རྡོ་རྫོང་རིན་པོ་ཆེ་ལ་བརྟན་བཞུགས་ཕུལ་འདུག
ཟླ་འདིའི་ཚེས་ ༡ ཉིན་དྷ་སའི་ཉེ་འཁྲིས་ཀྱི་ཅམ་མོ་ཊ་རུ་ཡོད་པའི་བྱང་ཆུབ་ལྗོངས་སུ་༧རྒྱལ་བ་མདོ་ཁམས་དགུ་པ་རིན་པོ་ཆེ་དབུ་བཞུགས་ཐོག རྡོ་རྫོང་རིན་པོ་ཆེ་ལ་བརྟན་བཞུགས་རྒྱས་པ་ཞིག་ཕུལ་ཡོད་པ་རེད། དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན།
ཟླ་འདིའི་ཚེས་ ༡ ཉིན་དྷ་སའི་ཉེ་འཁྲིས་ཀྱི་ཅམ་མོ་ཊ་རུ་ཡོད་པའི་བྱང་ཆུབ་ལྗོངས་སུ་༧རྒྱལ་བ་མདོ་ཁམས་དགུ་པ་རིན་པོ་ཆེ་དབུ་བཞུགས་ཐོག རྡོ་རྫོང་རིན་པོ་ཆེ་ལ་བརྟན་བཞུགས་རྒྱས་པ་ཞིག་ཕུལ་ཡོད་པ་རེད།
དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ཕྱི་ཟླ་ ༦ པའི་ཚེས་༢༩ དང་༣༠ སོ་སོར་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སྒོ་ནས་ཚེ་སྒྲུབ་གནང་ཞིང་། ཚེས་༡ གི་ཉིན་མོར་དངོས་སུ་བརྟན་ཞུགས་བསྟབ་འབུལ་ཞུས་པ་དང་། བརྟན་བཞུགས་གོ་སྒྲིག་ཞུ་མཁན་གོ་འཇོ་བ་བྱེས་ལ་ཡོད་པ་རྣམས་ཀྱིས་གཙོ་འགན་ཁུར་ཏེ། གཞིས་བཞུགས་གོ་འཇོ་བ་མང་པོས་ཞལ་འདེབས་ཕུལ་ཡོད་པ་རེད།
དངོས་གཞི་ཉིན་གྱི་སྔ་དྲོ་ཆུ་ཚོད་༨ པའི་ཐོག་རྡོ་རྫོང་རིན་པོ་ཆེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཤིང་། ༧རྒྱལ་བ་མདོ་ཁམས་པས་ཚེ་རྫས་དང་རྫས་བརྒྱད་རྒྱལ་སྲིད་སྣ་བདུན་སོགས་འབུལ་གནང་མཛད། གདན་ས་ཆེན་མོ་རྣམ་གྲོལ་གླིང་གི་མཁན་པོས་ཕུན་ཚོགས་ལྔ་ལྡན་དང་མཎྜལ་རྒྱས་བཤད་ལྗགས་གསུང་གནང་ཞིང་བརྟན་ཞུགས་ཚོགས་པའི་སྐུ་གསུང་ཐུགས་རྟེན་སོགས་ཀྱི་འབུལ་མཚོན་བཏེག གཞན་མཚུར་ཕུ་དགོན་པའམ་༧རྒྱལ་དབང་ཀརྨ་པའི་བླ་བྲང་། ཁམས་པ་སྒར་བཀྲ་ཤིས་ལྗོང་གཞིས་དགོན་གཉིས་དང་། བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་། འབྲུག་བདེ་ཆེན་ཆོས་འཁོར་གླིང་སོགས་དགོན་པ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། མཛད་སྒོའི་ཐོག་ཏུ་བྱེས་ཀྱི་ས་ཕྱོགས་གང་སར་ཡོད་པའི་གོ་འཇོ་བའི་དད་ལྡན་མི་མང་དང་། ༧རྒྱལ་བ་ཀརྨ་པའི་སྐུ་ཡི་ལྕམ་སྲིང་དངོས་གྲུབ་དཔལ་འཛོམས། སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ། ས་སྐྱའི་སྤྱི་འཐུས་ག་གཟི་དགེ་བཤེས་ཚེ་རིང་པོ། བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ། མདོ་སྟོད་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། ནང་སྲིད་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་སོགས་སྐུ་མགྲོན་རྣམས་དང་། དཔལ་འབྲུག་པའི་དགོན་ཁག་བཞི་ཡི་བླ་སྤྲུལ་དགེ་འདུན་དང་། བཀྲ་ཤིས་ལྗོངས་མི་མང་། བོད་ཁྱིམ་གོ་པལ་པུར་དགེ་སློབ་བཅས་བཅར་ཡོད་པ་རེད།
འབྲུག་བྱང་ཆུབ་ལྗོངས་ནི་རྡོ་རྫོང་རིན་པོ་ཆེའི་བྱེས་ཀྱི་གདན་ས་ཡིན་ཞིང་། ཕྱི་ལོ་༢༠༡༠ ལ་༧གོང་ས་མཆོག་ཕེབས་ནས་དབུ་འབྱེད་རབ་གནས་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།