ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་བཅོས་བསྒྱུར་ལ་ངོ་རྒོལ།

རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱིས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འཛིན་སྐྱོང་དཔོན་པོ་འོས་འདེམས་བྱེད་ཐབས་ཤིག་གཏན་འབེབས་བྱས་ཡོད་པ་དེར། ཧོང་ཀོང་མང་གཙོ་ཚོགས་པ་གཙོས་པའི་ཚོགས་སྡེ་ཁག་གིས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་འདུག

རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱིས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འཛིན་སྐྱོང་དཔོན་པོ་འོས་འདེམས་བྱེད་ཐབས་ཤིག་གཏན་འབེབས་བྱས་ཡོད་པ་དེར། ཧོང་ཀོང་མང་གཙོ་ཚོགས་པ་གཙོས་པའི་ཚོགས་སྡེ་ཁག་གིས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་འདུག

ཕྱི་ཟླ་༨ པའི་ཚེས་༣༡ ཉིན་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱིས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འཛིན་སྐྱོང་དཔོན་པོ་མང་གཙོའི་ལམ་ནས་འོས་འདེམས་ལ་ཁས་ལེན་མ་བྱས་པར་བརྟེན། ཧོང་ཀོང་དུ་རྒྱ་ནག་དབུས་གཞུང་གི་ཐག་གཅོད་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་བཞིན་པ་དང་། ཧོང་ཀོང་མང་གཙོ་ཚོགས་པས་བཏོན་པའི་ཧོང་ཀོང་གི་འཛིན་སྐྱོང་དཔོན་པོ་འོས་འདེམས་བྱེད་ཐབས་ཀྱི་ཞི་བའི་རེ་འདུན་ལ་པེ་ཅིང་སྲིད་གཞུང་གིས་མཐའ་གཅིག་ཏུ་ཉན་འཇོག་མ་བྱས་པས། མང་གཙོ་ཚོགས་པས་“ཞི་བའི་སྒོ་ནས་བཙན་བཟུང་”ཞེས་འབོད་པའི་མི་མང་གི་ངོ་རྒོལ་གྱི་སྣེ་ཁྲིད་དེ་ཞི་བའི་སྒོ་ནས་ཧོང་ཀོང་གི་ཚོང་ལས་ལྟེེ་གནས་བཙན་བཟུང་གི་རྣམ་པའི་འོག་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད།

ཕྱི་ཟླ་༩ པའི་ཚེས་༡ ཉིན་ཉི་ཧོང་གི་བརྙན་འཕྲིན་བརྒྱུད་ལམ་(NHK)ཏུ་ཧོང་ཀོང་ནས་གནས་ཚུལ་སྤེལ་བ་ལྟར་ན། “རྒྱ་ནག་སྲིད་གཞུང་གིས་ཧོང་ཀོང་གི་རེ་འདུན་ལ་རྒྱབ་འགལ་བྱས་པ་ནི། དོན་དངོས་སུ་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འཛིན་སྐྱོང་དཔོན་པོ་འོས་བསྡུའི་ལམ་ལུགས་བཅོས་བསྒྱུར་གནད་དོན་ཐོག་མང་གཙོ་ཚོགས་པའི་འོས་མིའི་ལམ་ཁ་བཀག་པ་ཞིག་ཡིན་ཞིང་། རྒྱ་ནག་གི་དཔོན་རིགས་ཤིག་གིས་ཧོང་ཀོང་དུ་གསལ་བཤད་བྱས་པ་དེར། མང་ཚོགས་གཙོ་ཚོགས་པས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་ལྟར། རྒྱ་ནག་སྲིད་གཞུང་གི་ཐག་གཅོད་ལ་བརྟེན་ནས་བྱུང་བའི་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་ཇེ་ཆེར་འགྲོ་རྒྱུ་ཡིན་པ་རེད།

140902030049_hk_624x351_reutersརྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེན་གཞོན་པ་ལི་ཧྥང་གིས་ཕྱི་ཟླ་༩ པའི་ཚེས་༡ ཉིན་ཧོང་ཀོང་གི་ལས་རིགས་ཁག་སོ་སོའི་སྐུ་ཚབ་རྣམས་བསྐོངས་ཏེ། མི་མང་འཐུས་མི་ཚོགས་ཆེན་གྱི་ཐག་གཅོད་སྐོར་གསལ་བཤད་བྱས་ཡོད་པ་དང་། ཁོང་གིས་མང་གཙོ་ཚོགས་པས་འགོ་ཁྲིད་པའི་ཞི་བའི་སྒོ་ནས་ཧོང་ཀོང་གི་ཚོང་ལས་ལྟེ་གནས་བཙན་བཟུང་གི་གཞི་རྒྱ་ཆེ་བའི་ལས་འགུལ་སྐོར་བརྗོད་དོན། རྒྱ་ནག་སྲིད་གཞུང་ལ་ཧོང་ཀོང་སྲིད་གཞུང་དང་ཉེན་རྟོག་པར་གནད་དོན་ཐག་གཅོད་བྱེད་པར་ནུས་པ་ཡོད་པའི་ཡིད་ཆེས་ཡོད་ཅེས་དང་། ཧོང་ཀོང་གི་རྒྱབ་ཏུ་ནུས་སྟོབས་ལྡན་པའི་རྒྱ་ནག་སྲིད་གཞུང་ཡོད་ཅེས་བརྗོད་འདུག

གསལ་བཤད་ཚོགས་འདུ་དེར་མཉམ་ཞུགས་བྱས་པའི་མང་གཙོ་ཚོགས་པའི་ཚོགས་མི་དང་སློབ་ཕྲུག་རྣམས་ཀྱིས་ཚོགས་ཐོག་ཏུ་སྐད་ཤུགས་ཆེན་པོས་ངོ་རྒོལ་བྱས་ཏེ། འོས་འདེམས་ངོ་མ་ཞིག་དགོས་པའི་སྐད་འབོད་བྱས་ཡོད་པ་དང་། དེར་བརྟེན་ནས་གསལ་བཤད་ཚོགས་འདུ་མཚམས་བཞག་དགོས་བྱུང་ཡོད་ཅིང་། ཚོགས་རའི་ཕྱི་རོལ་དུ་མང་གཙོའི་ཚོགས་སྡེ་ཁག་དང་ཉེན་རྟོག་པའི་བར་འབུད་རྒྱག་གཏོང་རེས་ཀྱི་འཁྲུག་རྩོད་ཀྱང་བྱུང་ཡོད་འདུག

480BFE72-CF15-4694-A37B-62937F304964_mw1024_s_nཉི་ཧོང་གི་<<སན་ཅི་གསར་འགྱུར་>> ཞེས་པའི་སྟེང་ཕྱི་ཟླ་༩ པའི་ཆེས་༡ ཉིན་གནས་ཚུལ་སྤེལ་བ་ལྟར་ན། “སྔོན་ཆད་རྒྱ་ནག་གིས་མ་འོངས་པར་ཧོང་ཀོང་དེ་འོས་འདེམས་ལམ་ལུགས་ཅན་དུ་བསྐྱོད་རྒྱུར་མོས་འཐུན་བྱས་ཡོད་པ་དང་། མང་གཙོ་ཚོགས་པས་ཀྱང་ཧོང་ཀོང་གི་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ལ་གཞིར་བཅོལ་ཏེ། མི་མང་གང་འཚམས་ཤིག་གིས་རྒྱབ་སྐྱོར་ཡོད་པའི་མི་སུ་ཞིག་ཡིན་ནའང་འོས་འགྲན་ནང་ཞུགས་ཆོག་པའི་རེ་འདུན་བཏོན་ཡོད་ཀྱང་། རྒྱ་ནག་གིས་ ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་བཅོས་བསྒྱུར་སྐོར་གྱི་རེ་འདུན་ལ་མཐའ་གཅིག་ཏུ་ངོས་ལེན་མ་བྱས་པ་དང་། མང་གཙོ་ཚོགས་པས་རྒྱ་ནག་དབུས་སྲིད་གཞུང་གི་ཐེངས་འདིའི་ཧོང་ཀོང་གི་འོས་འདེམས་གཏན་འབེབས་ནི་“འོས་འདེམས་རྫུན་མ་”ཡིན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད།”

དུས་མཚུངས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འབྲེལ་བརྒྱུད་ལམ་<<མི་མང་ཉིན་ཪེའི་ཚགས་པར་>> སྟེང་ཕྱི་ཟླ་པའི་ཚེས་༡ ཉིན་དཔྱད་བརྗོད་སྤེལ་ཏེ། ཧོང་ཀོང་མང་གཙོ་ཚོགས་པ་ནི་ཧོང་ཀོང་མི་མང་གི་བསམ་ཚུལ་བཙན་འཕྲོག་བྱེད་མཁན་ཞིག་དང་། ཧོང་ཀོང་རང་བཙན་ནམ་ཕྱེད་རང་བཙན་གྱི་ཆབ་སྲིད་ངོ་བོའི་དམིགས་ཡུལ་ཡོད་མཁན་ཞིག་རེད་ཅེས་དཔྱད་བརྗོད་སྤེལ་འདུག

དཔྱད་བརྗོད་རྩོམ་ཡིག་དེའི་ནང་མུ་མཐུད་དུ་འཁོད་དོན། མི་ཁ་ཤས་ཀྱིས་གཞི་རྩའི་རྩ་ཁྲིམས་ཀྱི་ནང་དུ་མེད་པའི་འོས་བསྡུའི་ཐབས་ལམ་ཞེས་འབོད་པ་ཞིག་བཟོས་ཡོད་པ་དང་། གལ་ཏེ་ཁོང་ཚོའི་རེ་འདུན་ལ་ཁས་ལེན་མ་བྱས་པ་ཡིན་ན། འོས་བསྡུ་ངོ་མ་ཞིག་མིན་པ་དང་། རྒྱལ་སྤྱིའི་ཚད་འཛིན་ཞེས་འབོད་པ་དེ་དང་མི་མཐུན་ལུགས་སོགས་མི་ཁ་ཤས་ཀྱིས་ཐ་ན་སྒེར་དོན་གྱི་ཆེད་དུ་ཧོང་ཀོང་མི་མང་གི་བསམ་ཚུལ་བཙན་འཕྲོག་བྱས་ཏེ། ཧོང་ཀོང་གི་ཁྲིམས་སྐྱོང་སྲོལ་རྒྱུན་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་ལ་གཏོར་བཤིག་གཏོང་བ་དང་། ཧོང་ཀོང་སྤུན་ཟླའི་བདེ་སྐྱིད་དང་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བཞིན་ཡོད་ལ། ཁོང་ཚོའི་དམིགས་ཡུལ་ནི་འཁྲབ་སྟོན་པ་ཨང་དང་པོ་ཞིག་དང་རྙོག་དྲ་སློང་མཁན་ཞིག་གི་ངོ་བོའི་ཐོག་ནས། དོན་དངོས་སུ་ཧོང་ཀོང་རང་བཙན་ནམ་ཕྱེད་རང་བཙན་གྱི་ཆབ་སྲིད་ངོ་བོ་འགྲུབ་ཐབས་དེ་རེད།”

ཕྱི་ལོ་༡༩༩༧ ལོར་ཧོང་ཀོང་རྒྱ་ནག་ཏུ་ཕྱིར་རྩིས་སྤྲོད་བྱས་པ་ནས་བཟུང་། དེ་སྔོན་དབྱིན་ཇིའི་མི་སེར་སྤེལ་ཡུལ་གྱི་ས་ཁུལ་དེར་ཁྲིམས་ལུགས་དང་ཆབ་སྲིད་ཀྱི་ལམ་ལུགས་འཐུས་ཚང་ཞིག་དང་། རྒྱ་ནག་སྐམ་སར་མེད་པའི་སྨྲ་བརྗོད་རང་དབང་སོགས་ཡོད་ཀྱང་། ད་ལྟའི་ཆར་ཧོང་ཀོང་མི་རྣམས་ལ་རྒྱ་ནག་གིས་ཧོང་ཀོང་གི་ལས་དོན་ཐོག་ཐེ་ཇུས་ཇེ་མང་དུ་འགྲོ་བཞིན་པར་སེམས་འཚབ་ཡོང་གི་ཡོད་པ་རེད།

རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་ལི་ཧྥང་ཧོང་ཀོང་དུ་སླེབས་ཏེ་འོས་འདེམས་ཐག་གཅོད་སྐོར་གསལ་བཤད་བྱེད་པའི་སྐབས། ལི་ཧྤང་གིས། པེ་ཅིང་གིས་རྒྱལ་ཁབ་དང་ཧོང་ཀོང་ལ་དགའ་ཞེན་མེད་པའི་འཛིན་སྐྱོང་དཔོོན་པོ་ཞིག་ཐོན་པར་ཆོག་མཆན་སྤྲོད་མི་སྲིད་ཅེས་བརྗོད་འདུག པེ་ཅིང་གིས་ཕྱི་ཟླ་༨ པའི་ཆེས་༣༡ ཉིན་ཁྱབ་བསྒྲགས་བྱས་པའི་ནང་། ཕྱི་ལོ་༢༠༡༧ ལོའི་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འཛིན་སྐྱོང་དཔོན་པོ་མང་གཙོའི་ལམ་ནས་འོས་འདེམས་བྱེད་ཆོག་ཀྱང་། འོས་མི་གཉིས་ནས་གསུམ་ལས་ཡོང་མི་ཆོག་པ་དང་། འོས་མི་ལ་“མིང་འདོན་ལྷན་ཚོགས”་ཤིག་གི་ཚོགས་མི་མང་ཤོས་ཀྱིས་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་རེད། པེ་ཅིང་གི་མཐོ་རིམ་དཔོན་རིགས་དེས་བརྗོད་པ་ལྟར་ན། རྒྱལ་ཁབ་དང་ཧོང་ཀོང་ལ་དགའ་ཞེན་མེད་པའམ། དབུས་སྲིད་གཞུང་ལ་ཁ་གཏད་དུ་ལངས་པའི་མི་ཞིག་གིས་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འཛིན་སྐྱོང་དཔོན་པོ་བྱེད་མི་ཐུབ་པ་མ་ཟད། ཧོང་ཀོང་རང་བཙན་དང་ཕྱེད་རང་བཙན་གྱི་ཆབ་སྲིད་དམིགས་ཡུལ་སྒྲུབ་མཁན་ཚོར་ཆབ་སྲིད་ཀྱི་མདུན་ལམ་གང་ཡང་མེད་པའི་ཉེན་བརྡ་ཡང་བཏང་འདུག

དེང་སང་གི་རྒྱ་ནག་ཏུ་པེ་ཅིང་སྲིད་གཞུང་གིས་བཤད་པའི་རྒྱལ་ཁབ་ལ་དགའ་ཞེན་ཞེས་པ་ནི། རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་ཞེས་པའི་དོན་དག་ཡིན་པ་རེད།

༡༩༩༧ ལོར་རྒྱ་ནག་གིས་ཧོང་ཀོང་བདག་བཟུང་བྱས་པ་ནས་བཟུང་། ཧོང་ཀོང་གི་འཛིན་སྐྱོང་དཔོན་པོ་དེ་འོས་བསྡུ་ལྷན་ཁང་ཞིག་གིས་ལོ་ལྔའི་མཚམས་སུ་འོས་བསྡུ་ཐེངས་རེར་བྱེད་བཞིན་ཡོད་ཅིང་། འོས་བསྡུ་ལྷན་ཁང་དེའི་ཚོགས་མི་མང་ཤོས་པེ་ཅིང་ཕྱོགས་གཏོགས་ཀྱི་མི་དང་ཚོང་བཟོ་ལས་རིགས་ཀྱི་མི་སྣ་ཡིན་པ་དང་། དེ་ལྟར་གོ་སྒྲིག་བྱས་པ་ནི་འོས་འདེམས་བྱས་པའི་འོས་མི་དེ་ངེས་པར་དུ་རྒྱ་ནག་སྲིད་གཞུང་དགའ་སའི་མི་ཞིག་ཐོན་ཐབས་ཀྱི་ཆེད་དུ་ཡིན་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།