ས་ག་ཟླ་བའི་དམར་ཟས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༦༩ ཕྱི་ལོ་ ༢༠༡༩/༩ /༢༥
ད་ལྟ་འཚོགས་བཞིན་པའི་གྲོས་ཚོགས་ ནང་ས་ག་ཟླ་བའི་ནང་བོད་མིའི་སྒྲི ག་འཛུགས་ཀྱི་ལས་བྱེད་རྣམས་ལ་སྤྲོ ་སྐྱིད་ཀྱི་གསོལ་ཚིགས་སྐབས་དམར་ ཟས་བཏང་བ་དང་། ༧གོང་ས་མཆོག་གིས་སྐུའི་ཞབས་རིམ་ ཆེད་ཚེ་ཐར་སྲོག་བླུ་བྱས་པའི་ གནས་ཚུལ་དོ་སྙོམ་མི་འདུག་ཅེས། སྤྱི་འཐུས་ཁག་ཅིག་གིས་གཅིག་རྗེ ས་གཉིས་མཐུད་ཀྱིས་བོད་མིའི་སྒྲི ག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ ལ་སྐྱོན་བརྗོད་བྱས་ཡོད་པ་རེད། དེ་ལ་ཆོས་རིག་བཀའ་བློན་གྱིས་ཆ་ རྐྱེན་གང་ཡང་མེད་པའི་ཐོག་ནས་དགོ ངས་སེལ་ཞུས་ཡོད་པ་དང་། བཙན་བྱོལ་བོད་པའི་གྲོས་ཚོགས་ནང་ དཀར་ཟས་དང་དམར་ཟས་སྐོར་གླེང་བ་ དང་པོ་མིན་ཡང་། ལས་བྱེད་པ་རྣམས་ཀྱི་སྤྲོ་སྐྱིད་ ཀྱི་གསོལ་ཚིགས་ནང་དམར་ཟས་བཏང་བ་ ནོར་འཁྲུལ་ཡིན་པའི་སྐྱོན་བརྗོད་ བྱས་པ་དང་། བཀའ་ཤག་གི་ངོས་ནས་དེ་ལ་དགོངས་སེ ལ་ཞུས་པ་ནི་གྲོས་ཚོགས་ནང་བྱུང་ བའི་གནས་ཚུལ་ཐོག་མ་ཆགས་ཡོད་ཅིང་ ། གནས་ཚུལ་དེའི་ཐོག་ནས་བོད་ཕྱི་ ནང་གཉིས་ཀྱི་སྤྱི་ཚོགས་ནང་བསམ་ བློ་གཏོང་སྟངས་ལ་ཁྱད་པར་ཆེན་པོ་ ཡོད་པ་ཤེས་ཐུབ་པ་ཞིག་རེད།
ད་ལྟའི་ཆར་བོད་ནང་དུ་དམར་ཟས་སྤྱོ ད་རུང་དང་མི་རུང་གི་ཐོག་ནས་ཧ་ ཅང་རྣོ་ངར་ཅན་གྱི་རྩོད་པ་མང་པོ་ འགྲོ་བཞིན་ཡོད་པ་དང་། སེམས་ཅན་གྱི་ཚེ་སྲོག་དང་ཆོས་ཕྱོ གས་ཀྱི་གལ་གནད་ཆེན་པོ་ཞིག་གི་ཐོ ག་ནས་བལྟས་ན་གནད་དོན་དེ་ནི་ཕྱོ གས་གང་ནས་བལྟས་ཀྱང་ངེས་པར་དུ་ བགྲོ་གླེང་བྱེད་དགོས་པ་ཞིག་ཏུ་ གྱུར་ཡོད། འོན་ཀྱང་བགྲོ་གླེང་མང་པོ་གནང་ བའི་མཐའ་མ་ལ་གནད་དོན་དེ་ནི་ཆོས་ བརྒྱུད་ཀྱི་ཁྱད་པར་ཡིན་པ་ལྟ་བུ འི་ངོ་བོར་འགྱུར་བཞིན་ཡོད་པ་ནི། བགྲོ་གླེང་གནང་མཁན་དང་། རྗེས་སུ་འཇུག་མཁན་རྣམས་ཀྱི་བགྲོ ་གླེང་བྱེད་སྐབས་གནད་དོན་ལས་བགྲོ ་གླེང་གནང་མཁན་གྱི་གང་ཟག་གཙོ་བོ ར་འཛིན་དྲགས་པ་ཞིག་ཡིན་ངེས་པ་ ལས། དམར་ཟས་ཀྱི་གནད་དོན་ཐོག་ནས་བཤད་ ན་ཆོས་བརྒྱུད་བྱེ་བྲག་པ་ཞིག་ཁོ་ ནའི་ལྟ་གྲུབ་དང་འབྲེལ་བ་ཡོད་པ་ ཞིག་གཏན་ནས་མིན། ད་ལྟའི་ཆར་བགྲོ་གླེང་དེའི་ཁ་ཕྱོ གས་ཕལ་ཆེ་བ་འགྱུར་ནས་དམར་ཟས་བསྟེ ན་རུང་མིན་ཡང་ཆོས་བརྒྱུད་ཕན་ཚུ ན་གྱི་འགྲན་རྩོད་ཡིན་པའི་རྣམ་པ་ ལྟ་བུ་ཆགས་ཡོད་པ་ནི། ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པའི ་གནད་དོན་ཞིག་ཏུ་གྱུར་ཡོད་སྙམ།
ད་དུང་བོད་ནང་དུ་དགེ་བཤེས་སྐད་ གྲགས་ཅན་ཞིག་གིས་“ཤ་ཟོས་པར་སྡི ག་པ་མེད་པ་དང་། སྡིག་པ་ཡིན་ན་བཅས་པའི་སྡིག་པ་ དང་། རང་བཞིན་གྱི་སྡིག་པ་གཉིས་ཀྱི་ཁོ ངས་སུ་མ་འདུས་པ་ཞིག་མེད་པ། ཤ་ཟོས་པ་དེ་གཉིས་ཀ་མིན་པ་མ་ཟད། སངས་རྒྱས་ཀྱིས་ཤ་ཟ་མི་རུང་ཞེས་ མ་བཀག་པ་ཞིག་ལ་རྗེས་འཇུག་པ་ཚོས་ ཤ་ཟ་མི་རུང་བར་བརྗོད་པ་ནི། ཆོས་སྤོང་གི་ལས་ཡིན་”ཚུལ། མདོ་སྡེ་ཁག་ཅིག་ཏུ་ཤ་ཟ་མི་རུང་ ཚུལ་གསུངས་པ་ཡོད་ཀྱང་། དེ་དྲང་དོན་ཡིན་པ་ལས་ངེས་དོན་མི ན་པ། གསུང་ཡུལ་ཡང་སྲིན་པོ་ཡིན་པ་ལས་ མི་མིན་ཚུལ་སོགས་བརྗོད་མཁན་ཡང་ འདུག དེའི་ལྡོག་ཕྱོགས་ནས་ཤ་ཟོས་པར་སྡི ག་པ་ཆེ་ཚུལ་བརྗོད་མཁན་དག་གིས་དེ ་ལས་ཀྱང་མང་བའི་རྒྱུ་མཚན་དྲངས་ བཞིན་པའི་སྐབས་ཤིག་ཏུ་གྱུར་ཡོད། འོན་ཀྱང་ས་ག་ཟླ་བའི་ནང་གཞུང་འབྲེ ལ་གྱི་གསོལ་སྟོན་དུ་དམར་ཟས་ཡོད་ པར་སྐྱོན་བརྗོད་བྱེད་མཁན་བཞིན་ ཞིག་བཙན་བྱོལ་བོད་པའི་གྲོས་ཚོ གས་ཙམ་ལས། འཛམ་གླིང་གི་སྤྱི་ཚོགས་གང་དུའང་ ཡོད་ཚོད་མ་རེད། སྤྱིར་ཤ་ཡི་ཁ་ཟས་ཟ་དང་མི་ཟ་དེ་ གང་ཟག་སྒེར་སོ་སོའི་རང་དབང་ཡིན་ པ་ལས། གཞུང་གི་གཏན་འབེབས་བྱེད་ཆོག་པ་ ཞིག་ཀྱང་གཏན་ནས་མ་རེད།
འཕྲོད་བསྟེན་གྱི་ཐོག་ནས་བཤད་ན་ སྨན་པས་ནད་པ་ལ་ཁ་ཟས་འདི་དང་འདི་ ཟ་བ་ལས། འདི་དང་འདི་ཟ་མི་ཆོག་པའི་བཀག་ འདོམས་བྱེད་ཆོག་པ་དང་། དེ་ནི་ནད་པ་དེ་ནད་ལས་གྲོལ་ཐུབ་ པའི་ཆེད་དུ་དམིགས་ཡོད་པས་ཡིན། གཞན་དཀར་ཟས་དམར་ཟས་ཟ་དང་མི་ཟ་ནི ་གང་ཟག་སྒེར་སོ་སོའི་རང་དབང་ཁོ་ ན་ལས། དེ་ལ་གཞུང་འབྲེལ་གྱིས་ཤ་ཟ་མི་ཆོ ག་པ་དང་། ཤ་གཏོང་མི་ཆོག་པའི་བཀག་འདོམས་བྱེ ད་དགོས་ན་དེ་གཞི་རྩའི་རང་དབང་རྡོ ག་རོལ་བཏང་བ་ཞིག་ཏུ་གྱུར་ཡོད། ཤ་ཟ་མཁན་ཡོད་ན་གཏོང་དགོས་པ་དང་། ཤ་མི་ཟ་མཁན་ཡོད་ན་དེ་ལུགས་ཀྱིས་ ཁ་ཟས་གོ་སྒྲིག་བྱེད་དགོས་པ་དེ་ ཡང་ཁོར་ཡུག་དེའི་བབས་ལ་བལྟ་དགོ ས་པ་ཞིག་རེད། སྤྱིར་བོད་པ་དེ་ནང་པ་སངས་རྒྱས་ པ་ཞིག་ཡིན་པའི་ཆ་ནས་བཤད་ན་ས་ག་ ཟླ་བའི་ནང་དམར་ཟས་མི་ཟ་བའི་གོ མས་སྲོལ་ཡོད་མཁན་ཡང་མང་པོ་ཡོད་ པ་དང་། ས་ག་ཟླ་བ་ཡིན་ཡང་དམར་ཟས་ཟ་མཁན་ ཡང་མང་པོ་ཡོད་པའང་དངོས་ཡོད་ཡིན་ པས། གཞུང་འབྲེལ་གྱི་གསོལ་སྟོན་སྐབས་ དམར་ཟས་བཀག་དགོས་པའི་ལྟ་ཚུལ་བཟུ ང་ན་དེ་ཕྱོགས་གང་ནས་བལྟས་ཀྱང་མི ་འོས་པ་ཞིག་རེད།
མདོར་ན་ད་ལན་གྲོས་ཚོགས་སུ་ས་ག་ ཟླ་བའི་ནང་གསོལ་སྟོན་སྐབས་དམར་ ཟས་བཏང་བ་ནོར་འཁྲུལ་ཡིན་པའི་དགོ ངས་ཚུལ་གསུངས་མཁན་ནང་། རང་ཉིད་ས་ག་ཟླ་བར་དམར་ཟས་ཟ་མཁན་ ཡིན་པའང་ཡོད་ལ། གླེང་སློང་དེ་ཡང་ཆོས་ཕྱོགས་དང་ སེམས་ཅན་གྱི་ཚེ་སྲོག་དང་འབྲེལ་ ནས་ཡིན་པ་ཞིག་ཏུའང་ངོས་འཛིན་ཅུ ང་བྱེད་དཀའ་བ་ཞིག་རེད། ད་ལྟའི་གྲོས་ཚོགས་ནང་བཀའ་ཤག་ལ་ བསྔགས་བརྗོད་བྱེད་མཁན་ཧ་ཅང་མང་ པོ་བྱུང་ཡོད་པས། ས་ག་ཟླ་བའི་ནང་ལས་བྱེད་གསོལ་སྟོ ན་སྐབས་དམར་ཟས་བཏང་བ་ཙམ་ལས་སྐྱོ ན་བརྗོད་བྱེད་ཡུལ་གཞན་མེད་ན་དེ་ ནི་ཕྱོགས་གང་ནས་བལྟས་ཀྱང་འཛིན་ སྐྱོང་ལ་བསྔགས་བརྗོད་དུ་གྱུར་ཡོ ད་པས། ཆོས་རིག་བཀའ་བློན་གྱིས་དགོངས་སེ ལ་ཞུས་པ་དེ་ཡང་ཚུལ་དེ་ལ་བརྟེན་ ནས་ཡིན་སྲིད། མདོར་ན་སྲིད་གཞུང་ཞིག་གི་ལས་དོ ན་དེ་དད་པ་ཡོད་མེད་དང་། ཤ་ཟ་མིན་ཙམ་ལ་རག་ལས་མེད་པས། བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྱོ ན་ཡོངས་ནས་གནད་དོན་འདིའི་རིགས་ ལ་དོ་སྣང་དང་དོགས་ཟོན་ཡག་པོ་ཞི ག་བྱེད་མ་ཐུབ་པར་ཉ་ཉུང་བསྲེ་རྒྱུ ་མང་སོང་ན་ཕྱི་ནས་ཁྲེལ་དགོད་བྱེ ད་མཁན་ཡང་མང་པོ་ཡོང་སྲིད་པ་རེད། །