉིན་གྲངས་ནི་༡༩༦༡ ལོའི་ཚུན་དུ་ལོ་རྒྱུས་ཀྱི་དུས་མཚུངས་ཆེས་མང་བ་ཡིན།

རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། ད་ལོའི་ཟླ་བ་༦པ་ནས་བཟུང་(ཟླ་༧པའི་ཚེས་༡༢ཉིན།) རྒྱལ་ནང་གི་ཆ་སྙོམས་དྲོད་ཚད་མཐོ་བའི་ཉིན་གྲངས་ཉིན་5.3ཡིན་པ་དེ། ལོ་སྔོན་མ་དང་བསྡུར་ན་ཉིན་༢་༤ འགྱུར་བ་ཕྱིན་ཡོད་ལ། ༡༩༦༡ ལོའི་ཚུན་དུ་ལོ་རྒྱུས་ཀྱི་དུས་མཚུངས་མང་ཆེ་ཤོས་དེ་ཡིན།

དེ་དག་དཔེར་ན། ཧྲན་ཤོའུ་ལྷོ་རྒྱུད་དང་། ཧུ་ནན། ཧྲན་ཏོང་གི་དབུས་ཁུལ་དང་ནུབ་རྒྱུད། ཨན་ཧྥོས། ཅང་སོའུ། གྲུ་ཅང་། ཧའུ་པེ་དབུས་ཁུལ་དང་བྱང་རྒྱུད། ཁྲོང་ཆིན། ཤིན་ཅང་དབུས་ཁུལ་དང་ལྷོ་རྒྱུད། ནང་སོག་གི་བྱང་ཁུལ་སོགས་སུ་ཟླ་༦་ནང་དྲོད་ཚད་ཉི་མ་༡༠་༢༠་ཆེར་ཕྱིན་པ་འདུག དེའི་ནང་ཧུ་ནན་གི་ཤར་ལྷོ་ཁུལ་དང་། ཨན་ཧྥོས་ཀྱི་བྱང་རྒྱུད། ཧའུ་པེ་ནུབ་བྱང་ཁུལ་དང་ཤིན་ཅང་གི་ཤར་ལྷོ་ཁུལ་དུ་དྲོད་ཚད་ཉིན་༢༠་ལས་བརྒལ་ཡོད་ལ། ཧུ་ནན་ལོ་ཧུ(ཉིན་༣༣) ཡོ་ཁྲིན(ཉིན་༣༡) བོའུ་གུང་ (ཉིན་༣༡) བོའུ་ཡང་ (ཉིན་༣༡) ཧྲིན་ཅང་(ཉིན་༣༡) ཤང་ཁྲིན(ཉིན་༣༠) དང་ཧྲན་ཤོའུ་དཔའ་རྫོང་(ཉིན་༣༡) དང་ཤིན་ཅང་ཧྲན་ཧྲན(ཉིན་༣༦) ནོ་མོ་མཚོ་(ཉིན་༣༣) ལ་སོགས་པའི་དྲོད་ཚད་མཐོ་བའི་ཉིན་སུམ་ཅུ་ལྷག་ཕྱིན་ནས། ཤིན་ཅང་ཐོ་ལོའུ་ཧྥན་དང་ཐོ་ཁུ་སོན་ཏ་ཉིན་༤༢་ཕྱིན་ཚར་འདུག 

རྒྱུན་ལྡན་གྱི་ལོ་སྔོན་མ་དང་བསྡུར་ན་ས་ཁུལ་གྱི་དྲོད་གྲངས་མཐོ་བ་སྤྱིའི་ཆ་ནས་རྒྱ་སྐྱེད་ཉིན་༥་ནས་༡༠་བར་ཕྱིན་འདུག ལྷག་པར་དུ་ཧུ་ནན་ས་ཁུལ། ཧའུ་པེ་བྱང་རྒྱུད། ཧྲན་ཤོའུ་ཤར་ལྷོ་ཁུལ་དང་། ཨན་ཧྥོས་དབུས་ཁུལ་དང་བྱང་ཁུལ། ཧྲན་ཏོང་ལྷོ་ཁུལ། ཅང་སོའུ་ནུབ་བྱང་ཁུལ་ལ་སོགས་པར་ཉིན་༡༠་ཕྱིན་པ་འདུག 

དྲོད་ཚད་མཐོ་བའི་གནམ་གཤིས་ཀྱིས་ཤུགས་རྐྱེན་ནི། ཟླ་༦་ཚེས་༡༣་ནས་ཧུ་པེ་དང་། ཧྲན་ཏོང་། ཧུ་ནན། ཧྲན་ཤོའུ། ཀན་སུའུ། ཉུན་ཤ། ཤིན་ཅང་སོགས་ཞིང་ཆེན་བདུན་དང་། གློག་དྲྭ་དང་ལྷོ་བྱང་གི་གློག་ཤུགས་དྲ་བ་ཆ་སྙོམས་གསར་གཏོད་ཀྱི་ལོ་རྒྱུས་ཚད་མཐོར་བཏང། རྒྱུ་མཚན་དྲོད་ཚད་མཐོ་རུང་ཆར་ཆུ་ཉུང་བ་ཡིན་ལ། གྲུ་ཅང་ཤར་རྒྱུད། ཧུ་ནན་ནུབ་ཁུལ། ཧྲན་ཤོའུ་ལྷོ་ཁུལ། ཀན་སོའུ་ལྷོ་ཁུལ། སི་ཁྲོན་བྱང་ཁུལ་ལ་སོགས་པའི་ས་ཁུལ་དུ་ཞིང་ཁའི་སེར་ལངས་ལ་འགྱུར་བ་ཐེབས་པར་མ་ཟད། ས་ཁུལ་ཁག་ཏུ་ཐན་པ་རྒྱུན་མཐུད་པ་དང་འཕེལ་འགྱུར་བྱུང་བ་རེད། ཟླ་༧་ནང་ནས་གྲུ་ཅང་། ཅང་སོའུ་། སི་ཁྲོན་ལ་སོགས་པར་ཚ་ནད་ཐོན་པའི་བརྟག་དཔྱད་ཡོད་པར་མ་ཟད། མི་ཤི་བའི་ནད་པའི་བྱུང་དཔེ་གནས་ཚུལ་ཡང་འདུག 

གོ་ལ་ཧྲིལ་པོ་ཚ་དྲོད་མཐོ་བའི་འགྱུར་ལྡོག་དགོང་ལ་འཕྱུར་བའི་བརྙན་སྐུར་གྱི་གཞི་རྩའི་རྒྱུ་མཚན། 

དུས་རབས་༢༡་ཐོན་པ་ནས་བཟུང་། རང་རྒྱལ་གྱི་དྲོད་ཚད་མཐོ་བར་རྒྱུན་འཁྱོངས་བྱས་ཏེ་རྒྱ་ཁྱོན་གྱི་ཆ་ནས་བཤད་ན་༢༠༠༣་དང་༢༠༡༣། ༢༠༡༧་ལ་སོགས་པར་དཔེ་མཚོན་ཡོད། རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཁང་གི་གྲངས་རྩིས་སུ་གསལ་པ་ལྟར་ན། ད་ལོ་རང་རྒྱལ་གྱི་དྲོད་ཚད་མཐོ་བོར་ཡོང་བ་ལོ་གསུམ་སྔོན་གྱི་འགྲེལ་བརྗོད་ལས་སྔ་ཡོད་ལ། འདིར་དུས་ཚོད་རྒྱུན་འཁྱོངས་དང་ལོ་རྒྱུས་ཀྱི་གྲངས་ཚད་ལ་བལྟས་ན་མིག་སྔར་གྱི་ལོ་གསུམ་དང་མི་མཚུངས་པ་རེད། ཤུགས་རྐྱེན་གྱི་རྒྱ་ཁྱོན་དང་དྲོད་ཚད་མཐོ་བོ་གཅིག་པུ་ཡང་༢༠༡༧་ལོར་དང་བསྡུར་ཐབས་མེད་མོད། ༢༠༠༣་དང་༢༠༡༣་ལས་དྲོད་ཚད་བརྒལ་པ་ཡོད། 

དྲོད་ཚད་མཐོར་ཕྱིན་པ་རྒྱལ་ནང་གཅིག་པུ་མིན། རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཁང་གིས་གཞི་རྩའི་ལྟ་ཞིབ་ཚོད་ལེན་བྱས་པ་ལྟར་ན། ད་ལོའི་ཟླ་དྲུག་པར་གོ་ལའི་ཁྱོན་ཡོངས་ཀྱི་དྲོད་ཚད་བསྡུར་ན་ཕལ་ཆེར་མཐོ་དྲག་པའི་ཕྱོགས་0.4 ཡིན། ༡༩༧༩ལོ་ནས་ཆེས་མཐོ་བ་ཡིན་ལ། དེའི་ནང་དུ་ར་ཤི་ཡའི་བྱང་ཁུལ་དང་། ཨོ་གླིང་གི་ནུབ་ཁུལ་སོགས་དྲོད་ཚད་མཐོ་བའི་ཕྱོགས་2ལྷག་སླེབས་ཡོད། དེ་ལྟར་ཤིའུ་པན་ཡ་དང་། ཧྥ་གོ་དང་ཡི་ཏ་ལས་སོགས་ཉེ་ཆར་དྲོད་ཚད་མཐོ་བ་40བརྒལ་ཡོད་ལ། ཧྥ་གོ་དང་། ཤིའུ་པན་ཡ། ཨ་རི་དང་། ཉི་ཧོང་སོགས་ཀྱི་རྒྱལ་ཁབ་མང་པོ་གྲོང་ཁྱེར་གྱི་དྲོད་ཚད་མཐོ་བའི་གསར་བཏོད་ཟིན་ཐོར་བསྐྲུན་ཡོད། ཉི་ཧོང་ཏུང་ཅིན་དུ་ཉིན་ལྔ་མུ་མཐུད་དེ་དྲོད་ཚད་མཐོ་བའི་ཚད་35 བརྒལ་འདུག ཨ་རིའི་དབུས་ཁུལ་དང་ཤར་ཁུལ་དྲོད་ཚད་མཐོ་བའི་གཉེན་བརྡས་ཤུགས་རྐྱེན་ཐེབས་པའི་མི་གྲངས་ཕལ་ཆེར་འབུམ་༡་༢༥་ཡོད་ལ། ཨ་རིའི་མི་གྲངས་ཀྱི་བརྒྱ་ཆ་གསུམ་ལས་བརྒལ་ཡོད། ཏུ་གོ་པོ་ལན་ཏུན་པོ་ཁུལ་དུ་ཐན་པ་བྱུང་བའི་རྐྱེན་བྱས་ཏེ་ནགས་ཚལ་མེ་སྐྱོན་བྱུང་བ་རེད། 

མཉམ་འབྲེལ་རྒྱལ་ཚོགས་སྲིད་གཞུང་གི་ཆེད་ལས་ལས་རིགས་ཀྱིས་གནམ་གཤིས་འགྱུར་ལྡོག་ཐད་དུ་ཚོགས་འདུ་རིམ་པ་དྲུག་པ་བསྐོངས་ཏེ་བརྗོད་དོན། ཉེ་བའི་ལོ་ལྔ་བཅུར་གོ་ལ་ཁྱོན་ཡོངས་ཀྱི་དྲོད་ཚུལ་འགྱུར་བ་སོང་ཟིན་པ་ཡིན། ༢༠༠༠་ལོར་བལྟས་པ་ཡིན་ན། ལོ་སྔོན་མ་དང་མ་འདྲ་བའི་མགྱོགས་ཚུལ་ཆེར་ཕྱིན་པ་དང་། གནམ་གཤིས་མ་ལག་གོ་རིམ་བརྟན་པོ་མིན་པའི་ངང་འགྱུར་བ་འགྲོ་བཞིན་ཡོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲང་གོ་ཐུ་ལེ་སི་ཉིད་ལ་“མིའི་རིགས་ཀྱི་དམར་པོའི་སྔོན་བརྡ་”ཞེས་གྲགས་པར་བརྗོད། གོ་ལའི་གནམ་གཤིས་དྲོད་ཚད་ཀྱི་འཕེལ་འགྱུར་ནི་བྱང་གོ་ལའི་ཕྱེད་ཀའི་ཚ་དྲོད་མཐོ་བོར་འཕྱུར་བའི་བརྙན་བསྐུར་གནམ་གཤིས་ཀྱི་བརྒྱ་ལྗོངས་དང་། རླུངས་ཁམས་ཆེན་པོ་འགྱུར་ལྡོག་ཚོད་ལྟའི་ཁྲོད་རྒྱུན་ལྡན་མིན་པར། དེས་ཟླ་བ་དྲུག་གི་ནང་གོ་ལའི་ཚ་དྲོད་ཆེར་ཕྱིན་པའི་བརྙན་གཟུགས་ལ་ཁ་གཏག་ཏུ་འབྲེལ་བ་ཆགས་པར་བརྗོད་དོ།། 

ད་ལོའི་ཟླ་༦་པའི་ནང་ཚ་དྲོད་ཆེ་བའི་བྱང་གོ་ལའི་ཕྱེད་ཀའི་བར་སྣང་དང་། ནུབ་ཀྱི་ཞི་བདེ་རྒྱ་མཚོའི་ཚ་རྒྱུད་བར་མའི་མཐོ་གནོན་ཐོན་པས། ནུབ་གླིང་ཆེན་པོས་མཐོ་གནོན་བྱེད་པ་དང་ཡེ་ལིང་གིས་མཐོ་གནོན་བྱེད་པ་དམ་པོར་བྱེད་པས་གོ་རིམ་དུ། ཚ་དྲོད་མཐོ་བོར་སླེབས་པའི་རྒྱ་ཁྱོན་ཆེར་ཕྱིན་པའི་རྣམ་པ་ཐོན་ཡོད། ད་ལྟ་དྲོད་ཚད་ཆེར་ཕྱིན་པ་མཐོ་གནོན་གྱིས་སྟངས་འཛིན་འོག་ཏུ་ས་ངོས་དྲོད་ཚད་ཀྱི་རླུངས་ཁམས་རིགས་ཇེ་དམན་འགྲོ་བར་ཕན་ཐོག་ཡོད་པ་ཡིན། ཚ་དྲོད་ཀྱི་རྒྱ་ཁྱོན་ཤུགས་ཆེན་གནོན་པའི་བྱ་བའི་ཁྲོད་དུ་ཁ་རླུངས་ཚ་རུ་ཕྱིན་ཏེ། སྤྲིན་གྱི་རྣམ་པར་འགྱུར་སླ་བོ་མིན་པ་ཡིན་ཙང་། ཉི་འོད་ས་ཐོག་ཏུ་ཤར་བ་ཧ་ཅང་སྟབས་བདེ་ཡིན། དེས་དྲོད་ཚད་མཐོ་བོར་ཐོན་པའི་ཚད་གཞི་ཤུགས་ཆེན་ཐོན་པས། བྱང་གོ་ལའི་དྲོད་ཚད་མཐོར་ཕྱིན་པའི་ད་ལྟ་མུ་མཐུད་དུ་འགྲོ་བཞིན་པས་གནས་ཚུལ་འདིར་ཐོན་པ་རེད། 

ནང་རྒྱལ་དུ་དངོས་ཡོད་ཐོན་པ་ལྟར་ན། མིག་སྔར་ལའ་ཉེ་ན་ཡིས་ད་ལོའི་ཟླ་དྲུག་གི་ལྷོ་ཕྱོགས་གནམ་བརྡའི་དྲོད་ཚད་མཐོར་ཕྱིན་པའི་གལ་ཆེ་གནས་ཚུལ་ལ་རོགས་འདེགས་གནང་ཡོད་ལ། ལྷག་པར་ཟླ་༧་པའི་འཕྲེད་ཐིག་བར་མའི་མཐོ་གནོན་ལ་ཤུགས་བརྒྱབ་པར་ད་ལྟ་གནམ་གཤིས་ཚ་དྲོད་ཆེས་ཆེར་ཡོང་བར་རྒྱ་སྐྱེད་བཟོས་པ་དེ་རེད། 

ད་ལྟ་ཕྱོགས་ཡོང་ནས་ཁྱོན་བསྡོམས་ཞིབ་བརྩིས་ལྟར་ན། ཐེངས་མང་པོ་ལའ་ཉེ་ན་དབྱར་དུས་སུ་ནུབ་ཀྱི་ཞི་བདེ་རྒྱ་མཚོར་ཚ་རྒྱུད་བར་མའི་མཐོ་གནོན་བྱང་གི་ཕྱོགས་སུ་བསྟན། ད་ལའི་ཟླ་༦་པའི་སྨད་དུ་བྱང་ཁུལ་གྱི་ཚ་དྲོད་མཐོ་བོར་ཕྱིན། ལྷག་པར་རླུང་འཚུབ་དྲག་པོ་གཡུགས་སྟེ་ཞན་པའམ་སམ་པ“暹芭“དེ༧་པའི་ཟླ་སྟོད་ཡོང་བའི་རྗེས་སུ་བྱང་དུ་སྐྱོད་དེ་ནུབ་ཏུ་ཁྱབ། ཡེའུ་ལིང་གི་མཐོ་གནོན་ཤར་དུ་སྐྱོད་པར་མ་ཟད། འཕྲེད་ཐིག་བར་མ་སྐམ་ས་ཆེན་པོས་མཐོ་གནོན་གཞི་གཅིག་ཏུ་སྒྲིལ། ནང་རྒྱལ་གྱི་བར་སྣང་དུ་མཐོ་དྲོད་ཚད་གཞི་བརྟན་པོར་བཟོས་པས་རྣམ་པ་བསྟན་པར། གནམ་གཤིས་ཀྱི་དྲོད་ཚད་མཐོན་པོར་རྒྱ་སྐྱེད་ཡོང་། དེར་ལས་གཞན། ཆུ་རླུང་མཐོན་པོར་བཏགས་པའི་ནང་རྒྱལ་གྱི་ཤར་ཁུལ་དུ་ས་རློན་ཤུགས་ཆེར་ཕྱིན་ཡོད་ལ། ལུས་ཚོར་གྱི་དྲོད་ཚད་ཆེས་ཆེར་ལངས་པ་ཡིན། 

ཕྱིས་སུ་གནམ་གཤིས་ཀྱི་འགྱུར་ལྡོག་ལ་བལྟ་བ། འབྱུང་འགྱུར་གྱི་ཉིན་༡༤་ནང་རང་རྒྱལ་ཅང་ནན་ལ་སོགས་སྔར་བཞིན་དྲོད་ཚད་མཐོ་བོར་ཕྱིན། 

ཀྲོང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་དངོས་སུ་སྔོན་དཔག་ལྟར་ན། འབྱུང་འགྱུར་ཉིན་༡༤་ནང་(༢༠༢༢ཟླ་༧་ཚེས་༡༣་དང་ཟླ་༧་ཚེས་༢༦བར) ནང་རྒྱལ་ཅང་ནན་དཔའ་ནན་སོགས་ཀྱི་ས་ཆར་གནམ་གཤིས་དྲོད་ཚད་མཐོ་རུ་ཕྱིན་ཡོད། ཚེས་༡༣་་༡༦ཉིན། སི་ཁྲོན་ཕིན་ཏུས། ཧྲན་ཤོའུ་གན་གྲོང་། ཅང་ཧན། ཅང་གྲིན། ཅང་ནན། དཔའ་ནན་སོགས་ཀྱི་ས་ཆར་དྲོད་ཚད་མཐོ་བ་དང་ཆར་བུ་ཞན་པའི་གནམ་གཤིས་ཐོན་པ་དང་། ཉེ་ཆར་གནམ་གཤིས་དྲོད་ཚད་མཐོ་བ་རྒྱན་སྲོལ་ལྟར་ན་ཚད་3538ཡིན། ཡང་ཁག་གཅིག་39ཡོས་མས་ཡིན། ཚེས་༡༧་་༢༠ཉིན་ནས་བཟུང་། སི་ཁྲོན་ཕིན་ཏུས། ཅང་ཧན། ཅང་གྲིན། ཅང་ནན་ནུབ་ཁུལ་དང་བྱང་ཁུལ་གྱི་མཚོ་རྒྱུད་དང་། དཔའ་ནན་ནུབ་བྱང་ཁུལ་སོགས་འབྱུང་འགྱུར་ཆར་བ་འབབ་པའི་ཁྲོད་དུ་གནམ་གཤིས་དྲོད་ཚད་མཐོན་པོར་ཐག་གཅོད་གཏོང་ཐུབ་རུང། ཅང་ནན་གྱི་ལྷོ་ཁུལ་དཔའ་ནན་ཤར་ཁུལ་དུ་མུ་མཐུད་དུ་དྲོད་ཚད་མཐོར་ཕྱིན་པའི་གནམ་གཤིས་ཡོད། ཉིན་༢༡་རྗེས་སུ། ལྷོ་ཁུལ་ས་ཆར་ཚ་དྲོད་མཐོན་པོ་ཡང་བསྐྱར་ཡོང་ནས་སྔོན་མ་ལས་རྒྱ་ཁྱོན་ཆེ་བ་ཡིན། དེར་ཧྥིའུ་ཅན། ཅང་ཤོའུ། གྲུ་ཅང་ལྷོ་ཁུལ་སོགས་ཀྱི་དྲོད་ཚད་མཐོ་ཤོས་3941སླེབས་རྒྱུ་ཡིན་པ་རེད། 

ནང་རྒྱལ་གྱི་གནམ་གཤིས་སྔོན་དཔག་ལྟར་ན། མ་འོངས་པའི་ཉིན་༡༥་ནས་༣༠་བར། (༢༠༢༢་ཟླ་༧་ཚེས་༢༧་དང་ཟླ་༨་ཚེས་༡༡བར) རང་རྒྱལ་གྱི་ས་ཁུལ་དུ་དྲོད་ཚད་ལོ་སྔོན་མ་ལས་མཐོར་འགྲོ་རྒྱུ་ཡིན་ལ། དེར་ཕྱི་སོག་གི་ནུབ་ཁུལ། ཧྲང་ཧེ། ཅང་སོའུ། གྲུ་ཅང་བྱང་ཁུལ། ཨན་ཧྥས། ཅང་ནན་བྱང་ཁུལ། ཧན་ཏུང་ལྷོ་ཁུལ། ཧུ་ནན་ས་ཁུལ་ཕར་ཆེར་བ་དང་། ཧྥའུ་པེ། ཧྥའུ་ནན་བྱུང་ཁུལ། ཁྲིན་ཆིན། སི་ཁྲོན་ཤར་ཁུལ། གིའུ་གྲོའུ་བྱང་ཁུལ། བོད། ཧན་ཤོའུ་གྱི་ལྷོ་ཁུལ། ཤིན་ཅང་གི་བྱང་ཁུལ་སོགས་ས་གནས་དྲོད་ཚད་མཐོ་བར་ཕྱིན་པའི་དུས་མཚུངས་12ཕྱིན་པར་བརྗོད་དོ།། 

གནམ་གཤིས་དྲོད་ཚད་མཐོ་བར་ཕྱིན་པའི་འགྲེལ་བརྗོད་ཁག་མང་དུ་ཕྱིན་པའི་ཕྱོགས་མཚམས་ཕྱེ་རུང། ཕར་ཆེར་གནམ་གཤིས་ཀྱི་དྲོད་ཚད་མཐོ་བར་སྟོན་པའི་དུས་ཡུན་རྒྱུན་རིང་ཁྲོད་(ཟླ་༧་ཚེས་༢༨་ནས་ཟླ་༨་ཚེས་༢་ཉིན། དཔའ་པེ། དཔའ་ཏུང་དབུས་ཁུལ། དཔའ་ཀྲོང་དབུས་ཁུལ། ཤོའུ་ནན་ས་ཁུལ་གྱི་ཤར་ཁུལ། བོད། ཤིན་ཅང་བྱང་ཁུལ་དུ། ཟླ་༨་ཚེས་༥་༧ཉིན། དཔའ་པེ། དཔའ་ནན་དབུས་ཁུལ། དཔའ་གྲོང་དབུས་ཁུལ། ཤོའུ་ནན་ས་ཁུལ་གྱི་ཤར་བྱང་ཁུལ་དུ། ཟླ་༨་ཚེས་༩་༡༡ཉིན། དཔའ་པེ། དཔའ་ཏུང་ས་ཁུལ་ཕར་ཆེར།) དྲོད་ཚད་མཐོ་བར་ཕྱིན་པས་མི་མང་གི་འཚོ་བའི་ཐོན་སྐྱེད་དང་གློག་གི་ནུས་པ་ཐོན་པར་ཤུགས་རྐྱེན་ལ་དོགས་ཟོན་དགོས་པར་བརྗོད། 

མ་རྩོམ་འབྱུང་ཁུངས། ཕིན་པེ་གསར་ཁང་། མ་ཡིག་བརྗོད་གཞི། <<རྒྱལ་ཡོངས་རྒྱལ་ཁབ་༧༡་གི་གནམ་གཤིས་བརྟག་དཔྱད་ཁང་གིས་དྲོད་ཚད་མཐོ་བའི་ལོ་རྒྱུས་ལས་འདས་པ་དང་། དེ་བཞིན་ས་གནས་མང་པོའི་དྲོད་ཚད་མཐོ་བའི་ཚད་གྲངས་44ལས་བརྒལ་བར་བརྗོད་ཡོད།>> 

མཆན། གནས་ཚུལ་འདིའི་གཙོ་གནད་ཁག ས་གནས་ཁག་གི་མིང་སྒྲ་ཇི་བཞིན་དུ་བསྒྱུར་ཡོད། ཀློག་པ་པོ་གོ་བདེ་ཆེད་དུ་རྒྱུན་སྤྱོད་ཐ་སྙད་དག་ལ་འབད་ཁུལ་བྱས་ཡིན།  འཛོལ་བ་ཡོ་བསྲང་ཡོད་པར་མཁྱེན། 

                    

འབྲེལ་ཐག https://wallstreetcn.com/articles/366469 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།