ལོ་རྒྱུས་ནང་བུད་མེད་ཀྱི་འོས་ཤོག་ཐེངས་དང་པོ།

ཁ་ཆེའི་རྒྱལ་ཁབ་སོ་དྷི་ཨ་རབ་(Saudi Arabia) ཀྱི་ལོ་རྒྱུས་ནང་བུད་མེད་ལ་འོས་འཕེན་པ་དང་འོས་མིར་ལངས་ཆོག་པའི་ཐོབ་ཐང་ཐེངས་དང་པོ་ཐོབ་ཡོད་པ་རེད།

ཁ་ཆེའི་རྒྱལ་ཁབ་སོ་དྷི་ཨ་རབ་(Saudi Arabia) ཀྱི་ལོ་རྒྱུས་ནང་བུད་མེད་ལ་འོས་འཕེན་པ་དང་འོས་མིར་ལངས་ཆོག་པའི་ཐོབ་ཐང་ཐེངས་དང་པོ་ཐོབ་ཡོད་པ་རེད།

11923037_1019337591423443_107750743_nདེ་ཡང་ཟླ་འདིའི་ཚེས་༡༩ ཉིན་གནས་ཚུལ་ཐོན་པ་ལྟར་ན། ཁ་ཆེའི་རྒྱལ་ཁབ་སོ་དྷི་ཨ་རབ་ནང་ལོ་འདིའི་ཕྱི་ཟླ་༡༢ ནང་ས་གནས་ཁག་གི་འོས་བསྡུ་ལ་བུད་མེད་ཚོས་འོས་བསྡུ་དེབ་སྐྱེལ་བྱེད་འགོ་ཚུགས་ཡོད་པ་དང། བུད་མེད་ཚོ་འོས་མིར་ཡང་ལངས་ཆོག་གི་ཡོད་པ་དེ་ནི་ལུང་པ་དེའི་ལོ་རྒྱུས་ནང་ཐེངས་དང་པོ་མངོན་འགྱུར་བྱུང་བ་ཞིག་ཡིན་འདུག

དེབ་སྐྱེལ་བ་བུད་མེད་ལིན་ཇ་ཝི་(Lin Jawi)ཡིས་ “ངས་གནས་ཚུལ་བཟང་པོ་དེ་མགྱོགས་པོ་དེ་འདྲ་ཐག་གཅོད་བྱུང་གི་རེད་བསམ་མ་སོང་། དེ་ནི་བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་པ་རྣམས་ཀྱི་འབད་བརྩོན་དང། རྒྱལ་པོ་སལ་མན་(Selman) གྱི་བཀའ་ཁྲོལ་གནང་བའི་བཀའ་དྲིན་རེད། མི་ཁ་ཤས་ཀྱིས་བུད་མེད་ཀྱི་འོས་བསྡུའི་ཐོབ་ཐང་དེ་ནི་ནུབ་ཕྱོགས་པར་ལད་མོ་བྱས་པའི་བསམ་ཚུལ་འཛིན་མཁན་ཡོད་ཀྱང། ངས་དེ་ནི་ཕོ་མི་འདྲ་མཉམ་གྱི་ཁ་ཕྱོགས་སུ་གོམ་སྟབས་སྤོས་པར་བརྩིས་ཀྱི་ཡོད་ལ། འགྱུར་བ་ཆེན་པོ་ཞིག་འགྲོ་སྐབས་དེ་ལ་ལྡོག་ཕྱོགས་ནས་ངོ་རྒོལ་བྱེད་མཁན་ཡོད་ངེས་པ་རེད།”ཅེས་བརྗོད་འདུག

སོ་དྷི་ཨ་རབ་རྒྱལ་ཁབ་ནང་བུད་མེད་ཀྱིས་རླངས་འཁོར་གཏོང་མི་ཆོག་པ་དང། ཆང་ས་རྒྱག་པར་འགན་ལེན་པ་ཕོ་ཞིག་ངེས་པར་དུ་དགོས་པ། བཤག་བཅོས་བྱེད་པ་དང་ལུང་པའི་ཕྱི་ལོགས་སུ་འགྲུལ་བསྐྱོད་བྱེད་པར་འགན་ལེན་པ་ཕོ་ཞིག་དགོས། དེ་བཞིན་བཟའ་མི་ཁ་བྲལ་སྐབས་ཕྲུ་གུའི་བདག་དབང་དེ་ཁྱོ་ག་ལ་ཡོད་པ་སོགས་བུད་མེད་ཀྱི་ཐོབ་ཐང་ཐད་ཤིན་ཏུ་སྐྱོ་པོ་ཡོད་ཅིང་། ཐེངས་འདིའི་བསྒྱུར་བཅོས་དེ་ནི་བུད་མེད་ཀྱི་ཐོབ་ཐང་ཐོག་ཡར་རྒྱས་ཀྱི་རྣམ་པ་ཆེན་པོ་ཞིག་ཡིན་པ་རེད།

སྐལ་བཟང་དོན་གྲུབ་ཀྱིས་སྒྱུར་སྒྲིག་བྱས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།