སངས་རྒྱས་པའི་ཆོས་དེ་གཙོ་བོ་བསམ་བློ་གཏང་རྒྱུ་ཞིག་རེད་མ་གཏོགས་བྱིན་རླབས་ཞུ་རྒྱུ་དེ་མ་ཡིན་པ་རེད།

ཟླ་འདིའི་ཚེས་༧ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཨེ་ཤི་ཡའི་ལུང་པ་ཨེན་ཌོ་ནི་ཤི་ཡ་དང་ལྷོ་ཀོ་རི་ཡ།མ་ལི་ཤི་ཡ།སེང་གྷ་པུར།ཐེ་ལན་ཌི་དང་ཝེ་ཏི་ནམ་བཅས་ཀྱི་དད་ལྡན་པ་རྣམ་གྱིས་ཇི་ལྟར་གསོལ་འདེབས་བཞིན། ༧གོང་ས་མཆོག་གིས་ཉིན་བཞིའི་རིང་སྤྱོད་འཇུག་གི་ལེའུ་བཅུ་པ་དང་སྒོམ་རིམ་བར་མ། དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ། དེ་བཞིན་རྒྱལ་སྲས་ལག་ལེན་སོ་བདུན་སོགས་ལ་བཀའ་ཁྲིད་གནང་རྒྱུ་ཡིན་འདུག

ཟླ་འདིའི་ཚེས་༧ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཨེ་ཤི་ཡའི་ལུང་པ་ཨེན་ཌོ་ནི་ཤི་ཡ་དང་ལྷོ་ཀོ་རི་ཡ།མ་ལི་ཤི་ཡ།སེང་གྷ་པུར།ཐེ་ལན་ཌི་དང་ཝེ་ཏི་ནམ་བཅས་ཀྱི་དད་ལྡན་པ་རྣམ་གྱིས་ཇི་ལྟར་གསོལ་འདེབས་བཞིན། ༧གོང་ས་མཆོག་གིས་ཉིན་བཞིའི་རིང་སྤྱོད་འཇུག་གི་ལེའུ་བཅུ་པ་དང་སྒོམ་རིམ་བར་མ། དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ། དེ་བཞིན་རྒྱལ་སྲས་ལག་ལེན་སོ་བདུན་སོགས་ལ་བཀའ་ཁྲིད་གནང་རྒྱུ་ཡིན་འདུག

1༧གོང་ས་མཆོག་གིས་སྔོན་འགྲོའི་གསུང་བཤད་སྐབས་ཐོག་མར་ཡུལ་གྲུ་ཁག་ནས་དོན་གཉེར་ཆེན་པོའི་ཐོག་ནས་སླེབས་པའི་ཆོས་ཞུ་བ་ཚང་མར་དགའ་བསུ་ཞུས་པ་དང་འབྲེལ་ནས་གསུང་དོན། “སངས་རྒྱས་བཅོམ་ལྡན་འདས་རང་ཉིད་དགུང་ལོ་བརྒྱད་ཅུ་གྱ་གྲངས་ཤིག་བཞུགས་ཡོད་པ་དང། ང་རང་ཡང་ལོ་བརྒྱད་ཅུ་ལོན་ཡོད་པས། སྤོ་པོ་ཆགས་ཡོང་གི་ཡོད་རེད། བླ་རྒན་ཆགས་ཡོང་གི་ཡོད་པས། ཏོག་ཙམ་ལྷོད་པོ་མ་བྱས་པར་བྲེལ་བ་ཚ་པོ་བྱས་ན། དཀའ་ངལ་འཕྲད་ཡོང་གི་ཡོད་པ་འདྲ་བ་འདུག”ཅེས་གསུངས་སོང།

༧གོང་ས་མཆོག་གིས་སངས་རྒྱས་ཆོས་ལུགས་སྐོར་གསུང་དོན་གཙོ་བོར་། སངས་རྒྱས་པའི་ཆོས་དེ་གཙོ་བོ་བསམ་བློ་གཏོང་དགོས་པ་ཞིག་རེད་མ་གཏོགས་བྱིན་རླབས་ཞུ་རྒྱུ་དེ་མ་ཡིན་པ་དང། བྱིན་རླབས་ཞེས་པ་ཞུ་རྒྱུ་ཡོད་རེད་དེ། དེ་ཡང་གཙོ་བོ་བྱིན་རླབས་ནང་ནས་ཡོང་དགོས་པ་ཞིག་རེད་མ་གཏོགས། ཕྱི་ནས་བྱིན་རླབས་ཡོང་རྒྱུ་མེད་པ་རེད། གཙོ་བོ་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱས་ཏེ། སེམས་མ་ཞི་བ་ཞི་བར་བྱ་དགོས་པ་དང་མ་དུལ་བ་འདུལ་བར་བྱེད་དགོས་པ་རེད་གསུངས་སོང།

༧གོང་ས་མཆོག་གིས་བྱམས་བརྩེ་གལ་ཆེན་པོ་ཡིན་སྐོར་གསུང་དོན། སྲོག་ཆགས་ཚང་མར་བརྩེ་བའི་ས་བོན་ཡོད་པ་དང། ཆོས་ལུགས་ཚང་མའི་གཞི་རྩའི་བསླབ་བྱ་དེ་བྱམས་བརྩེ་ཡིན་པ་རེད། འཇིག་རྟེན་བཀོད་པ་པོ་དེ་ཡང་བརྩེ་བའི་བདག་ཉིད་ཡིན་པ་རེད། འཛམ་གླིང་དེར་ལྟ་བ་མི་འདྲ་བ་མང་པོ་ཡོད་པ་དེ་སེམས་ཅན་ཚང་མའི་ཁམས་དང་མོས་པ་ལོག་ཀ་ཡིན་པས། ལྟ་བ་མི་འདྲ་བ་ཡོང་དགོས་པ་ཡིན་པས། གཙོ་བོ་རང་ཉིད་ཀྱི་ཆོས་ལ་དད་པ་དང་གཞན་གྱི་ཆོས་ལ་གུས་པ་བྱེད་དགོས་པ་རེད། ཆོས་ཁས་ལེན་རུང་མ་ལེན་རུང། ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་འགྲོ་བ་མི་གཅིག་པ་ཡིན་པའི་འདུ་ཤེས་བཟུང་ནས། ཕན་ཚུན་བྱམས་བརྩེས་སྐྱོང་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང།

༧གོང་ས་མཆོག་གིས་མུ་མཐུད་ནས་དུས་རབས་ཉེར་ཅིག་གི་ནང་པ་བྱེད་དགོས་པའི་སྐོར་གསུང་དོན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ཚོར་ཁོང་གི་བཀའ་ལ་བརྟག་དཔྱད་བྱས་ནས་ཁས་བླངས་དགོས་པ་ལས་གུས་པའི་ཕྱིར་ཁས་ལེན་མི་རུང་བ་གསུངས་ཡོད་པ་རེད། འཛམ་བུ་གླིང་ལ་དེ་འདྲ་གསུངས་མཁན་ཆོས་ལུགས་གཞན་མེད་པ་ཡིན་པས། ང་ཚོས་དད་པ་གཅིག་པུ་མ་ཡིན་པར། ཆོས་ལ་སློབ་སྦྱོང་བྱེད་དགོསཔ་གལ་ཆེན་ཡིན་སྐོར་གསུངས་སོང།
ཐེངས་འདིའི་གསུང་ཆོས་ལ་ཨེ་ཤེ་ཡའི་ལུང་པ་ཁག་མི་འདྲ་བ་ཁག་དྲུག་ནས་ཆོས་ཞུ་བ་དང། དེ་བཞིན་དྷ་སའི་ཉེ་འཁོར་གྱི་སེར་སྐྱ་མི་མང་། ནུབ་ཕྱོགས་པ་བཅས་མི་གྲངས་མང་པོསླེབས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།