རྡ་ས་ཁུལ་དུ་བོད་མི་མང་པོ་ཞིག་ལ་ཏོག་ནད་ཕོག་འདུག

དེང་གི་ཆར་ཡང་རྒྱ་ནག་ནས་༢༠༡༩ ལོ་ནས་མཆེད་པའི་ཏོག་དབྱིབས་ནད་དུག་རྒྱ་གར་ནང་བསྐྱར་དུ་ཁྱབ་གདལ་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་དེར། བཞུགས་སྒར་རྡ་ས་ཁུལ་དུ་བོད་མི་ཉིན་གཅིག་ནང་བོད་མི་མང་པོ་ཞིག་ལ་ཡང་ཏོག་ནད་ཐོན་ཡོད་འདུག་པ་དང་། དེ་བཞིན་ཧི་མ་ཅལ་མངའ་སྡེའི་ནང་དུ་བཀག་རྒྱ་གསར་པ་ཁག་ཅིག་བཏང་འདུག

དེང་གི་ཆར་ཡང་རྒྱ་ནག་ནས་༢༠༡༩ ལོ་ནས་མཆེད་པའི་ཏོག་དབྱིབས་ནད་དུག་རྒྱ་གར་ནང་བསྐྱར་དུ་ཁྱབ་གདལ་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་དེར། བཞུགས་སྒར་རྡ་ས་ཁུལ་དུ་བོད་མི་ཉིན་གཅིག་ནང་བོད་མི་མང་པོ་ཞིག་ལ་ཡང་ཏོག་ནད་ཐོན་ཡོད་འདུག་པ་དང་། དེ་བཞིན་ཧི་མ་ཅལ་མངའ་སྡེའི་ནང་དུ་བཀག་རྒྱ་གསར་པ་ཁག་ཅིག་བཏང་འདུག

དེ་ཡང་ཟླ་༡ པོའི་ཚེས་༥ ཉིན་བཞུགས་སྒར་རྡ་ས་ཆགས་ཡུལ་གྱི་ཀང་རཱ་རྫོང་དུ་མི་གྲངས་༡༣༦ ལ་ཏོག་ནད་ཡོད་པ་ར་ཁྲོད་བྱུང་འདུག་པ་དང་། དེའི་ཁོངས་ནས་བོད་མི་༣༠ གཡས་གཡོན་ཞིག་ལ་ཡང་ཏོག་ནད་ཐོན་ཡོད་པ་རེད་འདུག དེ་ཡང་བོད་མི་མང་པོ་ཞིག་རྒྱ་གར་གྲོང་གསེབ་འདྲ་མིན་ཁག་ཏུ་ཁང་པ་གཡར་ནས་སྡོད་ཀྱི་ཡོད་པས། ཁ་བྱང་ཡང་རྒྱ་གར་གྲོང་གསེབ་ཁག་སྤྲོད་ཀྱི་ཡོད་པས། ཀང་ར་རྫོང་གི་ཏོག་ནད་ཐོ་གྲངས་ནང་ནད་པའི་ཁ་བྱང་བཏོན་པར་གཞིགས་ནས། ནད་པ་བོད་མི་ཡིན་པ་ངོས་འཛིན་ཐུབ་པ་༢༩ འདུག དེའི་ཁོངས་ནས་མང་ཤོས་ནི་བོད་ཀྱི་ཟློས་གར་ཚོགས་པ་ཡིན་འདུག་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་གངས་སྐྱིད། མེག་གྷན་ཁུལ། ནོར་གླིང་ཁུལ་བཅས་ནས་ཡང་ཁ་ཤས་ཡོད་པའི་གནས་ཚུལ་འདུག

ཟླ་༡ པོའི་ཚེས་༥ ཉིན་རྒྱ་གར་རྒྱལ་ཡོངས་སུ་ཆུ་ཚོད་༢༤ རིང་གི་ཏོག་དབྱིབས་ནད་པ་གསར་པ་ཐོན་པའི་ཁ་གྲངས་༩༠,༩༢༨ ཆགས་ནས་ཉིན་སྔོན་མ་དང་བསྡུར་ན་བརྒྱ་ཆ་༥༦ འཕར་ཡོད་པ་དང་། དེ་བཞིན་ཏོག་དབྱིབས་ནད་དུག་གི་ནད་འབུ་རིགས་གསར་པ་ཨོ་མེར་ཁོན་ལ་བརྟེན་ནས་ཚེ་སྲོག་ཤོར་མཁན་དང་པོ་རྒྱ་གར་གྱི་མངའ་སྡེ་རཱ་ཇི་སེ་ཐན་དུ་བྱུང་ཡོད་འདུག

རྒྱ་གར་གྱི་མངའ་སྡེ་མང་པོ་ཞིག་གིས་ཏོག་དབྱིབས་ནད་འབུ་ཁྱབ་གདལ་སྔོན་འགོག་ཆེད་དུ་བཀག་རྒྱ་གསར་པ་མང་པོ་བཏང་ཡོད་པ་ལྟར། བོད་མི་མང་པོ་ཞིག་གནས་སྡོད་བྱེད་ཡུལ་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་དུ་ཡང་དགོང་མོའི་ཆུ་ཚོད་༡༠ པ་ནས་སྔ་དྲོའི་ཆུ་ཚོད་༥ པ་བར་དུ་ཕྱི་ལ་ཐོན་ཆོག་གི་མེད་ཁར། ཚོང་ཁང་ཆེན་མོ་དང་གློག་བརྙན་ཁང་། རྩེད་ཐང་སོགས་སྒོ་རྒྱག་དགོས་ཀྱི་ཡོད་འདུག དེ་བཞིན་ཆང་ས་སོགས་ཀྱི་འདུ་འཛོམས་སོགས་ལ་མི་མང་ཤོས་ཚད་ཀྱི་བརྒྱ་ཆ་༥༠ མ་གཏོགས་མཉམ་ཞུགས་བྱེད་ཆོག་གི་མེད་པ་རེད། །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *