སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་ནག་ལ་དམག་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཡོད་ཀྱང་། “བཟང་སྤྱོད་ཀྱི་སྟོབས་ཤུགས་མེད་”ཅེས་གསུངས་འདུག

༢༠༢༡ ལོའི་ཇི་ནི་ཝ་བོད་དོན་གླེང་སྟེགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་“རྒྱ་ནག་ལ་དམག་དཔུང་དང་། ཆབ་སྲིད། དཔལ་འབྱོར་བཅས་ཀྱི་སྟོབས་ཤུགས་ཡོད་ནའང་། བཟང་སྤྱོད་ཀྱི་སྟོབས་ཤུགས་མེད་”ཅེས་གསུང་འདུག
ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ཕྱི་ལོ་ ༢༠༢༡ ལོའི་ཇི་ནི་ཝ་བོད་དོན་གླེང་སྟེགས་འགོ་འཛུགས་བྱས་པ་དང་། གླེང་སྟེགས་དབུ་འབྱེད་ཀྱི་གསུང་བཤད་ནང་། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་ནག་གཞུང་གི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་མི་མང་ཚོའི་མངོན་འདོད་དེ་དག་ཚོགས་ལ་ཉེ་བའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་རང་དབང་གི་གནས་སྟངས་བསྐྱར་ཞིབ་སྐབས་གླེང་སློང་བྱེད་རྒྱུའི་གནད་དོན་གཙོ་བོ་ཞིག་ཆགས་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་གིས་“རྒྱ་ནག་ལ་དམག་དཔུང་དང་། ཆབ་སྲིད། དཔལ་འབྱོར་བཅས་ཀྱི་སྟོབས་ཤུགས་ཡོད་ནའང་། བཟང་སྤྱོད་ཀྱི་སྟོབས་ཤུགས་མེད་”ཅེས་གསུངས་པ་མ་ཟད། ཡོ་རོབ་རྒྱལ་ཁབ་ཚང་མས་རང་རང་སོ་སོའི་རྒྱལ་ཁབ་ཀྱི་རྩ་ཆེའི་རིན་ཐང་དེ་དག་སྲུང་སྐྱོབ་ཆེད་རྡོག་རྩ་གཅིག་ཏུ་སྒྲིལ་བའི་ཐོག་ནས་གཅིག་གྱུར་གྱི་ཕྱི་འབྲེལ་དང་། ཚོང་འབྲེལ་སྲིད་བྱུས་འཛིན་རྒྱུར་འབད་བརྩོན་གནང་དགོས་པའི་རེ་བསྐུལ་ཡང་ཞུས་གནང་འདུག
གཞན་ཡང་། གླེང་སྟེགས་དེའི་ཐོག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་ནག་གཞུང་གིས་བོད་དུ་སྐད་ཡིག་རྩ་མེད་དང་། རིགས་གཞུང་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་ན་ཡང་། དྲག་པོས་འཛམ་གླིང་གི་དཀའ་རྙོག་སེལ་མི་ཐུབ་པ་དང་འཚེ་མེད་ཞི་བ་ནི་དཀའ་རྙོག་སེལ་བྱེད་ཀྱི་ཐབས་ལམ་ཉག་ཅིག་དེ་ཡིན་པས། བོད་མིའི་སྒྲིག་འཛུགས་རྒྱ་ནག་གཞུང་དང་ལྷན་དུ་ཞི་བའི་གྲོས་མོལ་བྱེད་པར་གྲ་སྒྲིག་ཡོད་སྐོར་སོགས་གསུངས་སོང་།
གསར་འགོད་པ་དཀོན་མཆོག་རབ་བརྟན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།