འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་མཆོག་གིས་ཐའེ་ཝན་དུ་དད་ལྡན་མང་ཚོགས་ལ་བཀའ་དབང་གནང་འདུག

་འདིའི་ཚེས་༦ ཉིན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལམ་སྟོན་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་ཐའེ་སྡོད་བོད་རིགས་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་ཡོད་པའི་ཐའེ་ཝན་རྒྱལ་སྤྱིའི་འདུ་འཛོམས་ཁང་དུ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་གིས་པད་གླིང་གུ་རུ་ཞི་བའི་བཀའ་དབང་གནང་འདུག

ཟླ་འདིའི་ཚེས་༦ ཉིན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལམ་སྟོན་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་ཐའེ་སྡོད་བོད་རིགས་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་ཡོད་པའི་ཐའེ་ཝན་རྒྱལ་སྤྱིའི་འདུ་འཛོམས་ཁང་དུ་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་གིས་པད་གླིང་གུ་རུ་ཞི་བའི་བཀའ་དབང་གནང་འདུག

དེ་ཡང་ཐོག་མར་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་མཆོག་ཐའེ་པེར་རྒྱལ་སྤྱིའི་འདུ་འཛོམས་ཁང་དུ་ཞབས་སོར་འཁོད་མཚམས་གོ་སྒྲིག་ཚོགས་ཆུང་ནས་སྤོས་སྣེ་དང་དུང་རྒྱ་བཅས་ཀྱིས་ཚོགས་ཁང་དུ་ཕེབས་བསུ་ཞུས་རྗེས་རིན་པོ་ཆེ་མཆོག་གིས་པད་གླིང་གུ་རུ་ཞི་བའི་བཀའ་དབང་གི་སྒྲུབ་ཞག་དང་། དེ་ནས་ཐའེ་ཝན་སྐུ་ཚབ་དོན་གཅོད་དང་དྲུང་ཆེ། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་རྒྱུན་ལས་རྣམ་པ། ཐའེ་སྡོད་བོད་རིགས་ཚོགས་པའི་རྒྱུན་ལས་བཅས་རིན་པོ་ཆེ་མཆོག་དམིགས་བསལ་སྐུ་མགྲོན་ཁང་དུ་གདན་འདྲེན་ཞུས་ཏེ་གུང་ཚིགས་མཉམ་རོལ་ཞུས་པ་དང་། ཐའེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནས་རིན་པོ་ཆེ་མཆོག་དང་སྐུ་ཚབ་དོན་གཅོད་གཙོས་པའི་འབྲེལ་ཡོད་ལྷན་རྒྱས་ལ་ཚོགས་པས་ཕྱོགས་སྒྲིག་ཞུས་པའི་འགན་འཁྲི་ཞེས་པའི་ ༼ རྒྱ་རིགས་སྤྱི་ཚོགས་གཙོས་པའི་འཛམ་གླིང་ཡུལ་གྲུ་ཁག་ཏུ་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་ལམ་སྟོན་འབོད་སྐུལ་གྲོད་ཆོད། ༽ དེབ་ཕྲེང་རེར་སྤྱན་འབུལ་གྱིས་ལྷན་རྒྱས་སྐུ་དཔར་མཉམ་སྒྲོན་གནང་བ་དང་།

ཉིན་རྒྱབ་ཆུ་ཚོད་༢ ཙམ་ལ་བཀའ་དབང་དངོས་གཞི་དབུ་འཛུགས་ཀྱིས་ཐོག་མ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམ་པས་འབྲི་གུང་༧སྐྱབས་མགོན་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་སླད་མནྜལ་རྟེན་དོད་འདེགས་འབུལ་དང་། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་དང་དྲུང་ཆེ། དེ་བཞིན་ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཞོན་གཙོས་པའི་རྒྱུན་ལས་རྣམ་པས་རིན་པོ་ཆེ་མཆོག་ལ་བཏང་རག་འདེགས་འབུལ་ཞུས་ཡོད་འདུག།

དེ་ནས་རིན་པོ་ཆེ་མཆོག་གིས་བཀའ་དབང་དངོས་གཞི་དབུ་འཛུགས་ཀྱིས་དད་ལྡན་མི་རེ་ངོ་རེར་པད་གླིང་གུ་རུ་ཞི་བའི་དབང་གནང་རྗེས། མཐའ་བསྡོམས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། འཛམ་གླིང་གང་སར་ནར་བཞིན་པའི་ནད་ཡམས་དང་དམག་འཁྲུག་སོགས་མྱུར་དུ་ཞི་ནས་འཛམ་གླིང་ཞི་བདེ་ཡོང་བའི་སྨོན་འདུན་དང་བཅས་བཀའ་དབང་མཇུག་བསྒྲིལ་ཡོད།  སྐབས་དེར་ཐའེ་ཝན་གནས་སྡོད་བོད་རིགས་སེར་སྐྱ་མི་མང་དང་ཐའེ་ཝན་ནང་པ་བཅས་ཁྱོོན་བསྡོམས་དད་ལྡན་མང་ཚོགས་སྟོང་ཙམ་ལ་པད་གླིང་གུ་རུ་ཞི་བའི་བཀའ་དབང་བཀའ་དྲིན་ཐོབ་ཡོད་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།