རྒྱ་གར་ནས་ཤོག་དངུལ་རྙིང་པ་བརྗེ་ལེན་དགོས་ཀྱི་འདུག
རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་དབུས་དངུལ་ཁང་གིས་ ༢༠༠༥ སྔོན་གྱི་ཤོག་དངུལ་ཆ་ཚང་དངུལ་ཁང་དུ་༢༠༡༥ ཟླ་ ༦ ཚེས་ ༣༠ སྔོན་བརྗེ་ལེན་བྱེད་དགོས་པའི་ཐག་གཅོད་བྱས་ཡོད་འདུག
རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་དབུས་དངུལ་ཁང་གིས་ ༢༠༠༥ སྔོན་གྱི་ཤོག་དངུལ་ཆ་ཚང་དངུལ་ཁང་དུ་༢༠༡༥ ཟླ་ ༦ ཚེས་ ༣༠ སྔོན་བརྗེ་ལེན་བྱེད་དགོས་པའི་ཐག་གཅོད་བྱས་ཡོད་འདུག
སྤྱིར་རྒྱལ་སྤྱིའི་དངུལ་ཁང་སོགས་ཀྱིས་དངུལ་རྙིང་པ་རིགས་བརྗེ་ལེན་བྱེད་པ་རྒྱུན་སྲོལ་ཡིན་ནའང་། ད་ཐེངས་རྒྱ་གར་དབུས་དངུལ་ཁང་གིས་ཐག་གཅོད་བྱེད་དགོས་དོན་ནི་ཤོག་དངུལ་རྙིང་པའི་རིགས་ལ་སྲུང་སྐྱོབ་འདང་ངེས་མེད་པས་དངུལ་རྫུན་མ་བཀག་འགོག་བྱེད་པའི་ཆེད་དུ་ཡིན་འདུག
དེ་ཡང་དངུལ་རྙིང་པ་དངུལ་ཁང་དུ་རིན་ཐང་གཅིག་པར་བརྗེ་ལེན་བྱེད་པ་དང་ཡང་ན་སོ་སོའི་དངུལ་ཁང་དུ་གསོག་འཇོག་གང་རུང་བྱས་ན་འགྲིག་འདུག
འདི་ལོའི་ཟླ་བ་དང་པོའི་སྔོན་ལོ་གཅིག་ལྷག་རིང་དབུས་དངུལ་ཁང་གིས་ཛ་ཐང་འདྲ་མིན་ཡིན་པའི་ཤོག་དངུལ་རྫུན་མ་ས་ཡ་ ༡༦༤༠ རྩ་མེད་བཏང་ཡོད་འདུག
ཤོག་དངུལ་རྫུན་མ་དེ་ཚོའི་ཁྱོན་བསྡོམས་རིན་ཐང་ས་ཡ་ ༢༡༧༥༠༠ ཡིན་འདུག །
གསར་འགོད་པ་བསྟན་འཛིན་དགའ་འཕེལ།