ཧོང་ཀོང་ནང་མི་གྲངས་༦༡༠༠ ལ་ཏོག་དབྱིབས་ན་ཚ་ཕོག་འདུག

དེང་སྐབས་ཧོང་ཀོང་ནང་ཏོག་དབྱིབས་ན་ཚ་ཁྱབ་གདལ་ཚབས་ཆེན་འགྲོ་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༢ པ་ནས་འགོ་བཙུགས་ནས་ད་བར་ཧོང་ཀོང་ནང་ནད་དུག་གསར་པ་ཕོག་མཁན་མི་གྲངས་འཕར་དང་འཕར་མུས་ཡིན་ཞིང་། དེ་རིང་རེས་གཟའ་པ་སངས་ཉིན་ནད་དུག་གསར་པ་ཕོག་མཁན་མི་གྲངས་༦༡༠༠ ཟིན་གྱི་ཡོད་འདུག

དེང་སྐབས་ཧོང་ཀོང་ནང་ཏོག་དབྱིབས་ན་ཚ་ཁྱབ་གདལ་ཚབས་ཆེན་འགྲོ་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༢ པ་ནས་འགོ་བཙུགས་ནས་ད་བར་ཧོང་ཀོང་ནང་ནད་དུག་གསར་པ་ཕོག་མཁན་མི་གྲངས་འཕར་དང་འཕར་མུས་ཡིན་ཞིང་། དེ་རིང་རེས་གཟའ་པ་སངས་ཉིན་ནད་དུག་གསར་པ་ཕོག་མཁན་མི་གྲངས་༦༡༠༠ ཟིན་གྱི་ཡོད་འདུག

ཟླ་༢ པའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ།  རེས་གཟའ་པ་སངས་ཉིན་ཧོ་ཀོང་ནང་ཏོག་ནད་གསར་པ་ཕོག་མཁན་གྱི་མི་གྲངས་༦༡༠༠ ལྷག་ཡོད་པ་ལས་དགུང་གྲངས་༢༨ ནས་༩༧ བར་གྱི་ནད་པ་བཅུ་ལྷག་ཧ་ཅང་གི་ཉེན་ཁའི་ནང་ཡོད་པ་དང་། ནད་པ་༦༠ ལྷག་ཀྱང་ཛ་དྲག་གི་གནས་སྟངས་ནང་ཡོད་པ་རེད།

ཟླ་བ་འདིའི་ཚེས་༡༧ ཉིན་ཧོང་ཀོང་ནང་གི་ནད་ཡམས་འགོག་ཆེད་དུ་རྒྱ་ནག་གཞུང་ནས་ནད་ཡམས་དེ་ལ་རྒྱུས་ཡོད་པའི་སྨན་པ་ཁག་ཅིག་ཧོང་ཀོང་ནང་རོགས་རམ་ཚུལ་དུ་བཏང་ནས། གང་མགྱོགས་ནད་ཡམས་འདི་འགོག་ཐབས་ཀྱི་ཛ་དྲག་གི་ལས་འཆར་བཀོད་སྒྲིག་བྱེད་ཀྱི་ཡོད་སྐོད་འདུག

སྨན་པ་ས་ར་ཧོ་ཡོན་ཧ་(Sara Ho Yuen-ha) ཡིས་ད་ལྟའི་གནས་སྐབས་སུ་སྨན་ཁང་གི་ལས་བྱེད་༡༤༠ ལྷག་ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པ་དང་། དགོང་མོ་སྨན་ཁང་གི་སྡོད་རེས་སྐབས་སུ་ནད་གཞི་གསར་པ་ཕོག་མཁན་ནད་༢༠ ཙམ་ཆ་སྙོམ་ཡོང་གི་འདུག་”ཅེས་བརྗོད་འདུག

ད་ལྟའི་ཆར་ཧོང་ཀོང་ནང་ཏོག་དབྱིབས་ནད་དུག་ཕོག་མཁན་མི་གྲངས་༣༧༠༧༡  ར་འཕྲོད་བྱུང་ཡོད་པ་དང་མི་གྲངས་༢༥༩ འདས་གྲོངས་སུ་གྱུར་ཡོད་འདུག  ཧོང་ཀོང་ནང་ཏོག་དབྱིབས་ནད་དུག་ཛ་དྲག་ཆེ་རུ་ཕྱིན་པའི་གནས་སྟངས་ལ་བལྟས་ན་ཧོང་ཀོང་གི་སྤྱི་ཁྱབ་ཀེ་རི་ལམ་གྱིས་“ནད་པ་གཅིག་ཀྱང་མེད་པ་བཟོ་ཡི་ཡིན་’’ཟེར་བའི་རེ་བ་འདི་སྒྲུབ་ཐབས་ཁག་པོ་ཆགས་ཀྱི་ཡོད་འདུག །

གསར་འགོད་པ་བདེ་སྒྲོན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།