སྲིད་ཟུར་བློ་བཟང་སེང་གེ་ཉི་ཧོང་དུ་ཕེབས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་གྲོས་བསྡུར་གནང་འདུག

ཟླ་འདིའི་ཚེས་༡༡ ཉིན་(ANI) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སྲིད་ཟུར་བློ་བཟང་སེང་གེ་ཉི་ཧོང་དུ་ཕེབས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་དོན་ཐོག་ལ་གྲོས་བསྡུར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༡ ཉིན་(ANI) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སྲིད་ཟུར་བློ་བཟང་སེང་གེ་ཉི་ཧོང་དུ་ཕེབས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལ་གྲོས་བསྡུར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

སྲིད་ཟུར་འབུམ་རམས་པ་བློ་བཟང་སེང་གེ་ཉི་ཧོང་དུ་ཕེབས་ནས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་། གཞན་ཡང་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་བྱས་ཡོད་པའི་སྐོར་ལ་ཁོང་གིས”ཉི་ཧོང་གི་རྒྱལ་ས་ཀྲོག་ཀྱོག་ནང་སྐོར་སྐྱོད་ཀྱི་མཐར་མཇུག་ཏུ་ཉི་ཧོང་མཉམ་འབྲེལ་ཞིབ་འཇུག་གི་ཚོགས་གཙོ་ཧྥོར་ཡཱ་ཁི་ཇི་(Furuya Keiji ) དང་། ཚོགས་པ་དེ་དང་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་མཆོག འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་བོད་ཀྱི་གྲོགས་པོ་ཚོ་དང་མཉམ་དུ། དགོང་དྲོའི་གསོལ་ཚིགས་ཞུ་རྒྱུ་བྱུང་བར་དགའ་པོ་བྱུང་ལ།

ཚོགས་པ་དེ་གཉིས་ཀྱིས་བོད་དོན་ཐོག་རྒྱུན་མཐུད་ནས་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་འདུག ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཤཱི་མོའུ་མོ་ར་ཧཱ་ཀུ་བྷན་བརྒྱུད་ནས། “རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་པར་ཉི་ཧོང་གྲོས་ཚོགས་མཉམ་འབྲེལ་ཞིབ་འཇུག” འཛུགས་སྟངས་དང་བསྒྲགས་གཏམ། ང་ཉི་ཧོང་ལ་སླེབས་པའི་སྐབས་རྒྱ་གཞུང་གིས་དེར་སྐོར་སྐྱོད་ཀྱི་དུས་ཚོད་བསྒྲིགས་པ་བཅས་ཤེས་རྟོགས་བྱུང་བ་མ་ཟད། གྲོས་ཚོགས་འཐུས་མི་བརྒྱ་ལྷག་ཙམ་གྲོས་ཚོགས་མཉམ་འབྲེལ་ཞིབ་འཇུག་ཚོགས་པའི་ནང་འཛུལ་ཞུགས་གནང་རྒྱུའི་མོས་མཐུན་གནང་པ་བཅས་ལ་བརྟེན་ནས། གནད་དོན་དེའི་སྐོར་ཉི་ཧོང་གི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་མང་ཆེ་བའི་ནང་སྤེལ་སོང་།

ད་དུང་གྲོས་ཚོགས་འོག་མའི་ནང་བོད་དང་སོག་པོ། ཡུ་གུར་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པའི་ཐད་གྲོས་ཆོད་བཞག་པར་དང་། ངས་གྲོས་ཚོགས་ནང་གཏམ་བཤད་ཞུས་པ་དང་བསྟུན་ནས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་བྱུང་། དམིགས་སུ་བཀར་ནས་གསར་དུ་བཙུགས་པའི་ཚོགས་པ་དེའི་སློབ་སྟོན་པ་སཱ་ཀུ་རི་ཡ་མཆོག་ལ་བཀའ་དྲིན་ཆེ་ཞུས་ཡོད། ལྕམ་ཁོང་ནི་༧གོང་ས་མཆོག་དང་བོད་མི་ཚོའི་གྲོགས་པོ་བརྟན་པོ་ཞིག་རེད་ལ། ངའི་ངོས་ནས་ལྕམ་ཁོང་ལ་གྲོགས་པོ་ཞེས་འབོད་རྒྱུ་བྱུང་བར་རྩ་ཆེན་དང་། མོས་སྲིད་ཟུར་ཤིན་ཟོ་ཨ་བྷི་(Shinzp Abe) དམ་པ་དེའི་འཆར་སྣང་རྣམས་དངོས་འགྱུར་ཡོང་བར་འབད་བརྩོན་གནང་བཞིན་པར་དེ་བས་ཀྱང་རིན་ཐང་བྲལ་བ་ཞིག་རེད། དེ་དང་བསྟུན་ནས་ཆི་བྷ་(Chiba) དང་རཱི་ཀྲ་ཁུ་(Reitaku) གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་དབུ་ཁྲིད་ཚོས་དགོང་དྲོའི་གསོལ་ཚིགས་ཀྱི་འདུ་འཛོམས་གྲ་སྒྲིག་དང་། གྲོགས་པོ་རི་ཀཱ་(Rikka Okiura) ལགས་ཀྱིས་གྲོས་ཚོགས་ནང་སྐད་སྒྱུར་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན་ཞེས་ཁོང་ཉིད་ཀྱི་ངོ་དེབ་ཐོག་སྤེལ་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།