ལོ་ན་བཅུ་མན་ཆོད་ཀྱི་ཕྲུ་གུའི་རྐང་སྤོལ་འགྲན་སྡུར།

དྷ་སའི་ཉེ་འཁོར་དུ་ཡོད་པའི་སློབ་གྲྭ་གསུམ་བར་ལོ་བཅུ་མན་ཆོད་ཀྱི་སློབ་མའི་རྐང་སྤོལ་འགྲན་སྡུར་ཞིག་བྱས་ཏེ་འཛམ་གླིང་བཞི་བདེ་ཉིན་མོ་སྲུང་བརྩི་བྱས་ཡོད་པ་རེད།

དྷ་སའི་ཉེ་འཁོར་དུ་ཡོད་པའི་སློབ་གྲྭ་གསུམ་བར་ལོ་བཅུ་མན་ཆོད་ཀྱི་སློབ་མའི་རྐང་སྤོལ་འགྲན་སྡུར་ཞིག་བྱས་ཏེ་འཛམ་གླིང་བཞི་བདེ་ཉིན་མོ་སྲུང་བརྩི་བྱས་ཡོད་པ་རེད།

1453དེའང་ཟླ་འདིའི་ཚེས་༡༩ ནས་ཉིན་གཉིས་རིང་མེག་གྷན་ཕ་མའི་ཚོགས་ཆུང་དང་“རྩེད་ཐང་སྒང་ལ་”ཞེས་པའི་དང་བླངས་རྩེད་མོའི་ཚོགས་ཆུང་གི་གོ་སྒྲིག་འོག དྷ་སྟེང་བོད་ཁྱིམ་དང་། གྷོ་པལ་པུར་བོད་ཁྱིམ། མེག་གྷན་ཉིན་མོའི་སློབ་གྲྭའི་འཛིན་རིམ་ལྔ་པ་མན་ཆོད་ཀྱི་བུ་དང་བུ་མོའི་རུ་ཁག་བར་རྐང་སྤོལ་འགྲན་སྡུར་ཞིག་བྱས་པ་དང་། མཐར་བུའི་རྐང་སྤོལ་འགྲན་སྡུར་གྱི་ཨང་དང་པོའི་བྱ་དགའ་དྷ་སྟེང་བོད་ཁྱིམ་ལ་ཐོབ་པ་དང་། བུ་མོའི་རྐང་སྤོལ་འགྲན་སྡུར་གྱི་ཨང་དང་པོའི་བྱ་དགའ་གྷོ་པལ་པུར་བོད་ཁྱིམ་ལ་ཐོབ་ཡོད་པ་རེད། བུ་དང་བུ་མོའི་ཨང་གཉིས་པའི་བྱ་དགའ་དེ་མེག་གྷན་ཉིན་མོའི་སློབ་གྲྭར་ཐོབ་ཡོད་པ་རེད།

བུའི་རྩེད་འགྲན་པ་རྩེ་ཕུད་ཀྱི་བྱ་དགའ་དེ་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསོད་ནམས་དཔལ་སྦྱོར་དང་། བུ་མོའི་རྩེད་འགྲན་པ་རྩེ་ཕུད་ཀྱི་བྱ་དགའ་དེ་གྷོ་པལ་པུར་བོད་ཁྱིམ་གྱི་སློབ་མ་ཚེ་རིང་ཕུར་བུ་ལ་ཐོབ་ཡོད་པ་རེད།

བུ་དང་བུ་མོའི་རྐང་སྤོལ་འགྲན་སྡུར་གྱི་ཨང་དང་པོར་ཧིན་སྒོར་༤༠༠༠ རེ་དང་། ཨང་གཉིས་པར་ཧིན་སྒོར་༢༠༠༠ རེ་། རྩེད་འགྲན་པ་རྩེ་ཕུད་གཉིས་ལ་ཧིན་སྒོར་༥༠༠ རེ་བཅས་སུད་སི་ནས་ཡིན་པའི་ པི་ཡ་ ཨ་མན་(Pia Amman) གྱི་སྦྱིན་བདག་བྱས་ཡོད་པ་རེད། སློབ་ཕྲུག་ཚོར་ཉིན་གཉིས་རིང་ཉིན་གུང་ཞལ་ལག་མེག་གྷན་ཕ་མའི་ཚོགས་ཆུང་ནས་གོ་སྒྲིག་བྱས་ཡོད་པ་དང་། གསོལ་ཇ་དང་ཁ་ཟས་རིགས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གོ་སྒྲིག་བྱས་ཡོད་འདུག

ལོ་བཅུ་མན་ཆོད་ཀྱི་སློབ་མའི་རྐང་སྤོལ་འགྲན་སྡུར་དེ་ཐོག་མར་༢༠༡༤ ལོར་འགོ་ཛུགས་བྱས་པ་ཞིག་རེད།།
གསར་འགོད་པ་བསྟན་འཛིན་དགའ་འཕེལ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།