སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ཐོག་སྲིད་བློན་མུ་དྷི་མགྲོན་འབོད་བྱེད་མིན་ལ་བསམ་གཞིག

དེ་རིང་ཚེས་༡༣ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་འདིའི་ཕྱི་ཟླ་༦ པའི་ནང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་(G7) དེ་འཇར་མ་ནི་རྒྱལ་ཁབ་ཏུ་འཚོགས་རྒྱུ་ཡིན་པ་དང་། ལྷན་ཚོགས་ཀྱི་ཐོག་ཏུ་རྒྱ་གར་དང་ཧིན་དྷུ་ནི་ཤི་ཡ་སོགས་མགྲོན་འབོད་བྱེད་འཆར་ཡོད་མོད་ཀྱང་། ཡུག་རེན་ལ་དམག་འཁྲུག་བྱུང་བའི་རྗེས་ནས་རྒྱ་གར་གྱི་སྲིད་བློན་མུ་དྷི་ནི་ལྷན་ཚོགས་དེའི་ནང་དུ་མགྲོན་འབོད་བྱེད་དགོས་མིན་གྱི་ཐོག་འཇར་མ་ནི་གཞུང་གིས་བསམ་གཞིག་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག

ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ཕྱིར་ཕུད་གཏོང་པའི་སྐབས་སུ། མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་མི་རྒྱལ་ཁབ་༩༣ གྱིས་མོས་མཐུན་བྱས་ནས་འོས་འཕངས་ཡོད་པ་དང་། ཚོགས་མི་རྒྱལ་ཁབ་༢༤ ཡིས་དགག་བྱ། ཚོགས་མི་རྒྱལ་ཁབ་༥༨ ཀྱིས་འོས་འཕངས་མེད་པ་དང་དེའི་ཁྲོད་དུ་གཅིག་ནི་རྒྱ་གར་ཡིན་པ་མ་ཟད། རྒྱ་གར་གྱི་ཨུ་རུ་སུ་ལ་ཉེས་ཆད་བཅད་མེད་པའི་ཐོག་ཨུ་རུ་སུའི་རྩ་ནས་སྣུམ་ཉོ་ཡི་ཡོད་པའི་རྒྱུ་མཚན་གྱིས་ད་ལྟའི་ཆར་རྒྱ་གར་ནི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་སུ་མགྲོན་འབོད་བྱེད་དགོས་མིན་གྱི་གནས་སྟངས་དེ་ཡོང་བཞིན་ཡོད་འདུག

ལྷན་ཚོགས་དེས་འགོ་ཁྲིད་ནས་ཨུ་རུ་སུ་ལ་ཉེས་ཆད་བཅད་ཡོད་པ་མ་ཟད། ཚོགས་མི་རྒྱལ་ཁབ་འགའ་རེས་ཡུག་རེན་ལ་མཚོན་ཆ་ཡང་མཁོ་སྤྲོད་བྱས་ཡོད་འདུག་ལ། ཁོང་ཚོས་རྒྱལ་ཁབ་གཞན་དང་འབྲེལ་བ་བྱས་ནས་ཨུ་རུ་སུ་དང་ལྷན་དུ་ཚོང་དང་མ་རྩ་འཛུགས་རྒྱུ་ལ་ཚད་བཀག་དང་། དེ་བཞིན་ཨུ་རུ་སུའི་སྲིད་འཛིན་ལ་ཉེས་འཛུགས་བྱེད་རྒྱུའི་ཐབས་ཤེས་བྱས་ཡོད་མོད་ཀྱང་། ཨེ་ཤི་ཡ་དང་ནུབ་ཕྱོགས་རྒྱལ་ཁབ་མང་པོོས་དེ་ལ་ཐེ་ཚོམ་བྱས་ནས་ཉེས་འཛུགས་བྱས་མེད་པའི་གནས་ཚུལ་ཐོན་འདུག

རྒྱལ་སྤྱིའི་རྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན་སྟོབས་ཆེན་རྒྱལ་ཁབ་འདུན་གྱི་ལྷན་ཚོགས(G7) དེ་ནི་༡༩༧༥ ལོར་གསར་བཙུགས་བྱས་ཡོད་པ་དང་། ཕྱི་ལོ་༡༩༩༠ ཡས་མས་སུ་ཨུ་སུ་རུ་ཚོགས་པ་དེའི་ནང་ཚོགས་མི་རུ་འགྱུར་བས་ཚོགས་པ་དེ་(G8) སྟོབས་ཆེན་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོགས་སུ་གྱུར་ཡོད་ན་ཡང་། ༢༠༡༤ ལོར་ཨུ་རུ་སུས་ཡུག་རེན་གྱི་ས་ཁུལ་ཁེ་རེ་མལ་(Crimea) ལ་དབང་བསྒྱུར་བྱས་པའི་རྐྱེན་གྱིས་ཨུ་རུ་སུ་ཚོགས་པ་དེ་ནས་ཕྱིར་ཕུད་བྱས་ཏེ་ད་ལྟའི་ཆར་ཚོགས་པ་དེ་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ཤིག་ཏུ་གྱུར་ཡོད་པ་རེད།།

གསར་འགོད་པ་བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།