སྐྱབས་བཅོལ་བ་༡༥༠ ལྷག་མཚོའི་ནང་ནུབ་ནས་ཤི་ཡོད་འདུག 

དཀྱིལ་ཤར་ཡུལ་གྲུ་དང་ལྷོ་ཨ་ཧྥི་རི་ཀའི་རྒྱལ་ཁབ་མང་པོ་ཞིག་ནས། དམག་འཁྲུག་དང་དབུལ་ཕོངས་ཀྱི་དཀའ་ངལ་ནས་ཐར་ཆེད་དུ། ཡུ་རོབ་ཏུ་སྐྱབས་བཅོལ་དུ་འགྲོ་མཁན་མང་པོ་ཞིག་མཚོ་ཐོག་ནས་འགྲོ་བཞིན་ཡོད་པས། ཐེངས་འདིར་མཚོ་ཐོག་ནས་གྲུ་གཟིགས་ཆུའི་ནང་འཐིམས་ནས་མི་གྲངས་༡༥༠ ལྷག་གི་ཚེ་སྲོག་ཤོར་ཡོད་འདུག 

དཀྱིལ་ཤར་ཡུལ་གྲུ་དང་ལྷོ་ཨ་ཧྥི་རི་ཀའི་རྒྱལ་ཁབ་མང་པོ་ཞིག་ནས། དམག་འཁྲུག་དང་དབུལ་ཕོངས་ཀྱི་དཀའ་ངལ་ནས་ཐར་ཆེད་དུ། ཡུ་རོབ་ཏུ་སྐྱབས་བཅོལ་དུ་འགྲོ་མཁན་མང་པོ་ཞིག་མཚོ་ཐོག་ནས་འགྲོ་བཞིན་ཡོད་པས། ཐེངས་འདིར་མཚོ་ཐོག་ནས་གྲུ་གཟིགས་ཆུའི་ནང་འཐིམས་ནས་མི་གྲངས་༡༥༠ ལྷག་གི་ཚེ་སྲོག་ཤོར་ཡོད་འདུག 

ཟླ་༧ པའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༧ པའི་ཚེས་༢༥ ཉིན་ཨ་ཧྥི་རི་ཀའི་རྒྱལ་ཁབ་ལཱི་བྷི་ཡའི་མཚོ་ཁ་ནས། ཡུ་རོབ་ཏུ་སྐྱབས་བཅོལ་དུ་འགྲོ་མཁན་༣༠༠ ལྷག་ཡོད་པའི་གྲུ་གཟིངས་གཉིས་མཱེ་ཌེ་ཀྲེ་རཱན་མཚོ་ཐོག་ཏུ་འགྲོ་བཞིན་པའི་སྐབས་སུ། གྲུ་གཟིངས་ཆུའི་ནང་འཐིམས་ཏེ། སྐྱབས་བཅོལ་བ་༡༥༠ ལྷག་གི་ཚེ་སྲོག་ཤོར་ཡོད་ཁར། ཉེ་འཁོར་གྱི་ཉ་པ་ཚོས་སྐྱབས་བཅོལ་བ་༡༤༥ ལྷག་གི་ཚེ་སྲོག་བསྐྱབས་ཐུབ་ཡོད་འདུག ཉེན་སྐྱོབ་ཐོབ་པའི་སྐྱབས་བཅོལ་བ་མང་ཆེ་བ་ཨི་ཐོ་པཱི་ཡ་ནས་ཡིན་པ་དང་། གཞན་པ་རྣམས་པཱེ་ལི་སེ་ཐན་དང་སུ་ཌན་རྒྱལ་ཁབ་ནས་ཡིན་པ་དང་ཚེ་སྲོག་ཤོར་མཁན་ཁྲོད་དུ་བུད་མེད་དང་ཕྲུ་གུ་མང་པོ་ཞིག་ཀྱང་ཡོད་འདུག 

མཉམ་འབྲེལ་རྒྱལ་ཁབ་ཀྱི་སྐྱབས་བཅོལ་ལས་ཁང་གི་ཆེས་མཐོའི་སྐུ་ཚབ་ཀྱིས། ལོ་འདིའི་ནང་མཚོ་ཐོག་གི་གོད་ཆག་ཚབས་ཆེ་ཤོས་ཀྱི་གནས་ཚུལ་ལྷག་ཡོད་སྐོར་བརྗོད་ནས། ཡུ་རོབ་མཐུན་ཚོགས་རྒྱལ་ཁབ་ཚོས་མཚོ་ཐོག་ནས་སྐྱབས་བཅོལ་དུ་སླེབས་མཁན་ཚོར་ཉེན་སྐྱོབ་ཀྱི་ལས་དོན་མཚམས་འཇོག་བྱས་ཡོད་པ་དེ། བསྐྱར་དུ་འགོ་འའཛུགས་བྱེད་དགོས་སྐོར་བརྗོད་འདུག 

དེ་ཡང་ཡུ་རོབ་ནང་ལོ་ཤས་སྔོན་ནས་སྐྱབས་བཅོལ་བ་ཕོན་ཆེན་སླེབས་འགོ་བཙུགས་པས། ཡུ་རོབ་རྒྱལ་ཁབ་ནང་ཁུལ་དུ་སྐྱབས་བཅོལ་བ་དེ་དག་བགོ་བགྲེམས་བྱེད་ཕྱོགས་དང་། འགྲོ་སོང་གཏོང་ཕྱོགས་སོགས་ཀྱི་ཐོག་གྲོས་མཐུན་མ་བྱུང་བས། མཚོ་ཐོག་ནས་སྐྱབས་བཅོལ་བ་ཉེན་སྐྱོབ་ཀྱི་ལས་གཞི་མཚམས་འཇོག་བྱས་ཡོད་ཁར། ཨི་ཊ་ལི་རྒྱལ་ཁབ་ཀྱིས་ཚོགས་སྒེར་གྱི་ཐོག་ནས་ཉེན་སྐྱོབ་བྱེད་མཁན་ལ་ཉེས་ཆད་གཏང་རྒྱུ་ཐག་གཅོད་བྱས་ཡོད་པ་རེད།

འདི་ལོར་སྐྱབས་བཅོལ་བ་༧༠༠ ལྷག་མཱེ་ཌེ་ཀྲེ་རཱན་མཚོ་ཐོག་ནས་ཚེ་སྲོག་ཤོར་འདུག་པ་དང་། ལོ་སྔོན་མར་༡༤༢༥ ལས་མང་བའི་ཚེ་སྲོག་ཤོར་ཡོད་འདུག 

ཡུ་རོབ་ཏུ་མཚོ་ཐོག་ནས་འགྲོ་བའི་འགྲུལ་བཞུད་འགོ་འཛུགས་ཡུལ་གྱི་རྒྱལ་ཁབ་ལཱི་བྷི་ཡ་ནང་དུ། སྐྱབས་བཅོལ་བ་༦༠༠༠ ལྷག་བཀག་ཉར་ཁང་མང་པོ་ཞིག་ནང་ལྷག་ཡོད་པ་དང་། དེབ་སྐྱེལ་བྱས་པའི་སྐྱབས་བཅོལ་བ་༥༠,༠༠༠ ལྷག་བཀག་ཉར་ཁང་དུ་ཡོད་འདུག བཀག་ཉར་ཁང་དེ་དག་ནང་གནས་སྟངས་ཛ་དྲག་ཡིན་འདུག་པས། ལས་འགུལ་བ་དང་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྐྱབས་བཅོལ་ལས་ཁང་གིས། སྐྱབས་བཅོལ་བ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་འདོན་བཞིན་འདུག 

ལཱི་བྷི་ཡ་མཚོ་ཁ་སྲུང་སྐྱོབ་རུ་ཁག་གིས་ཡུ་རོབ་ཏུ་སྐྱབས་བཅོལ་དུ་འགྲོ་མཁན་རྣམས། མཚོ་ཐོག་ནས་བཀག་འགོག་བྱས་ཏེ་ཕྱིར་རྒྱལ་ཁབ་དེར་བཙན་དབང་ཐོག་ནས་བཀག་ཉར་ཆེད་འཁྲིད་འགྲོ་ཡི་ཡོད་པ་དང་། ལས་དོན་དེར་ཡུ་རོབ་མཐུན་ཚོགས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག་པས། རྒྱབ་སྐྱོར་དེ་ཕྱིར་འཐེན་དགོས་པའི་དགོས་འདུན་བཏོན་མཁན་མང་པོ་བྱུང་ཡོད་ཀྱང་། ད་བར་ཕྱིར་འཐེན་བྱས་མེད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།