སྐབས་༡༧ གྲོས་ཚོགས་ཚོགས་གཙོར་མཁན་པོ་བསོད་ནམས་བསྟན་འཕེལ་དང་ཚོགས་གཞོན་ལ་སྒྲོལ་མ་ཚེ་རིང་འདེམས་ཐོན་བྱུང་།
ཟླ་འདིའི་ཚེས་༨ ཉིན་གྱི་སྔ་དྲོ་དྷ་ས་གངས་སྐྱིད་ དུ་བོད་མི་མང་སྤྱི་འཐུས་ལྷན་ཚོ གས་ཀྱི་བར་བརྒལ་ཚོགས་གཙོ་ཟླ་བ་ ཚེ་རིང་གིས་ཆེས་མཐོའི་ཁྲིམས་ཞི བ་པ་ཆེ་བའི་མདུན་ནས་དམ་འབུལ་རྗེ ས། སྤྱི་འཐུས་ཚོས་རེ་རེ་བཞིན་བར་ བརྒལ་ཚོགས་གཙོའི་མདུན་ནས་དམ་འབུ ལ་བྱས་ཡོད་པ་རེད།
ཕྱི་དྲོ་སྤྱི་འཐུས་རྒྱུན་ལས་ཁང་ དུ་ཚོགས་གཙོ་དང་ཚོགས་གཞོན་འོས་ འདེམས་བྱས་པ་དང་། ཚོགས་གཙོར་སྤྱི་འཐུས་མཁན་པོ་བསོ ད་ནམས་བསྟན་འཕེལ་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་གཉིས་ ལངས་ནས། སྤྱི་འཐུས་མཁན་པོ་བསོད་ནམས་བསྟ ན་འཕེལ་ལ་འོས་གྲངས་༢༣ དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལ་འོ ས་གྲངས་༢༢ ཐོབ་ནས། ཚོགས་གཙོར་མཁན་པོ་བསོད་ནམས་བསྟ ན་འཕེལ་འདེམས་ཐོན་བྱུང་ཡོད་པ་རེ ད།
ཚོགས་གཞོན་ལ་སྤྱི་འཐུས་སྒྲོལ་མ་ ཚེ་རིང་དང་སྤྱི་འཐུས་ལྷ་རྒྱ་རི་ རྣམ་རྒྱལ་སྒྲོལ་དཀར། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོ ན་བཅས་ལངས་ནས། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལ་འོ ས་གྲངས་༢༣ དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་ སྒྲོལ་དཀར་ལ་འོས་གྲངས་༡༨། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོ ན་ལ་འོས་གྲངས་༢། འོས་ཤོག་༢ རྩིས་མེད་སོང་བས། སྒྲོལ་མ་ཚེ་རིང་ཚོགས་གཞོན་དུ་ འདེམས་ཐོན་བྱུང་ཡོད་པ་རེད།
དེ་ཡང་བོད་མི་མང་སྤྱི་འཐུས་སྐ བས་༡༧ པ་མི་མང་གིས་འོས་འདེམས་རྗེས་འདི ་ལོའི་ཕྱི་ཟླ་༦ པའི་ཚེས་༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོ གས་སྐབས་༡༧ པའི་སྤྱི་འཐུས་རྣམས་ཀྱི་དམ་འབུ ལ་མཛད་སྒོ་གངས་སྐྱིད་སྤྱི་འཐུས་ ལས་ཁུངས་སུ་འཚོགས་པ་དང་། ཕྱོགས་ཁག་གཉིས་ཆགས་རྐྱེན་ནི་འཐུ ས་མི་༢༡ གིས་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་ རིང་གི་མདུན་ནས་དམ་འབུལ་བྱས་པ་ དང་། བར་བརྒལ་ཚོགས་གཙོས་འདི་ལོའི་ཕྱི ་ཟླ་༣ པའི་གྲོས་ཚོགས་ནང་འཕོ་འགྱུར་ བཏང་ཟིན་པའི་ཁྲིམས་ཞིབ་པའི་མདུ ན་ནས་དམ་འབུལ་བྱས་པ་དེ་ཁྲིམས་ མཐུན་ལ་ངོས་ལེན་མི་བྱེད་མཁན་སྤྱི ་འཐུས་༢༢ ཀྱིས་༧གོང་ས་མཆོག་གི་སྐུ་པར་དང་ བཅའ་ཁྲིམས་མདུན་ནས་དམ་འབུལ་བྱས་ ནས། ཤོག་ཁག་གཉིས་ཆགས་པ་དང་། གྲོས་ཚོགས་འཚོག་རྒྱུ་དང་ཚོགས་ གཙོ་གཞོན་འདེམས་མ་ཐུབ་པར་ད་ལྟ་ བར་ལྷག་ཡོད་པ་རེད།
ཕྱི་ལོ་༢༠༢༡ ཟླ་༩ ཚེས་༢༩ ཉིན་སྤྱི་འཐུས་ཚོ་ནང་མོལ་ཚོགས་ འདུ་ཞིག་འཚོགས་པའི་གྲོས་དོན་༧གོ ང་ས་མཆོག་ལ་ལམ་སྟོན་ཞུས་པ་ལྟར། ཕྱི་ཟླ་༡༠ ཚེས་༦ ཉིན་༧གོང་ས་མཆོག་གོས་ལམ་སྟོན་ བཀའ་ཡིག་གནང་བ་ལྟར། སྤྱི་འཐུས་ཚང་མས་བར་བརྒལ་ཚོགས་ གཙོའི་མདུན་ནས་དམ་འབུལ་བྱས་ཏེ། ཚོགས་གཙོ་ཚོགས་གཞོན་འོས་འདེམས་ བྱས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།