སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་ཨུ་རུ་སུའི་གསེར་ནང་འདྲེན་བྱེད་རྒྱུ་མཚམས་འཇོག་བྱས། 

ཟླ་འདིའི་ཚེས་༢༧ ཉིན་Firstpost ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་ཐོག་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་(G7) གྱི་ལྷན་ཚོགས་ཐེངས་༤༨ པ་དེ་ཟླ་འདིའི་ཚེས་༢༦ ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་འཇར་མན་ནི་ལ་ཚོགས་འགོ་བཙུགས་ཡོད་འདུག

ཟླ་འདིའི་ཚེས་༢༧ ཉིན་Firstpost ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་ཐོག་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་(G7) གྱི་ལྷན་ཚོགས་ཐེངས་༤༨ པ་དེ་ཟླ་འདིའི་ཚེས་༢༦ ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་འཇར་མན་ནི་ལ་ཚོགས་འགོ་བཙུགས་ཡོད་འདུག

སྐབས་འདིའི་ལྷན་ཚོགས་ཀྱི་ཐོག་ཏུ་རྒྱ་གར་གྱི་སྲིད་བློན་གཙོས་པའི་ལྷན་ཚོགས་ཀྱི་ཚོགས་མི་མ་ཡིན་པའི་རྒྱལ་ཁབ་ཁག་གཅིག་གི་སྐུ་ཚབ་དང་།མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་སྒྲིག་འཛུགས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ། དེ་བཞིན་འཛམ་གླིང་དངུལ་ཁང་བཅས་ཚོགས་སྡེ་ཁག་གཅིག་ཀྱང་མཉམ་ཞུགས་བྱས་ཡོད་འདུག

རྒྱ་གར་ནི་ལྷན་ཚོགས་དེའི་ཚོགས་མི་ཞིག་མིན་རུང་། སྔ་ལོ་དབྱིན་ཇི་སྲིད་བློན་ཇཱོ་སོན་(Boris Johnson) གྱིས་རྒྱ་གར་གྱི་སྲིད་བློན་ལྷན་ཚོགས་ཐོག་གདན་འདྲེན་ཞུས་ཡོད་པ་དང་། ཕྱི་ལོ་༢༠༡༩ ལོར་ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལྷན་ཚོགས་སུ་གདན་འདྲེན་ཞུས་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ཀྱི་ཐོག་ཏུ་འཇར་མན་ནི་ཡིས་ཁོང་ཉིད་གདན་འདྲེན་ཞུས་ཡོད་འདུག་པས། ཕྱི་ལོ་༢༠༡༤ ནས་བརྩིས་ན་རྒྱ་གར་གྱི་སྲིད་བློན་མུ་དྷི་ལྷན་ཚོགས་དེའི་ནང་དུ་གདན་འདྲེན་ཞུས་པ་ཐེངས་གསུམ་པ་དེ་ཆགས་ཡོད་འདུག

ཐེངས་འདིའི་ལྷན་ཚོགས་ཀྱི་ཐོག་ཏུ་འཇར་མན་ནི་ཡིས་རྒྱ་གར་གྱིས་སྲིད་བློན་གདན་འདྲེན་ཞུ་དགོས་དོན་ནི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དེ་སྔར་རྒྱུན་བཞིན་རྒྱུན་སྲིང་བྱེད་རྒྱུའི་ཆེད་དུ་ཡིན་སྐོར་དང་། གཞན་ཡང་རྒྱལ་སྤྱིའི་ཐོག་གདོང་ལེན་བྱེད་དགོས་པའི་གནད་དོན་མང་པོའི་ཐོག་ལ་རྒྱ་གར་གྱི་རྒྱབ་སྐྱོར་དགོས་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་སྐོར་རྗོད་བཞིན་འདུག

རྒྱ་གར་གྱི་སྲིད་བློན་མུ་དྷི་ལྷན་ཚོགས་ཀྱི་ཚོགས་ཐུན་གཉིས་ཀྱི་ནང་དུ་མཉམ་ཞུགས་བྱས་ནས་གནམ་གཤིས་འགྱུར་ལྡོག་དང་བཟའ་ཆས་བདེ་འཇགས། འཕྲོད་བསྟེན་དང་ཕོ་མོ་འདྲ་མཉམ། མང་གཙོ་བཅས་ཀྱི་གནད་དོན་ཐོག་ལ་བཀའ་མོལ་གནང་རྒྱུ་ཡིན་འདུག

ལྷན་ཚོགས་དེ་ནི་ཕྱི་ལོ་༡༩༧༥ ལོར་དབུ་འཛུགས་བྱས་པ་དང་སྐབས་དེར་འཛམ་གླིང་ཁྱོན་ཡོངས་ལ་དཔལ་འབྱོར་ཉམས་ཉེས་དང་སྣུམ་གྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད་པར་བརྟེན། བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་དྲུག་གིས་མཉམ་རུབ་ཐོག་ཚོགས་པ་དེ་གསར་འཛུགས་བྱས་ནས་གོ་ལའི་དཔལ་འབྱོར་གྱི་གནད་དོན་ཐོག་ལ་གྲོས་བསྡུར་བྱས་ཡོད་པ་རེད། 

དེ་ནས་ཕྱི་ལོ་༡༩༧༦ ལོ་ཁན་ན་ཊ་དང་ཕྱི་ལོ་༡༩༩༨ ལོར་ཨུ་རུ་སུ་བཅས་ཚོགས་པ་དེའི་ནང་དུ་འཛུལ་ཞུགས་བྱས་ཡོད་ཀྱང་། ཕྱི་ལོ་༢༠༡༤ ལོར་ཨུ་རུ་སུས་ཁེ་རེ་མ་ཡ་(Crimea) ཞེས་པའི་ས་ཁུལ་དེ་ཨུ་རུ་སུའི་དབང་འོག་ཏུ་ཟླ་སྒྲིལ་བཏང་བར་བརྟེན། ཨུ་རུ་སུ་ལྷན་ཚོགས་དེ་ནས་གནས་དབྱུང་བཏང་ཡོད་འདུག

ད་ལྟའི་ཆར་ལྷན་ཚོགས་དེའི་ཚོགས་མི་རྒྱལ་ཁབ་དག་ནི་ཨ་རི་དང་ཉི་ཧོང་། དབྱིན་ཇི་དང་ཧྥ་རན་སི། ཁན་ན་ཊ་དང་འཇར་མན་ནི། ཨེ་ཊ་ལི་བཅས་ཡིན་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཐེངས་འདིའི་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་དེས་ཨུ་རུ་སུའི་རྩ་ནས་གསེར་ནང་འདྲེན་བྱེད་རྒྱུ་མཚམས་འཇོག་བྱེད་རྒྱུ་ཡིན་འདུག ཨུ་རུ་སུས་དངོས་ཟོག་ཕྱིར་བཙོང་བྱེད་པའི་ནང་ནས་མང་ཤོས་ཤིག་ནི་གསེར་ཡིན་པ་དང་ཕྱི་ལོ་༢༠༢༡ ལོ་དབྱིན་སྒོར་ཐེར་འབུམ་༡༢,༦ ལྷག་གི་ཕྱིར་ཚོང་བྱས་ཡོད་པ་རེད་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།