ལོ་དྲུག་ལ་སོན་པའི་སློབ་མ་ཞིག་གིས་དགེ་རྒན་ལ་མེ་མདའ་བརྒྱབ་འདུག

ལོ་ན་དྲུག་ལ་སོན་པའི་སློབ་མ་ཞིག་གིས་དགེ་རྒན་ལ་མེ་མདའ་བརྒྱབ་ཡོད་པ་དང་། ཕྱི་ལོ་༢༠༡༨ ནས་ད་བར་ཨ་རིའི་སློབ་གྲྭ་ཁག་གི་ནང་དུ་མེ་མདའ་བརྒྱབ་པའི་གནས་ཚུལ་ཁྱོན་བསྡོམས་༡༤༥ ལྷག་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༠ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༦ ཉིན་ཨ་རིའི་ཝེ་ཇི་ནི་ཡ་(Virginia) མངའ་སྡེའི་ནང་སྔོན་འགྲོའི་སློབ་གྲྭ་ཞིག་གི་ནང་། ལོ་ན་༢༥ ལ་སོན་པའི་དགེ་རྒན་(Abigail Zwerner) ཟེར་བ་ཞིག་གིས་འཛིན་གྲྭའི་ནང་སློབ་ཁྲིད་བྱེད་བཞིན་པའི་སྐབས་སུ། ལོ་ན་དྲུག་ལ་སོན་པའི་སློབ་མ་ཞིག་གིས་དགེ་རྒན་ལ་མེ་མདའ་བརྒྱབ་ཡོད་འདུག་ལ། སྐབས་དེ་སློབ་ཁང་དུ་སློབ་མ་༢༠ ཡོད་རུང་ཚང་མ་ལ་རྨས་སྐྱོན་གང་ཡང་ཕོག་མེད་པ་རེད་འདུག  ད་ལྟའི་ཆར་དགེ་རྒན་དེ་སྲོག་ཉེན་ལས་གྲོལ་ཡོད་པ་དང་། ཕྱི་ལོ་༢༠༢༣ ལོར་སློབ་གྲྭའི་ནང་བྱུང་པའི་མེ་མདའི་དོན་རྐྱེན་ཐོག་མ་དེ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག

ས་གནས་ཉེན་རྟོག་པས་དོན་རྐྱེན་དེ་ནི་བསམ་བཞིན་དུ་བྱས་པ་ཞིག་ལས་སྣང་མེད་ཐོག་བྱུང་བ་ཞིག་མ་རེད་ཅེས་བརྗོད་ཡོད་འདུག་ལ། མེ་མདའ་དེ་ཁོང་གིས་ཨ་མས་ཁྲིམས་མཐུན་ཐོག་ཉོས་ནས་ཁྱིམ་ལ་བཞག་ཡོད་འདུག་ཅེས་གསར་འགོད་གསལ་བསྒྲགས་སྐབས་སུ་བརྗོད་ཡོད་འདུག

ཨ་རིའི་སློབ་གྲྭ་ཁག་གི་ནང་དུ་དུས་ནས་དུས་སུ་མེ་མདའ་གང་བྱུང་བརྒྱབ་པའི་གནས་ཚུལ་ལྷག་གི་ཡོད་འདུག ཕྱི་ལོ་༢༠༢༠ ལོར་མེ་མདའི་དོན་རྐྱེན་༡༠་དང་། ཕྱི་ལོ་༢༠༢༡ ལོར་ཐེངས་༣༥་དང་། ཕྱི་ལོ་༢༠༢༢ ལོར་ཐེངས་༥༡ བཅས་ཕྱི་ལོ་༢༠༡༨ ནས་ད་བར་ཨ་རིའི་སློབ་གྲྭ་ཁག་གི་ནང་དུ་མེ་མདའ་གང་བྱུང་བརྒྱབ་པའི་དོན་རྐྱེན་ཁྱོན་བསྡོམས་༡༤༥ བྱུང་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།