ལྷོ་ཀོ་རི་ཡ་ནང་མང་ཚོགས་འཚང་ཁ་ཐེབས་ནས་མི་གྲངས་༡༥༠ ལས་མང་བ་ཤི་འདུག 

ཟླ་༡༠ པའི་ཚེས་༢༩ ཉིན་གྱི་དགོང་མོར་ལྷོ་ཀོ་རི་ཡའི་རྒྱལ་ས་ཁུལ་དུ། མཚན་ཚོགས་ཁང་དང་ཆང་ཁང་མང་བའི་ས་གནས་ཨི་ཊེ་ཝོན་ཞེས་པ་དེར། ཡེ་ཤུའི་དུས་ཆེན་ཧཱེ་ལོ་ཝེན་སྲུང་བརྩི་བྱེད་མཁན་མི་ཚོགས་སྟོང་ཕྲག་མང་པོ་སླེབས་རྐྱེན། ས་གནས་དེའི་སྲང་ལམ་གུ་དོག་པའི་དཀྱིལ་དུ་མང་ཚོགས་རྣམས་འཚང་ཁ་ཐེབས་ནས་མི་མང་པོའི་ཚེ་སྲོག་ཤོར་འདུག 

ཟླ་༡༠ པའི་ཚེས་༢༩ ཉིན་གྱི་དགོང་མོར་ལྷོ་ཀོ་རི་ཡའི་རྒྱལ་ས་ཁུལ་དུ། མཚན་ཚོགས་ཁང་དང་ཆང་ཁང་མང་བའི་ས་གནས་ཨི་ཊེ་ཝོན་ཞེས་པ་དེར། ཡེ་ཤུའི་དུས་ཆེན་ཧཱེ་ལོ་ཝེན་སྲུང་བརྩི་བྱེད་མཁན་མི་ཚོགས་སྟོང་ཕྲག་མང་པོ་སླེབས་རྐྱེན། ས་གནས་དེའི་སྲང་ལམ་གུ་དོག་པའི་དཀྱིལ་དུ་མང་ཚོགས་རྣམས་འཚང་ཁ་ཐེབས་ནས་མི་མང་པོའི་ཚེ་སྲོག་ཤོར་འདུག 

དེ་ཡང་འཚང་ཁ་ཐེབས་ཡུལ་གྱི་ས་གནས་དེ་ནི་རྒྱལ་ནང་དང་རྒྱལ་སྤྱིའི་ནང་དུ་ཡེ་ཤུའི་དུས་ཆེན་རྣམས་སྲུང་བརྩི་བྱེད་ཡུལ་སྐད་གྲགས་ཆེན་པོ་ཡིན་ཁར། དུས་ཆེན་སྲུང་བརྩི་བྱེད་ཆེད་དུ་ཕྱིའི་རྒྱལ་ཁབ་ཁག་ནས་ཀྱང་མི་མང་པོ་སླེབས་ཀྱི་ཡོད་འདུག 

ཐེངས་འདིར་ཚེས་༢༩ ཉིན་མི་ཚོགས་ཆེ་དྲགས་ནས་ཕན་ཚུན་འཚང་ཁ་ཐེབས་ཏེ། མི་མང་པོ་ཞིག་རྡོ་རྫིས་ཐེབས་པ་དང་མང་པོ་ཞིག་འཚང་ཁ་རྐྱེན་པས་དབུགས་གཏོང་ལེན་མ་ཐུབ་པ་སོགས་བྱུང་ནས་ཚེ་སྲོག་ཤོར་མཁན་མང་པོ་བྱུང་འདུག རྐྱེན་ངན་དེ་ལས་ཐར་མཁན་གཞོན་སྐྱེས་ཁག་ཅིག་གིས་བརྗོད་དོན་ལྟར་ན། ས་ཁུལ་དེར་སླེབས་སྐབས་སུ་ཐོག་མར་ཉེན་རྟོག་པས་མང་ཚོགས་ཀྱི་ཚད་གཞི་སྟངས་འཛིན་བྱས་མེད་པ་རེད་འདུག དེ་བཞིན་གཞུང་གིས་བརྗོད་དོན་ལྟར་ན་ཉིན་དེར་རྒྱལ་སའི་ས་ཁུལ་གཞན་ཞིག་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་དང་བསྟུན་ནས། བདེ་སྲུང་མི་སྣ་མང་པོ་ཞིག་དེ་གར་བཀོད་སྒྲིག་བྱས་ཡོད་འདུག 

དེ་ཡང་ལོ་ངོ་གཉིས་ཀྱི་རིང་ས་ཁུལ་དེར་ཡེ་ཤུའི་དུས་ཆེན་དེ་སྲུང་བརྩི་སྐབས་སུ། ཏོག་དབྱིབས་ནད་དུག་ལ་བརྟེན་ནས་མང་ཚོགས་ཀྱི་ཚད་གཞི་སྟངས་འཛིན་དང་ཁ་རས་གྱོན་དགོས་པའི་ཁྲིམས་སོགས་དམ་པོ་ཡོད་འདུག་ཀྱང་། འདི་ལོར་བཀག་འགོག་དེ་དག་ཕྱིར་འཐེན་བྱས་རྐྱེན་མང་ཚོགས་སླེབས་མཁན་མང་པོ་བྱུང་བ་ཡིན་འདུག 

རྐྱེན་ངན་འདིའི་ཁྲོད་ཚེ་སྲོག་ཤོར་མཁན་ཕལ་ཆེ་བ་གཞོན་སྐྱེས་ཡིན་ཁར། སློབ་གྲྭའི་སློབ་མ་༦ ཡོད་པ་རེད་འདུག ལྷོ་ཀོ་རི་ཡའི་ནང་སྲིད་ལས་ཁུངས་ཀྱིས་བརྗོད་དོན་ལྟར་ན། ཚེ་སྲོག་ཤོར་མཁན་ཁྲོད་དུ་སྐྱེས་པ་༥༦ དང་བུད་མེད་༩༧ ཡོད་འདུག དེ་དག་ཁྲོད་དུ་ཕྱིའི་རྒྱལ་ཁབ་ཀྱི་མི་སེར་ཉུང་མཐར་༢༦ ཡོད་འདུག དེ་བཞིན་རྨས་སྐྱོན་ཕོག་མཁན་༡༣༣ ཡོད་པའི་ནང་ནས་མི་གྲངས་༣༧ གྱི་གནས་སྟངས་ཛ་དྲག་ཡིན་འདུག 

རྐྱེན་ངན་གྱི་སྐབས་སུ་མྱུར་སྐྱོབ་མི་སྣ་ཉུང་དྲགས་པ་དང་མྱུར་སྐྱོབ་ཀྱི་མི་སྣ་རྣམས་འཚང་ཁའི་ཁྲོད་དུ་ལྷག་པའི་རྐྱེན་གྱིས། མང་ཚོགས་ཕན་ཚུན་རོགས་པ་བྱེད་རེས་བྱས་པ་བྱུང་འདུག དེ་བཞིན་ཉེ་འཁོར་གྱི་མཚན་ཚོགས་ཁང་དང་ཨར་ཁང་མང་པོ་ཞིག་ནང་མི་མང་དྲགས་ནས་ཕྱི་ལ་རྐྱེན་ངན་འབྱུང་གི་ཡོད་པ་མ་ཤེས་ནས་གཞས་སྐད་ཆེན་པོ་མུ་མཐུད་བཏང་ནས་བསྡད་པ་དེ་འདྲ་ཡང་བྱུང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།