སྟག་ལོའི་ནང་གི་བོད།
བོད་པས་བོད་ཀྱི་ལོ་གསར་(ཕྱི་ཟླ་གསུམ་པའི་ཚེས་གསུམ་)གྱི་རྟེན་འབྲེལ་བྱེད་བཞིན་པ་རེད། ལོ་གསར་རྙིང་བརྗེ་བའི་སྐབས་འདིར་སྔོན་བྱུང་གི་གནས་སྟངས་དང་། བོད་མིས་རང་གི་རྩ་དོན་སྐོར་ག་རེ་བྱེད་ཐུབ་པ་དང་མི་ཐུབ་པ། རྒྱ་མིས་ཁོ་ཚོའི་དགྲ་བོ་ལ་ཇི་ལྟར་དབང་དུ་སྡུད་པ་བཅས་ལ་ཕྱིར་མིག་ཅིག་ལྟ་རྒྱུའི་དུས་སྐབས་བཟང་པོ་ཞིག་རེད།
ཕུན་ཚོགས་དབང་རྒྱལ།
བོད་པས་བོད་ཀྱི་ལོ་གསར་(ཕྱི་ཟླ་གསུམ་པའི་ཚེས་གསུམ་)གྱི་རྟེན་འབྲེལ་བྱེད་བཞིན་པ་རེད། ལོ་གསར་རྙིང་བརྗེ་བའི་སྐབས་འདིར་སྔོན་བྱུང་གི་གནས་སྟངས་དང་། བོད་མིས་རང་གི་རྩ་དོན་སྐོར་ག་རེ་བྱེད་ཐུབ་པ་དང་མི་ཐུབ་པ། རྒྱ་མིས་ཁོ་ཚོའི་དགྲ་བོ་ལ་ཇི་ལྟར་དབང་དུ་སྡུད་པ་བཅས་ལ་ཕྱིར་མིག་ཅིག་ལྟ་རྒྱུའི་དུས་སྐབས་བཟང་པོ་ཞིག་རེད། ངས་ག་རེ་ཞུས་པ་དེ་མཁྱེན་ཐབས་སུ་ར་སྤྲོད་ཀྱི་གློག་བརྙན་ཁྱད་དུ་འཕགས་པ་གཉིས་ལ་བལྟ་དགོས། དང་པོ་དེ་བི་བི་སིས་ཐབས་ཕྱོགས་གཅིག་སྒྱུར་གྱི་ལས་ཁུངས་(UFWD) ཞེས་པ་དེ་ “རྒྱ་ཡི་མིག་འཕྲུལ་གྱི་གོ་ཚོན་” རེད་ཅེས་བརྗོད་ཡོད་རེད། (BBC Iplayer ནང་ཡོད་པའི་གློག་བརྙན་ ) UFWD ནི་རྒྱ་ནག་ནང་འཁྲུག་གི་དུས་སྐབས་སུ་གསར་བཙུགས་བྱས་པ་དང། དེ་ནས་བཟུང་ཐབས་ཕྱོགས་གཅིག་སྒྱུར་ནི་དམར་ཕྱོགས་ཚོགས་པར་ཁ་གཏད་བྱེད་མཁན་རང་ཕྱོགས་སུ་འགུག་ཐབས་དང་གདོང་ལེན་བྱེད་ཕྱོགས་ཀྱི་སྲིད་བྱུས་གལ་ཆེ་ཞིག་ཆགས་པ་རེད།
གློག་བརྙན་གཞན་དེ་ནི་ “ཉི་མ་སྤྲིན་པའི་འོག་” ཞེས་པ་ “ཁྲུང་ཁྲུང་དཀར་པོའི་གློག་བརྙན་འདོན་སྤེལ་ཁང” ནས་བཟོས་པ་ཞིག་རེད། དེ་ནི་བོད་མིས་རང་དབང་གི་དོན་དུ་འཐབ་རྩོད་སྐོར་རེད། ད་ལོའི་ལོ་གསར་འདི་ནི་སྟག་ལོ་རེད། ལོ་ ༥༠ གོང་ང་ལྷ་སར་རྒྱ་མིའི་སློབ་གྲྭ་ཞིག་ཏུ་ཡོད་སྐབས་ “ཤོག་གུའི་སྟག་” ཞེས་ལྷ་སའི་བར་སྐོར་ནང་འབོད་ཚིག་བསྒྲགས་པའི་སྐོར་གྱི་གནས་ཚུལ་དེ་ངས་རྣམ་པ་ཚོར་ཞུ་འདོད་བྱུང། ལོ་ ༣༠ རྗེས་སུ་ང་ཐེངས་གཅིག་བོད་དུ་ལྷ་སའི་མཐོ་རིམ་སློབ་གྲྭ་དེར་འགྲོ་སྐབས་ང་སྔོན་མར་འགྲོ་སའི་སློབ་གྲྭ་དེ་རྒྱ་མིའི་ལས་བྱེད་སློབ་གྲྭ་ཞིག་རེད་འདུག ང་དེའི་ནང་གང་འདྲ་ཞུགས་པ་དེ་ངས་དྲན་གྱི་མི་འདུག
ངས་ཞུ་རྒྱུའི་གནས་ཚུལ་དེ་ “ཤོག་གུའི་སྟག་” ཞེས་པ་དེ་རེད། ང་ཚོ་སློབ་ཕྲུག་ཚོས་“ཁྲོ་ཤན་མི་དམངས་ལ་རྒྱབ་སྐྱོར་ཡོད།” “བཙན་རྒྱལ་ཨ་མི་རི་ཀ་ཤོག་གུའི་སྟག་རེད།” “བཅིངས་གྲོལ་དམག་མི་རྒྱལ་ལོ་”ཞེས་དར་དམར་ལག་ཏུ་འཁྱེར་ཏེ་སྐད་འབོད་ཁྲོམ་སྐོར་བྱས་པ་རེད། སྐབས་དེར་ཁྲོ་ཤན་ཟེར་བའི་རྒྱལ་ཁབ་དེ་སུ་ཡིན་པ་དང་། ཨ་མི་རི་ཀ་འཛམ་གླིང་ནང་གང་དུ་ཡོད་མེད་ཀྱང་ཤེས་ཀྱི་ཡོད་མ་རེད། ཡིན་ན་ཡང་སྟག་ནི་ཤེས་ཀྱི་ཡོད། དེ་ནི་ང་ཚོས་ཡང་ཡང་མཐོང་བའི་བོད་ཀྱི་རླུང་རྟའི་རི་མོའི་ནང་གི་མཐུ་རྩལ་ཆེ་བའི་རྟགས་མཚོན་ཞིག་རེད། ཨ་མི་རི་ཀ་ནི་ཤོག་གུའི་ནང་བྲིས་པའི་རི་མོ་རྫིག་པོ་ཞིག་དང་འདྲ་བར་དོན་དུ་དངོས་ཡོད་ཀྱི་ནུས་པ་ཡོད་མ་རེད་ཞེས་རྒྱ་མིས་བརྗོད་པ་ཞིག་རེད།
ཕར་ཕྱིར་བལྟས་ཤིག་སློག་སྟེ། སྔ་མོ་ཁྲོ་ཤན་དམག་འཐབ་སྐབས་བཅིངས་གྲོལ་དམག་ལ་རྒྱལ་ཁ་ཐོབ་པ། ཝིད་ནམ་དང་ཨབ་གྷན་དམག་འཐབ་སྐབས་ཨ་རིས་ཕམ་ཁ་ལེན་དགོས་བྱུང་བ། ཧོང་ཀོང་དུ་བར་ལམ་རྐྱེན་ངན་བྱུང་སྐབས་ཨ་རིས་རོགས་སྐྱོར་མ་ཐུབ་པ་དེ་ཚང་མར་བལྟ་དུས། རྒྱལ་ཁབ་རང་ཉིད་ཀྱི་མི་ཚོས་རང་གི་གནས་སྟངས་སོ་སོས་སྲུང་རྒྱུའི་སྤོབས་པ་དང་སེམས་ཤུགས་མེད་ན་ང་ཚོས་ཡིད་ཆེས་བྱེད་སྡོད་པ་ནང་བཞིན་ཨ་རི་སྟོབས་དང་ལྡན་པ་ཞིག་ཡོང་གི་རེད་པེ། དེ་བཞིན་བོད་པ་ཐེ་བའི་གཞན་སུ་ཞིག་ལངས་ཕྱོགས་ཐག་གཅོད་དང་དམིགས་ཡུལ་གསལ་པོ་ཞིག་མེད་ན་ཨ་རིས་སྲུང་སྐྱོབ་ཐུབ་ཀྱི་རེད་དམ་ཞེས་དྲི་བ་ཞིག་ཀྱང་ཡོང་སྲིད་པ་རེད།
སྟག་ལོ་འདིའི་སྐབས་ནུབ་ཕྱོགས་པའི་སྟག་དེ་སྟག་ངོ་མ་ཡིན་པ་དང་། དེས་རྒྱའི་འབྲུག་དང་། ཨུ་རུ་སུའི་དོམ་ལ་ཁ་གཏད་ཐུབ་པའི་ཁུངས་སྐྱེལ་ར་སྤྲོད་བྱེད་པ་དང། བོད་མི་དམངས་དང་སྒྲིག་འཛུགས་གཉིས་ཀའི་དམིགས་ཡུལ་གཅིག་གི་ཐོག་ནུས་ཤུགས་ཆིག་སྒྲིལ་གྱིས་ཡར་ལངས་ཐུབ་པའི་ར་སྤྲོད་ཁུངས་སྐྱེལ་བྱེད་རྒྱུའི་དུས་ཚོད་ཡག་པོ་ཞིག་རེད།
དྲི་བ་གཞན་པ་དེ་ནི། གུང་ཁྲན་ཏང་གིས་“མིག་འཕྲུལ་གྱི་གོ་ཚོན་”དེ་ནུས་པ་དང་ལྡན་པའི་ཐོག་ནས་གང་འདྲ་བེད་སྤྱོད་བཏང་ཐུབ་པ་དེ་ང་ཚོས་ཤེས་ཀྱི་ཨེ་ཡོད། རི་པན་དང་དམག་འཁྲུག་སྐབས་”མིག་འཕྲུལ་གི་གོ་ཚོན་”དེ་བེད་སྤྱོད་བཏང་སྟེ་རི་པན་ལ་ངོ་རྒོལ་བྱེད་ཆེད་གོ་མིང་ཏང་གུང་ཁྲན་དང་མཉམ་འབྲེལ་བྱས་པ་རེད། མཐའ་མར་གུང་ཁྲན་ཏང་ལ་དབང་ཐོབ་སྟེ་རྒྱལ་ཁ་ཐོབ་པ་རེད། ཨ་མི་རི་ཀས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་འདམ་སྟེ་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་དུ་ཞུགས་བཅུག་པ་རེད། མཐའ་མར་དེའི་རྐྱེན་པས་རྒྱ་ནག་སྟོབས་ཤུགས་ཆེན་པོ་ཆགས་ཏེ་ནུབ་ཕྱོགས་དམངས་གཙོའི་རིང་ལུགས་ཤོག་ཁག་ལ་ཉེན་ཚབས་བཟོ་མཁན་ཞིག་ཆགས་པ་རེད། “མིག་འཕྲུལ་གྱི་གོ་ཚོན་”དེ་བེད་སྤྱོད་བཏང་སྟེ་བོད་པའི་སྒྲིག་འཛུགས་ཀྱི་རང་བཙན་གྱི་འཐབ་རྩོད་འཚམས་འཇོག་བྱེད་བཅུག་པ་རེད། མཐའ་མར་བོད་དང་འབྲེལ་བའི་གནད་དོན་ཚང་མ་རྒྱ་ནག་ནང་ཁུལ་གྱི་གནས་ཚུལ་ཞིག་ལ་གྱུར་སོང་བ་རེད། དེ་བཞིན་མི་སྒེར་རང་རང་སོ་སོས་གང་ནུས་ངོ་རྒོལ་དང་རང་སྲོག་བློས་གཏང་ན་ཡང་“མིག་འཕྲུལ་གྱི་གོ་ཚོན་”དེས་བོད་མིས་དགྲ་བོར་གདོང་ལེན་བྱེད་ཐབས་ཐོག་བོད་མིའི་སེམས་ལ་རྙོག་ཟིང་ཕོག་བཅུག་བཞིན་པ་རེད།
“ཉི་མ་སྤྲིན་པའི་འོག་”ཞེས་པ་དེའི་ནང་གསལ་པོ་བསྟན་པ་ཞིག་ལ། གལ་ཏེ་བོད་མི་དམངས་དང་སྒྲིག་འཛུགས་ཐུན་མོང་གིས་དམིགས་ཡུལ་གཅིག་གི་ཐོག་ཆིག་སྒྲིལ་གྱིས་འཐབ་རྩོད་མ་ཐུབ་པ་ཡིན་ན་རྒྱ་མིས་བོད་པའི་ཉི་མ་དེ་དོགས་པ་དང་ཐེ་ཚོམ་རྡུལ་གྱིས་བདེན་པའི་འོད་སྣང་སྒྲིབ་སྡོད་རྒྱུ་རང་རེད།