ལ་དྭགས་ནས་གསེར་སྤྱི་རྒྱའམ་ཀི་ལོ་༡༠༠ ལྷག་ཁྱེར་བའི་མི་གཉིས་འཛིན་བཟུང་བྱས་འདུག 

ཟླ་འདིའི་ཚེས་༡༠ ་ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཧིན་བོད་ས་མཚམས་ཀྱི་ཉེན་རྟོག་པས་ཧིན་སྒོར་ས་ཡ་བདུན་བརྒྱའི་རིན་ཐང་ཡོད་པའི་གསེར་ཀེ་ལོ་བརྒྱ་ལྷག་འཁྱེར་མཁན་གྱི་སྐྱེས་པ་གཉིས་འཛིན་བཟུང་བྱས་འདུག

པར། INDIA TODAY

དབྱར་ཁའི་དུས་སུ་ལ་དྭགས་ཕྱོགས་སུ་སིམ་འཛུལ་དང་ནག་ཚོང་རྒྱག་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་སྟབས་བསྟུན། ཟླ་འདིའི་ཚེས་༩ ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༡༣༠ ནས་༢།༠༠ པའི་བར། ཧིན་བོད་ས་མཚམས་ཀྱི་ཉེན་རྟོག་པས་(Chismule) (Narbula)་དང་(Zakle) ་དང་(Zakkla) ་ཞེས་པ་ལ་དྭགས་ཀྱི་ལྷོ་ཤར་ས་ཁུལ་ཁག་ཅིག་ལ་སྐོར་འཆག་བྱེད་པའི་སྐབས། ཧིན་བོད་ས་མཚམས་ནས་བར་ཐག་སྤྱི་ལེ་༡ ་ཙམ་ཡོད་པའི་(Sirigaple) ་ཉེ་འགྲམ་དུ་དྲེལ་བདའ་ནས་འགྲོ་བཞིན་པའི་དོགས་ཡོད་སྐྱེས་པ་གཉིས་འཛིན་བཟུང་བྱས་ཡོད་འདུག
སྐྱེས་པ་གཉིས་པོས་ཉེན་རྟོག་པར་སྨན་རྩ་མཁོ་སྒྲུབ་བྱེད་མཁན་ཡིན་ཞེས་བརྗོད་ཀྱང་། ཉེན་རྟོག་པས་སྔོག་བཤེར་བྱེད་དུས་ཁོང་གཉིས་ཀྱིས་ས་ཡ་བདུན་བརྒྱའི་རིན་ཐང་ཡོད་པའི་གསེར་ཀི་ལོ་༡༠༨ དང་གྲི་དང་། རྒྱ་ནག་གི་ཟས་རིགས་སོགས་ཁྱེར་ཡོད་པ་རྙེད་སོན་བྱུང་ཡོད་འདུག
སྐྱེས་པ་གཅིག་ནི་ལོ་ན་༤༠ ་ལ་སོན་ཞིང་མིང་ལ་བསྟན་འཛིན་དར་རྒྱས་དང་གཞན་དེ་ལོ་༦༩ ་དང་མིང་ལ་ཚེ་རིང་བྱམས་པ་ཟེར་གྱི་ཡོད་འདུག ཁོང་གཉིས་ནི་རྒྱ་གར་གྱི་མི་སེར་དང་ལ་དྭགས་ཀྱི་ཧན་ལེ་(Hanle) ་ཞེས་པའི་གྲོང་གསེབ་ལ་གནས་སྡོད་བྱེད་མཁན་ཞིག་རེད་འདུག སྐྱེས་པ་དེ་གཉིས་ལ་དྭགས་སུ་མ་བསླེབས་གོང་། གསེར་ཁྱེར་ཏེ་བལ་ཡུལ་ནས་བོད་ལ་རྐང་ཐང་དུ་ཕྱིན་ཡོད་པའི་དོགས་པ་བྱེད་བཞིན་ཡོད་འདུག ད་ལྟའི་ཆར་ས་མཚམས་ཀྱི་ཉེན་རྟོག་པ་དང་རྒྱ་གར་གྱི་གསང་བའི་མི་སྣ་སོགས་ཀྱིས་གནས་དོན་དེའི་ཐོག་ལ་རྟོག་ཞིབ་བྱེད་བཞིན་པ་རེད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།