སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ཤོག་ཁག་གཉིས་བར་ནང་མོལ་ཚོགས་འདུ་འཚོགས་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམས་ཀྱི་དམ་འབུལ་ཞུ་ཕྱོགས་ཕྱོགས་ཁག་གཉིས་ཆགས་ནས་ཚོགས་འདུ་འཚོགས་མ་ཐུབ་པར་ལྷག་ཡོད་པས། ཟླ་འདིའི་ཚེས་༢༧ ཉིན་དྷ་ས་གངས་སྐྱིད་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་ནང་མོལ་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམས་ཀྱི་དམ་འབུལ་ཞུ་ཕྱོགས་ཕྱོགས་ཁག་གཉིས་ཆགས་ནས་ཚོགས་འདུ་འཚོགས་མ་ཐུབ་པར་ལྷག་ཡོད་པས། ཟླ་འདིའི་ཚེས་༢༧ ཉིན་དྷ་ས་གངས་སྐྱིད་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་ནང་མོལ་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།

ནང་མོལ་ཚོགས་འདུ་དེ་ཨ་རིའི་དང་ཡུ་རོབ་ནས་ཡོང་བའི་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་གོ་སྒྲིག་བྱས་ཡོད་པ་དང་། ནང་མོལ་དེའི་ཐོག་ཞུ་འགྲིག་ཐག་གཅོད་ཐུབ་པར་མི་མང་གིས་རེ་བ་རྒྱག་གི་འདུག

དེ་ཡང་ཕྱི་ཟླ་༦ པའི་ཚེས་༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧ པའི་སྤྱི་འཐུས་རྣམས་ཀྱི་དམ་འབུལ་མཛད་སྒོ་གངས་སྐྱིད་སྤྱི་འཐུས་ལས་ཁུངས་སུ་འཚོགས་པ་དང་། འཐུས་མི་༢༡ གྱིས་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་གི་མདུན་ནས་དམ་འབུལ་བྱས་པ་དང་། བར་བརྒལ་ཚོགས་གཙོས་འདི་ལོའི་ཕྱི་ཟླ་༣ པའི་གྲོས་ཚོགས་ནང་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པའི་མདུན་ནས་དམ་འབུལ་བྱས་པ་དེ་ཁྲིམས་མཐུན་ལ་ངོས་ལེན་མི་བྱེད་མཁན་སྤྱི་འཐུས་༢༢ ཀྱིས་༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་མདུན་ནས་དམ་འབུལ་བྱས་ཡོད་པ་རེད།

ཐེངས་འདིར་སྤྱི་འཐུས་ཀྱི་དམ་འབུལ་བྱེད་སྐབས་ཕྱོགས་ཁག་གཉིས་ཆགས་རྐྱེན་གཙོ་བོ་འདི་ལོའི་ཕྱི་ཟླ་༣ པའི་གྲོས་ཚོགས་ནང་གཞུང་འབྲེལ་གྲོས་ཆོད་ལམ་ནས་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པ་གསུམ་གྱིས་ཕྱི་ཟླ་༥ ཚེས་༢༤ ཉིན་བསྐྱར་དུ་ལས་ཁུར་རྒྱུན་སྐྱོང་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་སྐོར་གྱི་གསལ་བསྒྲགས་སྤེལ་ནས་ལས་གནས་ཐོག་བསླེབས་ཡོད་པ་དེའི་མདུན་དུ་བར་བརྒལ་ཚོགས་གཙོས་དམ་འབུལ་བྱས་ན་ཁྲིམས་མཐུན་ཆགས་ཀྱི་མེད་པས། ནང་མོལ་བྱས་ཏེ་ཐབས་ལམ་ཞིག་འཚོལ་དགོས་ཀྱི་འདུག་ཅེས་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཁག ཨ་རིའི་དང་ཡུ་རོབ་བཅས་ནས་འབྲེལ་མཐུད་པ་གཉིས་རེ་ཆེད་གཏོང་གིས་ནང་ཁུལ་གྲོས་མོལ་བྱས་པ་དང་། བར་བརྒལ་ཚོགས་གཙོས་དམ་འབུལ་དེ་༧གོང་ས་མཆོག་གི་སྐུ་པར་མདུན་དུ་ཞུས་རྗེས། ཚང་མས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ལེན་རྒྱུའི་གྲོས་འགོ་བཏོན་ཡོད་ནའང་། གྲོས་འཆམ་མ་བྱུང་བར་བརྟེན། ཨ་རི་དང་ཡུ་རོབ་ཀྱི་སྤྱི་འཐུས་བཞི་ཆས་སྐུ་པར་དང་བཅའ་ཁྲིམས་མདུན་དུ་དམ་འབུལ་བྱེད་འདོན་མཁན་དང་། ཁྲིམས་ཞིབ་པའི་མདུན་ནས་བར་བརྒལ་ཚོགས་གཙོས་དམ་འབུལ་བྱས་རྗེས་ཁོང་གི་མདུན་དུ་དམ་འབུལ་བྱེད་འདོད་མཁན་གཉིས་ཀ་ངོས་ལེན་བྱེད་རྒྱུའི་གྲོས་འགོ་བཏོན་པ་ལྟར། ཚེས་༨ ཉིན་དམ་འབུལ་སྐབས་ཕྱོགས་ཁག་གཉིས་ནས་དེ་ལྟར་དམ་འབུལ་བྱས་རྗེས། འོས་བསྡུའི་འགན་འཛིན་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱེད་དུ་ཡོང་ཡོད་ནའང་། འོས་བསྡུའི་འགན་འཛིན་གྱིས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་བྱེད་མཁན་༢༡ གི་མིང་ཐོ་ཁོང་ལ་སྤྲད་སོང་བ་དང་། གྲོས་ཚོགས་ཀྱི་སུམ་ཆ་གཉིས་མ་ཚང་ན་གྲོས་ཚོགས་ལས་རིམ་འགྲོ་ཐབས་མེད་སྐོར་གསུངས་པ་དང་། ཚོགས་གཙོ་ཚོགས་གཞོན་འོས་འདེམས་མ་ཐུབ་པར་ལྷག་ཡོད་པ་རེད།

ཟླ་འདིའི་ཚེས་༢༧ ཉིན་གྱི་ནང་མོལ་ལྷན་ཚོགས་ཐོག ཉམས་པ་སླར་གསོ་ཞེས་པའི་མི་མང་དྭངས་བླངས་པའི་ཚོགས་པའི་ངོས་ནས་སྤྱི་འཐུས་ཚང་མར་རེ་སྐུལ་སྙན་ཞུ་ཕུལ་བའི་ནང་། “འཛམ་གླིང་གི་མང་གཙོའི་བརྒྱུད་རིམ་གྱི་ཁྲོད་དུ་སྤྱི་འཐུས་ནི་མང་གཙོའི་ཀ་བ་དང་། མང་གཙོ་སྲུང་སྐྱོབ་བྱ་བྱེད་ཀྱི་རྩ་བ་ཡིན་པས་ང་ཚོའི་བོད་ཀྱི་སྤྱི་འཐུས་དང་གྲོས་ཚོགས་ཀྱང་དེ་ལྟར་ངེས་པར་དུ་ཡིན་དགོས་བ་མ་ཟད། ༧ གོང་ས་མཆོག་གིས་བཙུགས་གནང་བའི་སྤྱི་འཐུས་ཀྱི་གྲོས་ཚོགས་ཀྱི་མཚན་སྙན་སྲུང་ཆེད་དུ་ད་ལྟའི་སྤྱི་འཐུས་རྣམ་པས་དྲང་ཚིག་བཟུང་ནས་རང་གི་ཁས་ལེན་མཛད་པའི་བཅའ་ཁྲིམས་ཀྱི་དམ་ བཅའ་གཞི་བཟུང་བོད་ལ་ཚད་ལྡན་གྱི་མང་གཙོ་ཡོང་ཐབས་སུ་སྐུ་ངོ་དང་ཟུར་བ་ཚོའི་འོག་ཏུ་མགོ་སྒུར་མི་ཉན་ཞིང་། མང་གཙོ་སླར་གསོ་དང་སྲུང་སྐྱོང་གནང་དགོས་ཤིང་། གལ་སྲིད་མ་གནང་ན། བོད་ནི་ཁྲིམས་ཀྱིས་སྐྱོང་བའི་དབང་སྒྱུར་འོག་ཏུ་མི་འགྲོ་བ་གང་ཟག་གི་དབང་སྒྱུར་འོག་ཏུ་འགྲོ་ངེས་པས། གང་ཟག་གི་དབང་སྒྱུར་འོག་ཏུ་ཕྱིན་ན། གང་ཟག་ཆེས་ཉུང་ཤས་ཤིག་གི་ཁེ་ཕན་གྱི་ཆེད་དུ་བོད་མི་མང་གི་ཁེ་ཕན་བློས་གཏང་བས་བོད་མིའི་སྒྲིག་འཛུགས་ནི་མི་མང་གི་སྒྲིག་འཛུགས་སུ་མི་འགྱུར་བ་གང་ཟག་རེ་ཟུང་གི་སྒྲིག་འཛུགས་སུ་འགྱུར་ངེས་བས། དེ་ལྟར་གྱུར་ན་མང་གཙོའི་ལམ་སྲོལ་དང་ཡོངས་སུ་འགལ་ནས་སྒེར་གཅོད་ཀྱི་གཞུང་དུ་གྱུར་ཡོད། བདེན་ཏེ། མང་གཙོའི་གཞུང་ནི་ངེས་བར་དུ་མི་མང་གི་སྲིད་གཞུང་ཡིན་དགོས་བས། མི་མང་གི་སྲིད་གཞུང་དུ་གནས་ཐབས་སུ་སྐུ་ངོ་དང་ཟུར་བ་ཚོའི་དབང་འོག་དང་། གནོན་ཤུགས་འོག་ཏུ་མི་འགྲོ་བ་བཞུགས་དགོས་བ་ནི་མི་མང་གི་བདམས་པའི་སྤྱི་འཐུས་རྣམ་པ་ཁྱེད་ཚོའི་ལས་འགན་རེད། ལས་འགན་དེ་འཁུར་ནས་ཁྱེད་རྣམ་པས་བོད་མི་མང་དང་བོད་ཀྱི་མང་གཙོ་སྲུང་སྐྱོབ་ཀྱི་ཆེད་དུ་ཁྲིམས་ཞིབ་པ་རྫུན་མ་རྒྱུད་ནས་སླེབས་པའི་བར་བརྒལ་གྱི་ཚོགས་གཙོ་ཟླ་བ་ཚེ་རིང་གི་མདུན་ནས་དམ་བཅའ་མི་ལེན་རྒྱུའི་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་ཡོད། རྒྱུ་མཚན་ནི། དེ་ལྟར་ ཁས་ལེན་བྱས་ན་ཁྲིམས་ཞིབ་པ་རྫུན་མ་རྒྱུད་ནས་དམ་བཅའ་ཞུས་བར་འགྱུར་བས་དེ་ནི་བཅའ་ཁྲིམས་༤༧ དང་ཡོངས་སུ་ འགལ་ཡོད་པས་ཉམས་པ་སླར་གསོའི་ངོས་ནས་ཁྲིམས་རྫུན་གསུམ་ནས་རྒྱུད་པའི་དམ་འབུལ་ལ་ངོས་ལེན་ཞུ་ཐབས་མེད་”ཅེས་སོགས་འཁོད་པའི་སྙན་ཞུ་བཀྲམ་འདུག

ནང་མོལ་ཚོགས་འདུ་ཉིན་གཉིས་རིང་འཚོག་འཆར་འདུག་ལ། ཟིན་བྲིས་ཚོགས་ཆུང་ཞིག་བསྐོ་འཛུགས་བྱས་ཡོད་པ་ལས། ལྷན་ཚོགས་ཐོག་ཟུར་ཉན་པ་དང་གསར་འགོད་པ་སོགས་སུ་ཡང་ནང་དུ་གཏོང་གི་མེད་པར། ནང་མོལ་བྱས་ནས་ཐག་གཅོད་ཅིག་ཡོང་ཐབས་བྱེད་ཀྱི་ཡོད་པ་ལས། ལག་ཐོག་ཁ་པར་མཉམ་ཁྱེར་མི་ཆོག་པ་མ་ཟད། སྒྲ་འཇུག་དགོས་པའི་གྲོས་བསྡུར་བྱུང་ན་ལས། སྒེར་སོ་སོ་ནས་སྒྲ་འཇུག་དང་། བརྙན་ལེན་རིགས་ཆོག་གི་མེད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།