ཧོང་ཀོང་དུ་དྲུག་བཞིའི་དོན་རྐྱེན་དྲན་གསོ་རྒྱ་ཆེ་བྱས་ཡོད་འདུག

འདི་ལོའི་ཟླ་༦ པའི་ཚེས་༤ ཉིན་ནི་ཕྱི་ལོ་༡༩༨༩ ལོའི་ཟླ་༦ པའི་ཚེས་༤ ཉིན་རྒྱ་ནག་གཞུང་གིས། རྒྱལ་ས་པེ་ཅིང་གི་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་སློབ་མས་འགོ་ཁྲིད་པའི་མང་གཙོའི་ལས་འགུལ་བ་ཚོར་དྲག་གནོན་བྱས་ཏེ་ལོ་ངོ་༣༠ འཁོར་གྱི་ཡོད་པ་དང་བསྟུན། རྒྱལ་སྤྱིའི་ནང་མང་གཙོ་དོན་གཉེར་བ་དང་རྒྱ་རིགས་མང་གཙོ་དོན་གཉེར་བ། རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་མི་རིགས་ཁག་སོགས་ཀྱིས་དོན་རྐྱེན་དེ་དྲན་གསོ་བྱས་ཡོད་པ་ལྟར། རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ཧོང་ཀོང་ནང་དུ་ཕྱི་དྲོར་མི་མང་འབུམ་གཅིག་དང་ཁྲི་བརྒྱད་ལྷག དོན་རྐྱེན་དེ་དྲན་གསོའི་མར་མེ་ཁྲོམ་སྐོར་ལས་འགུལ་ལ་མཉམ་ཞུགས་བྱས་ནས། ད་བར་མི་མང་མཉམ་ཞུགས་བྱས་པའི་གྲངས་མང་ཤོས་དེ་ཆགས་ཡོད་འདུག

འདི་ལོའི་ཟླ་༦ པའི་ཚེས་༤ ཉིན་ནི་ཕྱི་ལོ་༡༩༨༩ ལོའི་ཟླ་༦ པའི་ཚེས་༤ ཉིན་རྒྱ་ནག་གཞུང་གིས། རྒྱལ་ས་པེ་ཅིང་གི་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་སློབ་མས་འགོ་ཁྲིད་པའི་མང་གཙོའི་ལས་འགུལ་བ་ཚོར་དྲག་གནོན་བྱས་ཏེ་ལོ་ངོ་༣༠ འཁོར་གྱི་ཡོད་པ་དང་བསྟུན། རྒྱལ་སྤྱིའི་ནང་མང་གཙོ་དོན་གཉེར་བ་དང་རྒྱ་རིགས་མང་གཙོ་དོན་གཉེར་བ། རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་མི་རིགས་ཁག་སོགས་ཀྱིས་དོན་རྐྱེན་དེ་དྲན་གསོ་བྱས་ཡོད་པ་ལྟར། རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ཧོང་ཀོང་ནང་དུ་ཕྱི་དྲོར་མི་མང་འབུམ་གཅིག་དང་ཁྲི་བརྒྱད་ལྷག དོན་རྐྱེན་དེ་དྲན་གསོའི་མར་མེ་ཁྲོམ་སྐོར་ལས་འགུལ་ལ་མཉམ་ཞུགས་བྱས་ནས། ད་བར་མི་མང་མཉམ་ཞུགས་བྱས་པའི་གྲངས་མང་ཤོས་དེ་ཆགས་ཡོད་འདུག

དེ་ཡང་དྲུག་བཞིའི་དོན་རྐྱེན་བྱུང་བ་ནས་བཟུང་། ད་བར་ལོ་ལྟར་ཧོང་ཀོང་དུ་ཚེས་གྲངས་དེར་མར་མེ་ཁྲོམས་སྐོར་གྱི་དྲན་གསོའི་ལས་འགུལ་སྤེལ་ཡོད་པ་ལྟར། འདི་ལོའི་ལས་འགུལ་དེ་ནི་ཧོང་ཀོང་ནང་གི་མང་གཙོའི་རང་དབང་ལ་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་གྱིས་ཚད་བཀག་དང་ཆུང་དུ་གཏོང་ཐབས་ཀྱི་གནོན་ཤུགས་སླེབས་བཞིན་ཡོད་ཁར། ཧོང་ཀོང་ནས་ཉེས་ཅན་པ་རྒྱ་ནག་ཏུ་རྩིས་སྤྲོད་ཀྱི་རྩོད་རྙོག་ཆེ་བའི་ཁྲིམས་འཆར་གཏན་འབེབས་ཡོང་ཐབས་བྱེད་བཞིན་པའི་གནས་ཚུལ་སོགས། ཧོང་ཀོང་ནང་གི་མང་གཙོའི་གནས་བབ་ཛ་དྲག་ཐོག་སླེབས་ཡོད་པའི་གནས་སྟངས་འོག་སྤེལ་ཡོད་ཁར། མི་མང་ཚོས་ཀྱང་ཛ་དྲག་གི་གནས་སྟངས་ལ་སེམས་འཚབ་ཀྱི་རྣམ་པ་སྟོན་ཆེད་དུ་མཉམ་ཞུགས་མང་པོ་བྱས་ཡོད་འདུག

ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་དྲན་གསོའི་ལས་འགུལ་སྤེལ་མཁན་ཧོང་ཀོང་མཐུན་ཕྱོགས་ཀྱིས། རྒྱ་ནག་ནང་རྒྱལ་ཞེན་གྱི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་འདུག་པ་དང་། ལོ་མང་གོང་ནས་ཧོང་ཀོང་ནང་གི་སློབ་མ་མཐུན་ཚོགས་གཙོས་པའི་གཞོན་སྐྱེས་མང་པོ་ཞིག་གིས། ལས་འགུལ་དེར་མཉམ་ཞུགས་མི་བྱེད་པར་དྲན་གསོའི་ལས་འགུལ་ལོག་ཀ་ཞིག་གོ་སྒྲིག་བྱེད་ཀྱི་ཡོད་འདུག དེ་ཡང་སློབ་མ་ཚོས་ཧོང་ཀོང་མཐུན་ཕྱོགས་ཀྱི་ལས་འགུལ་དེ་སོ་སོ་རྒྱ་རིགས་ཡིན་པ་ངོས་འཛིན་གྱིས། རྒྱ་ནག་མང་གཙོ་འགྱུར་བའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་ལས་འགུལ་ཡིན་ཡང་། ཁོ་ཚོ་མང་པོ་ཞིག་གིས་སོ་སོ་རྒྱ་རིགས་མིན་པར་ཧོང་ཀོང་མི་རིགས་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པས། ལས་འགུལ་ལོག་སུ་སྤེལ་གྱི་ཡོད་པ་ཡིན་འདུག་པས། ཐེངས་འདིར་གཞོན་སྐྱེས་བརྒྱ་སྐོར་ཞིག་གིས་དྲན་གསོའི་ལས་འགུལ་ས་གནས་གཞན་ཞིག་ཏུ་སྤེལ་ཡོད་པ་རེད་འདུག

དེ་བཞིན་འདི་ལོར་ཧོང་ཀོང་མཐུན་ཕྱོགས་ལ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྐབས་སུ། ཞལ་འདེབས་ཧོང་ཀོང་གི་སྒོར་མོ་ས་ཡ་༢.༧༥ རག་འདུག་པ་དང་། དེ་ནི་ད་བར་ཞལ་འདེབས་རག་པའི་དངུལ་འབོར་ཆེ་ཤོས་དེ་ཆགས་འདུག གོ་སྒྲིག་པ་ཞིག་གིས་ཞལ་འདེབས་མང་པོ་དེ་འདྲ་རག་པའི་རྒྱུ་མཚན་གཅིག་ནི་མི་མང་མཉམ་ཞུགས་བྱེད་མཁན་མང་པོ་བྱུང་བས་ཡིན་པ་དང་། རྒྱུ་མཚན་གཞན་ཞིག་ནི་ཧོང་ཀོང་མི་མང་ལ་ཧོང་ཀོང་གི་མ་འོངས་མདུན་ལམ་ཆེད་དུ་དེ་སྔོན་ལས་ཤུགས་ཆེ་བ་ལས་ཀ་བྱེད་དགོས་པའི་གནོན་ཤུགས་ཚོར་གྱི་ཡོད་པས་ཡིན་སྐོར་དང་། དེ་བཞིན་རྒྱ་ནག་སྐམ་ས་ཆེན་མོ་ནས་ལས་འགུལ་དེར་མཉམ་ཞུགས་བྱེད་མཁན་གྱི་ཁ་གྲངས་ཡང་རྩིས་མེད་བྱེད་མི་རུང་བ་ཡིན་སྐོར་བརྗོད་འདུག

ཨ་རིའི་སི་བྷི་ཨེ་སིའི་གསར་འགོད་པ་ཁག་ཅིག་གིས། དྲུག་བཞིའི་དོན་རྐྱེན་སྐབས་ཀྱི་པར་རྒྱ་ནག་ནང་གི་མི་མང་ཁག་ཅིག་ལ་བསྟན་ནས། པར་དེ་ངོས་འཛིན་ཐུབ་ཀྱི་ཡོད་མེད་བྱས་པར་བརྟེན། གསར་འགོད་པ་དེ་དག་འཛིན་བཟུང་བྱས་ཡོད་པ་རེད་འདུག

ཧོང་ཀོང་ནང་དུ་མང་གཙོའི་ལས་འགུལ་གཞི་རྒྱ་ཆེ་ཆུང་གང་འདྲ་ཞིག་སྤེལ་ནའང་། གོ་སྒྲིག་པ་དང་ཉེན་རྟོག་པ་གཉིས་བར་མཉམ་ཞུགས་མི་མང་གི་ཁ་གྲངས་མཐུན་གྱི་མེད་པ་ལྟར། ཐེངས་འདིར་གོ་སྒྲིག་པས་མི་མང་༡,༨༠,༠༠༠ ལྷག་བྱུང་ཡོད་སྐོར་བརྗོད་འདུག་ཀྱང་། ཉེན་རྟོག་པས་མི་མང་ཤོས་༣༨,༠༠༠ བྱུང་ཡོད་སྐོར་བརྗོད་འདུག

ཉེ་ཆར་རྒྱ་ནག་གཞུང་གི་བདེ་སྲུང་བློན་ཆེན་གྱིས་ཚོགས་འདུ་ཞིག་གི་ཐོག་ཏུ། དྲུག་བཞིའི་ཉིན་རྒྱ་ནག་གཞུང་གིས་མང་གཙོ་ལས་འགུལ་བ་ཚོར་དྲག་གནོན་བྱས་པ་དེ་འགྲིག་པ་ཡིན་སྐོར་བརྗོད་ཡོད་པ་རེད།

ཟླ་༦ པའི་ཚེས་༤ མ་སླེབས་པའི་སྔོན་ནས་ཧོང་ཀོང་དང་ཐའེ་ཝན། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡང་དྲན་གསོའི་ལས་འགུལ་སྤེལ་ཡོད་ཁར། ཉིན་དེར་ཡང་ལས་འགུལ་སྤེལ་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Leave a Reply

Your email address will not be published. Required fields are marked *