རྒྱལ་ཁབ་གཅིག་གིས་ཐའེ་ཝན་དང་འབྲེལ་ལམ་བཅད་རྗེས་རྒྱ་ནག་གིས་སྔོན་འགོག་སྨན་ཁབ་ས་ཡ་གཅིག་སྤྲད་འདུག 

རྒྱ་ནག་གིས་རྒྱལ་སྤྱིའི་ནང་ཐའེ་ཝན་དང་གཞུང་འབྲེལ་ཐོག་ནས་འབྲེལ་ལམ་ཉར་མཁན་རྣམས་ལ་ཐའེ་ཝན་དང་འབྲེལ་ལམ་གཅོད་དགོས་པའི་གནོན་ཤུགས་དང་ཤུགས་རྐྱེན་སྣ་མང་སྤྲོད་བཞིན་པ་ལྟར། ཉེ་ཆར་ནཱི་ཀ་རཱ་གྷུ་ཝ་ཡིས་རྒྱ་ནག་གི་ཁ་ལ་ཉན་རྗེས་རྒྱ་ནག་གིས་སྔོན་འགོག་སྨན་ཁབ་ས་ཡ་གཅིག་སྤྲད་ཡོད་པ་རེད་འདུག 

རྒྱ་ནག་གིས་རྒྱལ་སྤྱིའི་ནང་ཐའེ་ཝན་དང་གཞུང་འབྲེལ་ཐོག་ནས་འབྲེལ་ལམ་ཉར་མཁན་རྣམས་ལ་ཐའེ་ཝན་དང་འབྲེལ་ལམ་གཅོད་དགོས་པའི་གནོན་ཤུགས་དང་ཤུགས་རྐྱེན་སྣ་མང་སྤྲོད་བཞིན་པ་ལྟར། ཉེ་ཆར་ནཱི་ཀ་རཱ་གྷུ་ཝ་ཡིས་རྒྱ་ནག་གི་ཁ་ལ་ཉན་རྗེས་རྒྱ་ནག་གིས་སྔོན་འགོག་སྨན་ཁབ་ས་ཡ་གཅིག་སྤྲད་ཡོད་པ་རེད་འདུག 

ཟླ་༡༢ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༠ ཉིན་ནཱི་ཀ་རཱ་གྷུ་ཝ་(Nicaragua) གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ནས། རྒྱལ་ཁབ་དེས་ཐའེ་ཝན་དང་གཞུང་འབྲེལ་ཐོག་ནས་འབྲེལ་ལམ་དང་འབྲེལ་ལམ་གཞན་ཚང་མ་བཅད་ཡོད་པ་དང་། ཁོ་ཚོས་རྒྱ་ནག་གཅིག་མ་གཏོགས་ངོས་འཛིན་བྱེད་ཀྱི་མེད་སྐོར་བརྗོད་འདུག དེ་བཞིན་ཕྱོགས་གཉིས་ཀྱིས་རྒྱ་ནག་གི་གྲོང་ཁྱེར་ཊིན་ཇིན་ནང་དུ་འབྲེལ་ལམ་བསྐྱར་གསོ་བྱས་པའི་གྲོས་མཐུན་ཡིག་ཆར་མིང་རྟགས་བཀོད་འདུག 

རྒྱ་ནག་གི་ཕྱི་སྲིད་ལས་ཁང་ནས་ནཱི་ཀ་རཱ་གྷུ་ཝ་ཡི་ཐག་གཅོད་ལ་བསྔགས་བརྗོད་དང་སྦྲགས། དེ་ནི་ཐག་གཅོད་ཡང་དག་པ་ཞིག་དང་རྒྱལ་སྤྱིའི་འགྲོས་དང་མཐུན་པ་ཞིག་ཡིན་ཁར། རྒྱལ་ཁབ་དེའི་མི་མང་གིས་ཀྱང་ཐག་གཅོད་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་བརྗོད་འདུག 

ཐའེ་ཝན་གཞུང་གིས་ནཱི་ཀ་རཱ་གྷུ་ཝ་ཡིས་ལོ་མང་རིང་གི་མཛའ་གྲོགས་དེར་རྩིས་མེད་བཏང་བར་བློ་ཕམ་ཡོད་སྐོར་བརྗོད་པ་དང་། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝན་གྱིས་ཐའེ་ཝན་གྱིས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ལུགས་དབང་འཛིན་བཅས་ལ་འཛིན་བཞིན་པའི་ཆོད་སེམས་དང་།  དེ་བཞིན་རྒྱལ་སྤྱིའི་ནང་གི་མང་གཙོའི་རྒྱལ་ཁབ་ཁག་དང་འབྲེལ་ལམ་འཛུགས་པའི་ཆོད་སེམས་ལ་ཕྱིའི་གནོན་ཤུགས་གང་འདྲ་ཞིག་ཡིན་ནའང་ཤུགས་རྐྱེན་སྤྲོད་ཐུབ་རྒྱུ་མིན་སྐོར་བརྗོད་འདུག 

ནཱི་ཀ་རཱ་གྷུ་ཝ་ཡིས་ཐའེ་ཝན་དང་འབྲེལ་ལམ་བཅད་ནས་ཉིན་གསུམ་གྱི་རྗེས་སུ། རྒྱལ་ཁབ་དེར་རྒྱ་ནག་གཞུང་གིས་རྒྱ་ནག་གི་སྔོན་འགོག་སྨན་ཁབ་ས་ཡ་གཅིག་སྤྲད་ཡོད་འདུག་པ་དང་། ཚེས་༡༣ ཉིན་སྔོན་འགོག་སྨན་ཁབ་འབུམ་གཉིས་འཁྱེར་མཁན་གྱི་གནམ་གྲུ་ཞིག་རྒྱལ་ཁབ་དེར་འབྱོར་ཟིན་འདུག 

ཨ་རིའི་གཞུང་གིས་ནཱི་ཀ་རཱ་གྷུ་ཝ་གཞུང་དེ་མང་གཙོའི་ལམ་དང་རང་དབང་ལྡན་པའི་ཐོག་ནས་འོས་འདེམས་བྱས་པ་ཞིག་མིན་པས། རྒྱལ་ཁབ་དེའི་མི་མང་གི་བསམ་བློ་མཚོན་གྱི་མེད་སྐོར་བརྗོད་ནས། མང་གཙོར་རིན་ཐང་འཛིན་མཁན་རྒྱལ་ཁབ་ཚང་མས་ཐའེ་ཝན་དང་འབྲེལ་ལམ་ཆེ་རུ་གཏོང་དགོས་པའི་རེ་འདུན་བཏོན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།