སྲིད་སྐྱོང་འོས་མིར་ལངས་རྒྱུའི་ཁྱབ་བསྒྲགས་དེ་མང་གཙོ་དུས་དྲན་རྗེས་ལ་ཡིན།

ཟླ་འདིའི་ཚེས་༡༢ ཉིན་གྱི་སྔ་དྲོ་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། སྲིད་སྐྱོང་བློ་བཟང་སེང་གེས་“དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ངོ་བོ་དང་བྱུང་རིམ་”སྐོར་གྱི་ཟེར་སྡེར་ཞིག་དང་བོད་ཀྱི་བརྙན་འཕྲིན་གྱི་མཉེན་ཆས་ཤིག་དབུ་འབྱེད་གནང་སོང།

ཟླ་འདིའི་ཚེས་༡༢ ཉིན་གྱི་སྔ་དྲོ་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། སྲིད་སྐྱོང་བློ་བཟང་སེང་གེས་“དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ངོ་བོ་དང་བྱུང་རིམ་”སྐོར་གྱི་ཟེར་སྡེར་ཞིག་དང་བོད་ཀྱི་བརྙན་འཕྲིན་གྱི་མཉེན་ཆས་ཤིག་དབུ་འབྱེད་གནང་སོང་།

1452དབུ་མའི་ལམ་གྱི་བརྙན་འཕྲིན་ཟེར་སྡེར་དེའི་ནང་བཙན་བྱོལ་བོད་མིའི་དབུ་ཁྲིད་རྣམ་པས་དབུ་མའི་ལམ་གྱི་དགེ་མཚན་སྐོར་གསུངས་ཡོད་པ་མ་ཟད། ༧ས་སྐྱ་གོང་མ་རིན་པོ་ཆེ་དང་། ༧རྒྱལ་དབང་ཀརྨ་པ། ༧སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། ༧ཤར་པ་ཆོས་རྗེ། ༧སྨན་རི་ཁྲི་འཛིན། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཁག་ཅིག་བཅས་ལ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་དགེ་མཚན་སྐོར་གསུངས་བཅུག་ཡོད་པ་རེད། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་རྒྱལ་ཁབ་ཁག་གི་དཔོན་རིགས་ཚོས་དབུ་མའི་ལམ་ལ་དགེ་མཚན་ཡོད་སྐོར་གསུངས་པ་ཁག་ཅིག་ཀྱང་བཀོད་ཡོད་རེད།

དབུ་མའི་ལམ་གྱི་གློག་བརྙན་དང་འབྲེལ་བའི་སྐོར་སྲིད་སྐྱོང་གི་གསུང་དོན། “དེ་སྔོན་འཆར་འགོད་ལྷན་ཁང་གིས་ཞིབ་འཇུག་བརྒྱུད། བོད་པའི་སྤྱི་ཚོགས་ནང་མི་མང་ལ་དབུ་མའི་ལམ་གྱི་གོ་རྟོགས་བརྒྱ་ཆ་༥༡ ཡོད་པའི་སྙན་ཐོ་ཞིག་ཕུལ་སོང་བས། བཀའ་ཤག་གི་འགན་བླངས་ཐོག་ལོ་གཉིས་རིང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཡོད་པ་དང། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་དབུ་མའི་ལམ་གྱི་གོ་རྟོགས་ཁྱབ་ཆེན་པོ་ཐོན་ཡོད་པ་རེད། སྐབས་དེར་ང་ཚོས་དབྱིན་ཡིག་ཐོག་ནས་དབུ་མའི་ལམ་གྱི་སྐོར་གློག་བརྙན་ཐུང་ཐུང་ཞིག་བཟོས་ཡོད་པ་རེད། དེའི་རྗེས་སུ་བོད་སྐད་ཐོག་ལ་གློག་བརྙན་ཞིག་དགོས་པ་མཐོང་སྟེ། དྲིལ་བསྒྲགས་ལས་ཁུངས་ནས་གློག་བརྙན་དེ་བཟོས་ཡོད་པས། དེས་མི་མང་གི་གོ་རྟོགས་སྤེལ་ཐུབ་པའི་རེ་བ་ཡོད།”ཅེས་གསུངས་སོང་།

བོད་ཀྱི་བརྙན་འཕྲིན་གྱི་མཉེན་ཆས་དང་འབྲེལ་ཁོང་གིས་གསུང་དོན། “བར་ལམ་ཞིག་ནས་བོད་གཞུང་གི་དྲ་རྒྱ་དང་བརྙན་འཕྲིན་དེར་དོ་སྣང་བྱེད་མཁན་མང་དུ་ཕྱིན་ཡོད་སྟབས། སྟབས་བདེ་ཡོང་ཆེད་མཉེན་ཆས་དེ་བརྒྱུད་ས་གནས་གཞན་ལ་ཡོད་མཁན་བོད་མི་རྣམས་ཀྱིས་ཁ་པར་བརྒྱུད་གནས་ཚུལ་རྣམས་བལྟ་ཐུབ་པ་བཟོས་ཡོད་པ་རེད།”ཅེས་གསུངས་སོང།
གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པའི་དྲི་བ་ཞིག་གི་ལན་དུ། སྲིད་སྐྱོང་བློ་བཟང་སེང་གེས་ཁོང་གིས་ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་རྒྱུའི་གསར་འགོད་གསལ་བསྒྲགས་དེ། ཟླ་༩ པའི་ཚེས་༢ མང་གཙོ་དུས་ཆེན་རྗེས་སུ་བྱེད་རྒྱུ་ཡིན་པ་དང། དེའི་སྐབས་སུ་ཁོང་ཚོས་དྲི་བ་རྣམས་ལ་ལན་ཡང་རྒྱག་རྒྱུ་ཡིན་སྐོར་གསུངས་སོང་།

དེ་བཞིན་རྒྱ་གར་གསར་འགོད་པ་ཞིག་གིས་ཁོང་ལ་སྲིད་སྐྱོང་གི་འོས་མི་གཞན་གསུམ་ལ་ལྟ་ཚུལ་གང་འདྲ་ཡོད་མེད་དྲིས་པའི་ལན་དུ། ཁོང་གིས་སྲིད་སྐྱོང་ལ་འགན་ཤིན་ཏུ་ཆེན་པོ་ཡོད་པས། སུ་ཞིག་སྲིད་སྐྱོང་གི་འོས་མིར་ལངས་འདོད་ཡོད་ན་དེ་དག་ལ་འགན་ཤིན་ཏུ་ཆེན་པོ་ཡོད་པས། བོད་མི་ཚང་མས་ཁོང་ཚོར་གུས་པ་དང་རྗེས་སུ་ཡི་རངས་བྱེད་དགོས་ངེས་དང། ཁོང་གིས་ཀྱང་དེ་ལྟར་བྱེད་ཀྱི་ཡོད་པ་མ་ཟད། ཁོང་གསུམ་ལ་འོས་བསྡུའི་གྲུབ་འབྲས་ཡག་པོ་དང་གཟུགས་གཞི་བདེ་པོ་ཡོང་བའི་སྨོན་འདུན་ཡོད་ཅེས་ལན་འདེབས་གནང་སོང་།

སླར་ཡང་གསར་འགོད་པ་དེས་གལ་ཏེ་རང་བཙན་རྩོད་མཁན་ཨ་ཚོགས་ཀླུ་མཁར་ལ་བྱམས་སྲིད་སྐྱོང་གི་འོས་ཐོབ་ཚེ། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དེ་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་སྲིད་དམ་ཞེས་དྲིས་པར། ཁོང་གིས་དེ་ནི་བོད་མི་མང་གིས་ཐག་གཅོད་ཀྱི་རེད། ཡིན་ཡང་བོད་མི་མང་སྤྱི་འཐུས་ཀྱིས་གྲོས་ཚོགས་ནང་དབུ་མའི་ལམ་དེར་མང་མོས་ཀྱི་རྒྱབ་སྐྱོར་ཐོག་གཏན་ལ་ཕབས་པ་རེད། སྲིད་བྱུས་འགྱུར་བ་གཏོང་བའི་དབང་ཚད་ནིབོད་མི་མང་སྤྱི་འཐུས་ལ་ཡོད་པ་རེད་མ་གཏོགས་སྲིད་སྐྱོང་ལ་མེད། སྲིད་སྐྱོང་གིས་སྲིད་བྱུས་དེ་ལག་ལེན་བསྟར་དགོས་པ་རེད་ཅེས་ལན་འདེབས་གནང་སོང།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།