རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་འཚོགས་འཆར།
ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག ཟླ་འདིའི་ཚེས་༡༠ དང་༡༡ ཉིན་དྷ་ས་མེག་གྷན་བྷག་སུ་མགྲོན་ཁང་དུ་རྒྱལ་སྤྱིའི་ཧི་མ་ལའི་དུས་སྟོན་འཚོགས་རྒྱུ་ཡིན་པ་རེད།
ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག ཟླ་འདིའི་ཚེས་༡༠ དང་༡༡ ཉིན་དྷ་ས་མེག་གྷན་བྷག་སུ་མགྲོན་ཁང་དུ་རྒྱལ་སྤྱིའི་ཧི་མ་ལའི་དུས་སྟོན་འཚོགས་རྒྱུ་ཡིན་པ་རེད།
ཟླ་འདིའི་ཚེས་༧ ཉིན་དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་རཱམ་(Ram saurav) དང་བོད་མི་མང་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས། དྷ་སའི་ས་གནས་འགོ་འཛིན་བསོ་ནམས་རྡོ་རྗེ། སྤྱི་ཟུར་ཡོན་ཏན་རྒྱ་མཚོ་བཅས་ཀྱིས་འདི་ལོའི་རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་སོང།
ཁོང་རྣམ་པས་རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་དེ་ནི་ཐོག་མར་ཕྱི་ལོ་༡༩༨༩ ལོར་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བས། ཁོང་ལ་ཆེ་བསྟོད་གྱི་ཆེད་དུ། ཕྱི་ལོ་༡༩༩༥ ལོ་ནས་དུས་སྟོན་དེ་ལོ་ལྟར་གོ་སྒྲིག་བྱེད་ཀྱི་ཡོད་པ་དང། སྐབས་དེར་ཧི་མ་ཅཱལ་གྱི་ས་ཁུལ་མང་པོ་ནས་སྲོལ་རྒྱུན་གྱི་གཞས་སྣ་དང་བོད་ཀྱི་གཞས་སྣ་འཁྲབ་སྟོན་བྱེད་ཀྱི་ཡོད་པ། དུས་སྟོན་དེའི་འགྲོ་སོང་ཆེད་ཧི་མ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་དང། བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་འགྱུར་རོགས་རམ་བྱེད་ཀྱི་ཡོད་པ། དེ་བཞིན་དུས་སྟོན་དེ་བརྒྱུད་བོད་པ་དང་རྒྱ་གར་བའི་མི་རིགས་དབར་ལ། བསམ་ཤེས་དང་འཆམ་མཐུན་གྱི་གཞི་རྩ་འཛུགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པའི་སྐོར་སོགས་ངོ་སྤྲོད་གནང་སོང།
གསར་འགོད་པ་སྐལ་བཟང་དོན་གྲུབ།