རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་སྡུར་འགོ་འཛུགས་བྱས་སོང་།

ཟླ་༥ པའི་ཚེས་༣༡ ཉིན་དྷ་སའི་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ། རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་ཐེངས་༢༥ པ་དེ་འགོ་འཛུགས་བྱས་སོང་བ་དང་། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་དང་། ཀང་རཱ་རྫོང་གི་ཉེན་རྟོག་དཔོན་གཞོན་པ་སཱན་ཏོ་ཤེ་བཅས་ཕེབས་འདུག

ཐེངས་འདིར་ཐོག་མར་རུ་ཁག་༢༤ མཉམ་ཞུགས་བྱས་ཡོད་འདུག་ཀྱང་། རྗེས་སུ་བལ་ཡུལ་པོག་རཱ་རུ་ཁག་ཕྱིར་འཐེན་བྱས་འདུག་པས། དངོས་སུ་མཉམ་ཞུགས་བྱེད་མཁན་རུ་ཁག་༢༣ འདུག

དེ་ཡང་བྱང་ཨ་རི་དང་བལ་ཡུལ། དབྱིན་ཡུལ་བཅས་ནས་རུ་ཁག་རེ་ཡོད་པ་དང་། གཞན་ལྷག་མ་༢༠ རྣམས་རྒྱ་གར་ནས་ཡིན་ཁར།

ཐེངས་འདིར་ཨང་དང་པོར་བྱ་དགའ་ཧིན་སྒོག་འབུམ་གཅིག་དང་ཁྲི་ལྔ་སྤྲོད་རྒྱུ་ཡིན་པ་དང་། ཨང་གཉིས་པར་ཧིན་སྒོར་འབུམ་༡ སྤྲོད་རྒྱུ་རེད་འདུག དེ་བཞིན་རྩེད་མོ་བ་རྩེ་ཕུད་དང་། སྤོ་ལོ་མང་ཤོས་བླུགས་མཁན། སྒོ་བཀག་རྩེ་ཕུད་པ། རྩེད་མོ་དྲང་ཤོས་རྩེད་མཁན་གྱི་རུ་ཁག་བཅས་ལ་ཡང་བྱ་དགའ་སྤྲོད་རྒྱུ་རེད་འདུག རྩེད་འགྲན་གོ་སྒྲིག་པ་བོད་རྒྱལ་ཡོངས་རྩེད་རིགས་ལྷན་ཚོགས་ནས་རྩེད་ཐང་ཡར་རྒྱས་གཏོང་ཆེད་དུ་ཧིན་སྒོར་འབུམ་༢༠ ཙམ་འགྲོ་སོང་བཏང་འདུག

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་མི་ཚེའི་ནང་འཕྲོད་བསྟེན་གྱི་གལ་གནད་སྐོར་དང་། བོད་རྒྱལ་ཡོངས་རྩེད་རིགས་ལྷན་ཚོགས་ནས་ལོ་མང་རིང་ནས་འགན་ཁུར་བྱས་ཏེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྩེད་རིགས་འགྲན་སྡུར་གོ་སྒྲིག་བྱེད་ཀྱི་ཡོད་པར་བསྔགས་བརྗོད་བྱས་ཏེ། རྩེད་མོ་བ་རྣམས་དང་མི་མང་གིས་རྩེད་འགྲན་སྐབས་སུ་རྒྱལ་ཕམ་གང་རུང་འབྱུང་ངེས་པས། གཙོ་བོ་བཟང་སྤྱོད་དང་སྒྲིག་འཛུགས་དང་ལྡན་པའི་ཐོག་ནས་རྩེད་འགྲན་བྱེད་རྒྱུ་དང་རྒྱབ་སྐྱོར་བྱས་ནས། མིག་དཔེ་བཟང་པོ་སྟོན་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང།

དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས། བོད་རྒྱལ་ཡོངས་རྩེད་རིགས་ལྷན་ཚོགས་ཀྱིས་ལོ་མང་རིང་ཆ་རྐྱེན་ཡག་པོ་ཡོད་མེད་ལ་མ་ལྟོས་པར། རྐང་སྤོལ་དང་སིལ་སྤོལ་སོགས་ཀྱི་རྩེད་འགྲན་གོ་སྒྲིག་བྱེད་ཀྱི་ཡོད་པར་བསྔགས་བརྗོད་བྱས་ཏེ། རྩེད་འགྲན་སྐབས་སུ་ཕན་ཚུན་འཆམ་མཐུན་དང་གུས་བརྩི་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གྱི་གསུང་བཤད་གནང་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།