རྒྱལ་ཚོགས་ལ་དགོས་འདུན་བཏོན་ཏེ་ཟས་བཅད་ངོ་རྒོལ་ཉིན་བཞི་པ།

ཟླ་འདིའི་ཚེས་༡༣ ཉིན་གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ་བའི་གནས་སྟངས་སྐོར་ཁ་པར་བརྒྱུད་གནས་འདྲི་བྱས་པར། “ཐེངས་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་གསུམ་གྱིས་བོད་དོན་ཆེད་ལས་འགུལ་སྤེལ་རྒྱུའི་གོ་སྐབས་བྱུང་བ་དེར་དགའ་པོ་བྱུང་བ་དང་། བོད་ནང་གི་ཛ་དྲག་ལ་དཔག་པའི་བོད་མི་ཚང་མས་འགན་ཁུར་དགོས་པ་རེད།

ཟླ་འདིའི་ཚེས་༡༣ ཉིན་གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ་བའི་གནས་སྟངས་སྐོར་ཁ་པར་བརྒྱུད་གནས་འདྲི་བྱས་པར། “ཐེངས་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་གསུམ་གྱིས་བོད་དོན་ཆེད་ལས་འགུལ་སྤེལ་རྒྱུའི་གོ་སྐབས་བྱུང་བ་དེར་དགའ་པོ་བྱུང་བ་དང་། བོད་ནང་གི་ཛ་དྲག་ལ་དཔག་པའི་བོད་མི་ཚང་མས་འགན་ཁུར་དགོས་པ་རེད། བཙན་བྱོལ་ནང་ནས་ལས་ཀ་ག་རེ་བྱེད་མཁན་ཡིན་ཡང་། དུས་རྒྱུན་དུ་བོད་དོན་ཐོག་འགན་ཁུར་བའི་ཐོག་ནས་ལས་དོན་བྱེད་རྒྱུ་འཕྱི་དྲགས་པ་ལས། སྔ་དྲགས་མེད་པས། ཚང་མས་འགན་ཁུར་རོགས་”ཞེས་ཟས་བཅད་ངོ་རྒོལ་བ་གཞོན་ལྷན་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ཀྱིས་འགྲེལ་བརྗོད་གནང་སོང་།

tyc9
tyc

ཟླ་འདིའི་ཚེས་༡༣ ཉིན་ཁ་པར་བརྒྱུད་གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལ་གནས་འདྲི་བྱས་པར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་གསུམ་གྱིས་ཟས་བཅད་ངོ་རྒོལ་བྱས་ཏེ། ཉིན་བཞི་པ་འགྲོ་ཡི་ཡོད་པ་དང་། དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ཡིན་པས། ཆུ་རྐྱང་བཏུང་ནས་བསྡད་ཡོད་པ་རེད།    སྨན་པས་ཉིན་ལྟར་བརྟག་དཔྱད་བྱས་པ་ལྟར་ན། ད་ལྟའི་ཆར་གཟུགས་པོའི་གནས་སྟངས་ཉོབ་ཏོ་ཆགས་པ་དང་། གྲོད་ཁོག་བཤལ་བ་ཙམ་ལས་ཛ་དྲག་ཆེན་པོ་ཆགས་མེད་སྐོར་དང་། བོད་མི་མང་སྤྱི་འཐུས་ཁག་ཅིག་དང་མི་མང་དུས་རྒྱུན་བལྟ་སར་ཡོང་གི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

ཟས་བཅད་ངོ་རྒོལ་དེ་ཕྱི་ཟླ་༩ པའི་ནང་བྱེད་དགོས་པར་རྒྱུ་མཚན་དམིགས་བསལ་ཡོད་མེད་སྐོར་དྲིས་པར། ཕྱི་ཟླ་༩ ཚེས་༡༠ ནས་ཟས་བཅད་ངོ་རྒོལ་འགོ་བཙུགས་པ་དང་། ཚེས་༡༥ ཉིན་ཨ་རིའི་ནིའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དེ་འཚོག་གི་ཡོད་པས། ཚོགས་ཆེན་ཐོག་བོད་དོན་གླེང་དགོས་པའི་དགོས་འདུན་བཏོན་ཡོད། སྐབས་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སོགས་གནད་དོན་མང་པོའི་ཐོག་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ཕྱི་ཟླ་༩ ཚེས་༢༥ ཙམ་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ནིའུ་ཡོག་ཏུ་ཡོང་གི་ཡོད་པས། ཟས་བཅད་ངོ་རྒོལ་གྱི་དུས་ཚོད་གཏན་འབེབས་བྱས་པ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

གཞོན་ལྷན་གྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང། “མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་ཀྱང་བོད་ ཀྱི་ཛ་དྲག་གནས་སྟངས་དང་། བོད་མི་ཚོས་རང་གི་ལུས་སྲོག་མེ་རུ་བསྒྲོན་ནས་ཞུ་འབོད་བྱས་པའི་དགོས་འདུན་ཁག་ ལ་དོན་ཕན་ལྡན་པའི་འགན་ཁུར་གནང་མེད་པས། ང་ཚོས་དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་གདེང་འཇོག་གིས་བོད་ཀྱི་གནད་དོན་ཐོག་ཆིག་ སྒྲིལ་གྱིས་རྒྱ་ནག་དྲག་སྤྱོད་སྲིད་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ཕྱིས་དྲག་པ་ ལས་སྔ་དྲག་མེད་པ་གསལ་བརྗོད་བྱ་རྒྱུ་ཡིན་”ཞེས་བརྗོད་འདུག

ལས་འགུལ་དེའི་སྐབས་མཉམ་འབྲེལ་རྒྱལ་ཚོགས་ལ་གཤམ་འཁོད་ཀྱི་དོན་ཚན་ལྔ་ཅན་གྱི་དགོས་འདུན་བཏོན་ཡོད་པ་རེད།
༡༽་་་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ནས་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གླེང་སློང་དགོས།
༢༽་་རྒྱ་ནག་སྲིད་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་
མཁན་བོད་མིའི་དགོས་འདུན་ཁག་ལ་འགན་འཁུར་ཡ་ལན་དགོས་པ་ནན་བསྐུལ་མཐའ་འཁྱོལ་བྱ་ དགོས།
༣༽་་་རྒྱ་ནག་སྲིད་གཞུང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་
བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་བདེན་ དཔང་གསལ་སྟོན་དགོས་པ་ནན་བསྐུལ་བྱ་དགོས།
༤༽་་་བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་ངེས་པར་དུ་གཏོང་དགོས།

༥༽ ་རྒྱ་ནག་སྲིད་གཞུང་ལ་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་དགོས་པ་ནན་བསྐུལ་བྱ་དགོས།།
གསར་འགོད་པ་ཆོས་ཉིས་འོད་ཟེར་གྱིས།

tyc_9
tyc

ཐེངས་འདིའི་ཟས་བཅད་ངོ་རྒོལ་བ་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོནརྟ་མགྲིན་སྲིད་གཅོད་ནི་༡༩༨༢ ལོར་བལ་ཡུལ་སྤོག་ར་གློ་སྒྲིག་ཁྱབ་ཁོངས་བྱམས་པ་གླིང་གཞིས་ཆགས་སུ་སྐྱེས། ཕ་དམ་པ་ཨ་འབྲུག་བཀྲ་ཤིས་དོན་གྲུབ་༡༩༥༩ ལོར་བཙན་བྱོལ་དུ་འབྱོར་ནས་ ༡༩༦༠ ལོར་བལ་ཡུལ་གློ་དྲག་པོའི་སྒྲིག་འཛུགས་ནང་འཛུལ་ཞུགས་ཀྱིས་བོད་བསྟན་སྲིད་མི་རིགས་ཆེད་མི་ལོ་བཅུ་བཞིའི་རིང་སྒྲིག་འཛུགས་ཀྱི་ལས་དོན་ནང་ཞུགས། རིམ་བཞིན་དྲག་པོའི་སྒྲིག་འཛུགས་མཇུག་བསྒྲིལ་གྱིས་བལ་ཡུལ་སྤོག་ར་གློ་སྒྲིག་ཁྱབ་ཁོངས་བྱམས་པ་གླིང་གཞིས་ཆགས་ནང་གཞིས་ཆགས།

རྟ་མགྲིན་སྲིད་གཅོད་སློབ་མཐར་ཕྱིན་རྗེས། ཕྱི་ལོ་ ༢༠༠༧ ནས་གློ་སྒྲིག་བྱམས་པ་གླིང་ས་གནས་སུ་སྤྱི་མི་བརྒྱ་དཔོན་དང་། ས་གཞོན་དང་། ས་གཞོན་ཚོགས་གཙོ། ས་གནས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཀྱི་ལས་འགན་རིམ་པས་ཁུར་མྱོང་ཡོད་པ་རེད།

ཟས་བཅད་ངོ་རྒོལ་བ་གཞོན་ལྷན་དཔལ་འབྱོར་འགན་འཛིནབསྟན་འཛིན་དབང་ཕྱུག་ནི་ཕྱི་ལོ་ ༡༩༧༦ ལོར་ཕ་དམ་པ་ཏྲེ་ཧོར་ལྷག་པ་ཚེ་རིང་དང་མ་ནང་ཆེན་ཀུན་བཟང་ཆོས་སྒྲོན་གཉིས་ཀྱི་བུ་རྒན་པར་སྐྱེས། ཁོང་གི་ཕ་དམ་པ་ མདོ་ཁམས་ཆུ་བཞི་སྒང་དྲུག་ནང་བཞུགས་མྱོང་ཡོད་པ་རེད། བསྟན་འཛིན་དབང་ཕྱུག་སློབ་ཐོན་རྗེས། ཕྱི་ལོ་ ༡༩༩༩ ནས་ ༢༠༠༢ བར་ན་ནི་ཏལ་ས་གནས་བོད་ཀྱི་གཞོན་ནུའི་ཟུང་དྲུང་གནང་། ༢༠༠༣ ནས་༢༠༠༤ བར་ལྡི་ལི་རོ་ཧི་ནི་ས་གཞོན་གྱི་ཟུང་དྲུང་གནང་། ༢༠༠༤ ནས་༢༠༠༧ བར་དང་ཕྱི་ལོ་ ༢༠༡༠ ནས་ ༢༠༡༣ བར་ལྡི་ལི་བསམ་ཡས་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ༡༩༩༩ ནས་ད་བར་ World Bodh Warriors Paltan, Junagar, Gujarat ལྷན་ཚོགས་ཀྱི་ཕྱི་འབྲེལ་འགན་འཛིན་གནང་།

ཟས་བཅད་ངོ་རྒོལ་བ་གཞོན་ལྷན་ཕྱི་འབྲེལ་དང་དྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ནི་ཕ་ཚེ་འདས་ལུ་ར་དང་མ་ཚེ་རིང་ཆོས་འཛོམས་གཉིས་ཀྱི་བུ་མོར་སྐྱེས། ཁོ་མོའི་ཕ་དམ་པ་བོད་ནང་རྒྱ་དམར་དམག་མིའི་ཧམ་འཛུལ་གྱི་བཙན་འཛུལ་བྱས་སྐབས་མདོ་ཁམས་ཆུ་བཞི་སྒང་དྲུག་ནང་འཛུལ་བཞུགས་གནང་ཡོད་འདུག ཕྱི་སུ་བཙན་བྱོལ་དུ་འབྱོར་རྗེས་བལ་ཡུལ་གློ་དྲག་པོའི་སྒྲིག་འཛུགས་ནང་འཛུལ་བཞུགས་བྱས།

ཁོང་སློབ་ཐོན་རྗེས། ཕྱི་ལོ་ ༢༠༠༨ ནས་ ༢༠༡༠ བར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་འདྲ་མིན་བརྒྱུད་བོད་དོན་དྲིལ་བསྒྲགས་དང་། གློ་དྲག་པོའི་སྒྲིག་འཛུགས་ཀྱི་དམག་ཟུར་ཚོའི་ལོ་རྒྱུས་མཁོ་སྒྲུབ་ཀྱིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ནང་འདོན་ཐུབ་པ་བྱུང་ཡོད་འདུག

༢༠༡༠ ནས་ ༢༠༡༣ བར་བལ་ཡུལ་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བལ་ཡུལ་དུ་ཡོད་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཡན་ལག་ནང་ཚོགས་མི་འཛུལ་བཞུགས་ཀྱི་བོད་དོན་དང་འབྲེལ་བའི་ལས་དོན་གནང་། ༢༠༡༠ ལོར་བལ་ཡུལ་ས་གཞོན་གྱི་ཚོགས་གཙོའི་འགན་འཁུར། །
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།

Leave a Reply

Your email address will not be published. Required fields are marked *