རྗེ་ནི་ཝ་རྒྱལ་ཚོགས་སྒོ་རུ་སྤྲུལ་སྐུ་གྲོངས་རྐྱེན་གསལ་འདོན་དགོས་པའི་ལས་འགུལ།

ཕྱི་ཟླ་༧ པའི་ཚེས་༣༡ གཟའ་པ་སངས་ཉིན་སུད་སི་དང་ལིཀ་ཊན་སི་ཊན་བོད་རིགས་མི་མང་དང་སུད་སིའི་བོད་ཀྱི་བུད་མེད་ལྷན་ཚོགས། ཡུ་རོབ་བོད་ཀྱི་གཞོན་ནུའི་ཐུན་ཚོགས་སོགས་མཉམ་འབྲེལ་ཐོག རྒྱ་ནག་གཞུང་གིས་ཁྲིམས་ཆད་མནར་གཅོད་འོག་རང་སྲོག་ཤོར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་འདས་རྐྱེན་རྒྱ་ནག་གཞུང་གིས་འཛམ་གླིང་མི་མང་ལ་གསལ་བཤད་བྱ་དགོས་པའི་ངོ་རྒོལ་སྐད་འབོད་ཅིག་རྗི་ནི་ཝར་གོ་སྒྲིག་བྱས་སོང་།

ཕྱི་ཟླ་༧ པའི་ཚེས་༣༡ གཟའ་པ་སངས་ཉིན་སུད་སི་དང་ལིཀ་ཊན་སི་ཊན་བོད་རིགས་མི་མང་དང་སུད་སིའི་བོད་ཀྱི་བུད་མེད་ལྷན་ཚོགས། ཡུ་རོབ་བོད་ཀྱི་གཞོན་ནུའི་ཐུན་ཚོགས་སོགས་མཉམ་འབྲེལ་ཐོག རྒྱ་ནག་གཞུང་གིས་ཁྲིམས་ཆད་མནར་གཅོད་འོག་རང་སྲོག་ཤོར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་འདས་རྐྱེན་རྒྱ་ནག་གཞུང་གིས་འཛམ་གླིང་མི་མང་ལ་གསལ་བཤད་བྱ་དགོས་པའི་ངོ་རྒོལ་སྐད་འབོད་ཅིག་རྗི་ནི་ཝར་གོ་སྒྲིག་བྱས་སོང་།
12312ལས་འགུལ་དེའི་སྐབས་སུ་བོད་མི་མང་སྤྱི་འཐུས་ལས་ཐོག དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པའི་འཐུས་མི་ཁག་དང་མི་མང་༢༠༠ ལྷག་མཉམ་ཞུགས་ཀྱིས་རྗི་ནི་ཝར་ཡོད་པའི་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སྤྲུལ་སྐུའི་འདས་རྐྱེན་གསལ་པོར་བཟོ་བར་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་སྐད་འབོད་བྱས་ཡོད་པ་རེད།

1231ཡུལ་དངོས་དེར་སུད་སི་དང་ལིཀ་ཊན་སི་ཊན་བོད་རིགས་མི་མང་གི་ཚོགས་གཙོས་ལས་འགུལ་ངོ་སྤྲོད་ཀྱི་གསུང་བཤད་དང་། རིམ་བཞིན་སྐུ་ངོ་དོན་གཅོད་ཀྱིས་མི་མང་ལ་སྤྲུལ་སྐུའི་སྐུ་ཚེ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོས་འཕྲལ་གྱི་རང་ཅག་ས་གནས་དོན་གཅོད་ཀྱིས་ལས་འགུལ་གང་དག་བསྒྲུབས་ཡོད་མེད་དང་། ལྷག་པར་དུ་རྗི་ནི་ཝར་ཡོད་པའི་ཕྱི་རྒྱལ་གྱི་དོན་གཅོད་ཁང་ཚང་མར་དོན་རྐྱེན་འདིར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པ་བཞིན། འཇར་མན་དང་ཁེ་ན་ཊ་གཉིས་ཀྱི་འདིའི་སྐོར་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པའི་སྐོར། སྐུའི་སྲིང་མོ་དང་ཚ་མོ་གཉིས་གར་སོང་ཆ་མེད་དུ་ཕྱིན་པར་འཕྲད་མར་རྒྱལ་སྤྱིའི་གར་སོང་ཆ་མེད་ལས་ཁུངས་སུ་འགྲོ་ལུགས་གཉེར་ནས་ཐོ་འགོད་བྱས་ཡོད་པ་སོགས་ངོ་སྤྲོད་དང་། གཞན་རྒྱ་ནག་གི་ད་ལྟའི་བོད་ཐོག་ལ་འཛིན་པའི་སྲིད་ཇུས་ངོ་སྤྲོད་སོགས་བྱས་རྗེས། བོད་མི་རྣམས་རྒྱ་ནག་གིས་བོད་ལ་བསྟན་པའི་རྣམ་པ་ཆུང་ཚགས་ལ་འདོད་པ་ཁེངས་ནས་མི་འདུག་པར་བོད་རང་གི་རྩ་དོན་ཆེད་དུ་ནུས་ཤུགས་གང་ཡོད་འདོན་དགོས་པའི་འབོད་སྐུལ་ཡང་གནང་སོང་།
དེ་བཞིན་ཡོ་རོབ་སྤྱི་འཐུས་ལས་ཐོག་བཀྲས་མཐོང་དབང་པོས་སྤྲུལ་སྐུ་དང་འབྲེལ་བའི་གསུང་བཤད་གནང་དོན། “ངས་རིན་པོ་ཆེ་ཁོང་གི་མི་ཚེ་ཧྲིལ་བོ་མི་རིགས་ལ་དགའ་ཞེན་གྱི་མི་རིགས་ཀྱི་ཆེད་དུ་བཏང་བར་ངོས་འཛིན་ཡོད་”ཅེས་སོགས་གསུངས་སོང་།

དེ་བཞིན་སུད་སིའི་ལྗང་ཁུ་ཚོགས་པའི་རྒྱུན་ལས་ཟུར་པ་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་སྐུ་ཞབས་Rene Longet ཡིས་གསུང་བཤད་དང་། ཡོ་རོབ་བོད་ཀྱི་གཞོན་ནུ་དང་བུད་མེད་སོགས་ཀྱི་འཐུས་མིས་རང་རང་གི་དགོངས་ཚུལ་དང་འབྲེལ་བའི་མི་མང་ལ་གསུངས་བཤད་གནང་སོང་།
ས་གནས་གསར་འགོད་པ་རྡོ་སྦིས་ཀླུ་རྒྱལ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།