ཧོང་ཀོང་གཞུང་གིས་ཁྲིམས་འཆར་ཕྱིར་འཐེན་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག 

རྩོད་རྙོག་ཆེ་བའི་ཧོང་ཀོང་ནས་དོགས་ཡོད་ཉེས་ཅན་རྒྱ་ནག་ཏུ་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་དང་འབྲེལ་ནས། ཧོང་ཀོང་ནང་ཟླ་བ་༣ ཙམ་རིང་ངོ་རྒོལ་ལས་འགུལ་འགྲོ་བཞིན་ཡོད་པས། ཧོང་ཀོང་གཞུང་གིས་ཁྲིམས་འཆར་དེ་དངོས་སུ་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། གྲོས་ཚོགས་ནང་དུ་ཕྱིར་འཐེན་གྱི་གྲོས་འཆར་འདོན་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་འདུག་ཀྱང་། ལས་འགུལ་བ་ཚོའི་དགོས་འདུན་གཞན་ཁག་སྒྲུབ་རྒྱུའི་གསལ་བསྒྲགས་བྱས་མེད་འདུག དེ་བཞིན་ལས་འགུལ་བ་མང་པོ་ཞིག་གིས་ཁྲིམས་འཆར་ཕྱིར་འཐེན་གྱི་གསལ་བསྒྲགས་དེ་ཡང་གཡོ་བྱུས་ཤིག་ཡིན་པའི་དོགས་པ་བྱེད་བཞིན་འདུག་པས། ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་འདུག

རྩོད་རྙོག་ཆེ་བའི་ཧོང་ཀོང་ནས་དོགས་ཡོད་ཉེས་ཅན་རྒྱ་ནག་ཏུ་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་དང་འབྲེལ་ནས། ཧོང་ཀོང་ནང་ཟླ་བ་༣ ཙམ་རིང་ངོ་རྒོལ་ལས་འགུལ་འགྲོ་བཞིན་ཡོད་པས། ཧོང་ཀོང་གཞུང་གིས་ཁྲིམས་འཆར་དེ་དངོས་སུ་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། གྲོས་ཚོགས་ནང་དུ་ཕྱིར་འཐེན་གྱི་གྲོས་འཆར་འདོན་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་འདུག་ཀྱང་། ལས་འགུལ་བ་ཚོའི་དགོས་འདུན་གཞན་ཁག་སྒྲུབ་རྒྱུའི་གསལ་བསྒྲགས་བྱས་མེད་འདུག དེ་བཞིན་ལས་འགུལ་བ་མང་པོ་ཞིག་གིས་ཁྲིམས་འཆར་ཕྱིར་འཐེན་གྱི་གསལ་བསྒྲགས་དེ་ཡང་གཡོ་བྱུས་ཤིག་ཡིན་པའི་དོགས་པ་བྱེད་བཞིན་འདུག་པས། ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་འདུག 

ཟླ་༩ པའི་ཚེས་༤ ཉིན་ཧོང་ཀོང་སྤྱི་ཁྱབ་དཔོན་ཁེ་རི་ལམ་གྱིས་བརྙན་འཕྲིན་ཐོག་ཏུ། ཧོང་ཀོང་གཞུང་གིས་མི་མང་གི་དགོས་འདུན་ལ་རྒྱབ་སྐྱོར་གྱིས་དོགས་ཡོད་ཉེས་ཅན་ཁྲིམས་འཆར་དེ་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། དེའི་ཆེད་དུ་བདེ་སྲུང་དྲུང་ཆེས་གྲོས་ཚོགས་བསྐྱར་དུ་འཚོགས་པའི་སྐབས་སུ། ཁྲིམས་འཆར་དེ་ཕྱིར་འཐེན་བྱེད་རྒྱུའི་གྲོས་འཆར་འདོན་རྒྱུ་ཡིན་སྐོར་བརྗོད་འདུག ལས་འགུལ་བ་ཚོའི་དགོས་འདུན་ལྔ་ལས་ཁྲིམས་འཆར་དེ་ཕྱིར་འཐེན་བྱེད་རྒྱུ་ནི་གཅིག་ཡིན་ཡང་། ལས་འགུལ་བ་ཁག་ཅིག་གིས་ཕྱིར་འཐེན་གྱི་གསལ་བསྒྲགས་དེ་འཕྱི་དྲགས་ཡོད་པ་དང་། དགོས་འདུན་གཞན་རྣམས་མ་བསྒྲུབས་བར་དུ་ལས་འགུལ་མུ་མཐུད་སྤེལ་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་འདུག དེ་བཞིན་ཁག་ཅིག་གིས་ཁྲིམས་འཆར་ཕྱིར་འཐེན་གྱི་གསལ་བསྒྲགས་དེ་ནི་ཟླ་༡༠ པའི་ཚེས་༡ ཉིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་འགོ་བཙུགས་ནས་ལོ་ངོ་༧༠ འཁོར་བའི་དུས་དྲན་སྐབས་སུ། ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་སྤེལ་ནས་རྒྱ་ནག་གི་ཆེ་མཐོང་ལ་གནོད་པའི་གནས་ཚུལ་མི་ཡོང་ཆེད་ཡིན་པ་དང་། ཁྲིམས་འཆར་དེ་དངོས་སུ་ཕྱིར་འཐེན་བྱེད་ཆེད་དུ། ཟླ་༡༠ པའི་ནང་ཧོང་ཀོང་གྲོས་ཚོགས་ནང་གྲོས་འཆར་འདོན་རྒྱུ་ཡིན་པས། གྲོས་ཚོགས་ནང་གི་འཐུས་མི་མང་ཆེ་བ་རྒྱ་ནག་གི་ཕྱོགས་གཏོགས་ཡིན་པས། གྲོས་འཆར་དེར་རྒྱབ་སྐྱོར་ཐོབ་མི་སྲིད་པ་དང་། གལ་ཏེ་དེ་ལྟར་བྱུང་ཚེ་ཧོང་ཀོང་སྤྱི་ཁྱབ་དཔོན་གྱིས་ཧོང་ཀོང་གཞུང་གིས་ཁྲིམས་འཆར་ཕྱིར་འཐེན་བྱེད་རྩིས་ཡོད་ཀྱང་། གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་མེད་ལུགས་བརྗོད་ནས་ཁྲིམས་འཆར་དེའི་ཐོག་ཁྲིམས་བཟོ་ལས་དོན་མུ་མཐུད་འགྲོ་རྒྱུ་ཡིན་པས། མི་མང་རྣམས་མགོ་སྐོར་ཐེབས་མི་རུང་སྐོར་བརྗོད་བཞིན་འདུག 

 ངོ་རྒོལ་ལས་འགུལ་བ་རྣམས་ལ་ཉེན་རྟོག་པས་དྲག་གནོན་བྱས་པའི་གནད་དོན་དང་འབྲེལ་ནས། ལས་འགུལ་བ་ཚོས་རང་དབང་ཚད་ལྡན་གྱི་ཞིབ་འཇུག་ཚོགས་ཆུང་ཞིག་གསར་འཛུགས་ཀྱིས་ཞིབ་འཇུག་དགོས་པའི་དགོས་འདུན་བཏོན་ཡོད་པས། ཧོང་ཀོང་སྤྱི་ཁྱབ་པས་དེའི་ཆེད་དུ་ཧོང་ཀོང་གཞུང་ནང་རང་དབང་ཅན་གྱི་ཉེན་རྟོག་པར་སྐྱོན་བརྗོད་ཞིབ་འཇུག་ཚོགས་ཆུང་ཞིག་ཡོད་པས། དེའི་ནང་ཚོགས་མི་གསར་པ་གཉིས་བསྐོ་བཞག་གིས་ཉེན་རྟོག་པའི་བྱ་སྤྱོད་ལ་ཞིབ་འཇུག་བྱེད་རྒྱུ་དང་། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་བསམ་འཆར་རྣམས་ལག་བསྟར་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག་ཀྱང་། ལས་འགུལ་བ་དང་དཔྱད་བརྗོད་པ་མང་པོ་ཞིག་གིས་ཚོགས་ཆུང་དེར་ཞིབ་འཇུག་བྱེད་པའི་དབང་ཚད་དང་། ལེགས་ཉེས་ཐག་གཅོད་བྱེད་པ་དང་། ཉེས་ཆད་གཏོང་བའི་དབང་ཚད་མེད་ཁར། ཉེན་རྟོག་པར་སྐྱོན་བརྗོད་རྣམས་ནི་ནང་སྲིད་ལྷན་ཁང་གིས་ཞིབ་འཇུག་བྱེད་ཀྱི་ཡོད་ཁར། ཚོགས་ཆུང་ནང་གི་ཚོགས་མི་གསར་པ་གཉིས་པོ་ཡང་སྤྱི་ཁྱབ་དཔོན་གྱི་བཀག་འོག་ཏུ་ཡོད་པས། ཉེན་རྟོག་པའི་དྲག་སྤྱོད་ལ་རང་དབང་དང་དྲང་བདེན་གྱི་ཞིབ་འཇུག་གཅིག་ཡོང་མི་སྲིད་སྐོར་བརྗོད་བཞིན་འདུག 

ལས་འགུལ་བ་ཚོས་ཧོང་ཀོང་གཞུང་གི་གསལ་བསྒྲགས་དེ་ལ་བརྟེན་ནས་མི་མང་རྣམས་ཀྱིས་ལས་འགུལ་མཚམས་འཇོག་བྱེད་མི་ཉན་པ་དང་། དགོས་འདུན་དོན་ཚན་ཆ་ཚང་མ་བསྒྲུབས་བར་ལས་འགུལ་མུ་མཐུད་སྤེལ་དགོས་པའི་སྐུལ་མ་བྱས་ཡོད་ཁར། སློབ་གྲྭ་ཁག་གི་སློབ་ཕྲུག་ཚོས་ཀྱང་ལས་འགུལ་ནང་མཉམ་ཞུགས་བྱེད་འགོ་བཙུགས་ཟིན་འདུག 

ཧོང་ཀོང་སྤྱི་ཁྱབ་པས་ཁྲིམས་འཆར་དེ་ལ་བརྟེན་ནས་ཧོང་ཀོང་སྤྱི་ཚོགས་འཐོར་ཞིག་དང་འགལ་ཟླ་ཆགས་ཡོད་པས། མང་ཚོགས་འགོ་ཁྲིད་དང་ཆེད་ལས་པ། ཤེས་ཡོན་པ་སོགས་ཀྱིས་སྤྱི་ཚོགས་ཀྱི་དཀའ་ངལ་རྣམས་ལ་རང་དབང་ཅན་གྱི་ཞིབ་འཇུག་བྱེད་ཆེད་དུ་མགྲོན་འབོད་བྱེད་རྒྱུ་ཡིན་པ་དང་། ཧོང་ཀོང་གཞུང་གི་འགོ་ཁྲིད་ཚོས་མི་མང་དང་ཐུག་ནས་དཀའ་ངལ་རྣམས་གང་འདྲ་སེལ་དགོས་མིན་གྱི་བསམ་ཚུལ་ལེན་རྒྱུ་ཡིན་སྐོར་བརྗོད་འདུག 

བརྒྱུད་ལམ་མང་པོ་ཞིག་ནང་དུ་ལས་འགུལ་བ་ཚོའི་དགོས་འདུན་དང་པོ་དེར་གྲུབ་འབྲས་ཐོན་ནས་རྒྱལ་ཁ་ཐོབ་ཡོད་སྐོར་བརྗོད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཁྲིམས་འཆར་ཕྱིར་འཐེན་གྱི་གསལ་བསྒྲགས་དེས་ཧོང་ཀོང་གཞུང་གིས་སྲིད་དོན་དཀའ་རྙོག་སེལ་བའི་ལྷག་བསམ་བསྟན་གྱི་ཡོད་པ་ལས། ཧོང་ཀོང་གཞུང་གིས་ཕམ་ཁར་ངོས་ལེན་བྱས་པ་ཞིག་ལ་ངོས་འཛིན་བྱེད་མི་རུང་བ་དང་། མཁྲེགས་འཛིན་པ་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གནད་དོན་ཐོག་ལ་རྒྱལ་ཁ་ཐོབ་ཡོད་པའི་འཁྲུལ་སྣང་སྐྱེས་མི་རུང་སྐོར་བརྗོད་བཞིན་ཡོད་འདུག 

སྤྱི་ཁྱབ་དཔོན་གྱི་གསལ་བསྒྲགས་དེ་འཕྱི་དྲགས་སོང་བའི་ལྟ་ཚུལ་འཛིན་མཁན་ནང་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཡང་ཁག་ཅིག་འདུག་པ་དང་། ཁོ་ཚོས་ད་ལྟའི་ཆར་ཧོང་ཀོང་ནང་གི་ལས་འགུལ་དེ་ཁྲིམས་འཆར་དེ་གཅིག་པུའི་ཆེད་དུ་མིན་པར། གནད་དོན་མང་པོ་ཞིག་གི་ངོ་བོར་བསྒྱུར་ཟིན་ཡོད་པས། ངོ་རྒོལ་ལས་འགུལ་མུ་མཐུད་འགྲོ་རྒྱུ་ཡིན་པའི་ཚོད་དཔག་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *