ཧོང་ཀོང་སྐོར་ལ་སྨོན་ལམ་རྒྱག་རྒྱུ་ཙམ་ལས་བྱེད་ཐབས་དེ་ཙམ་མེད་ཅེས་བཀའ་ལན་བསྩལ།

ཉེ་སྔོན་ཕྱི་ཟླ་༨ ནང་༸གོང་ས་མཆོག་གིས་རྒྱ་གར་མ་ནཱ་ལིར་གསུང་ཆོས་ཆེད་ཆིབས་སྒྱུར་སྐབས། ཐེ་ཝན་ནང་རྟེན་གཞི་བྱས་པའི་ཧ་ཀ་བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་མ་ནཱ་ལི་ས་གནས་སུ་ཆེད་བཅར་གྱིས་༸གོང་ས་མཆོག་ལ་ཧོང་གི་གནས་སྟངས་སྐོར་བཀའ་འདྲི་ཞུས་པའི་གནས་ཚུལ་ཕྱི་ཟླ་༩ པའི་ཚེས་༨ ཉིན་བོད་ཨེ་ཤ་ཡའི་དྲ་གནས་ཐོག་སྤེལ་འདུག

ཉེ་སྔོན་ཕྱི་ཟླ་༨ ནང་༸གོང་ས་མཆོག་གིས་རྒྱ་གར་མ་ནཱ་ལིར་གསུང་ཆོས་ཆེད་ཆིབས་སྒྱུར་སྐབས། ཐེ་ཝན་ནང་རྟེན་གཞི་བྱས་པའི་ཧ་ཀ་བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་མ་ནཱ་ལི་ས་གནས་སུ་ཆེད་བཅར་གྱིས་༸གོང་ས་མཆོག་ལ་ཧོང་གི་གནས་སྟངས་སྐོར་བཀའ་འདྲི་ཞུས་པའི་གནས་ཚུལ་ཕྱི་ཟླ་༩ པའི་ཚེས་༨ ཉིན་བོད་ཨེ་ཤ་ཡའི་དྲ་གནས་ཐོག་སྤེལ་འདུག

གསར་འགོད་པས་ཧོང་ཀོང་ནང་སྲིད་གཞུང་གིས་དོགས་ཡོད་ཅན་རྣམས་རྒྱ་ནག་ནང་དུ་རྩིས་སྤྲོད་ཆོག་པའི་ཁྲིམས་གཞི་གསར་པ་ཞིག་གཏན་འབེབས་བྱེད་རྩིས་བྱས་པར་བརྟེན།  མི་མང་ས་ཡ་གཅིག་ཙམ་གྱིས་ཟླ་བ་གསུམ་ཙམ་རིང་སྲིད་གཞུང་ལ་ངོ་རྒོལ་རྔམ་སྟོན་ཤུགས་ཆེ་བྱེད་བཞིན་པ་མ་ཟད། རིམ་བཞིན་ངོ་རྒོལ་བ་དང་ཉེན་རྟོག་པའི་དབར་འཁྲུག་འཛིང་བྱུང་བ་སོགས་ལ་བརྟེན། ད་ལྟའི་ཆར་གནས་སྟངས་ཕྲན་བུ་ཚབས་ཆེ་ཆགས་ཡོད་སྐོར་བཀའ་འདྲི་ཞུས་པར། ༸གོང་མཆོག་གིས་ཐེངས་འདིར་ཧོང་ཀོང་ནང་དྲག་པོའི་རྔམ་སྟོན་ལས་འགུལ་སྤེལ་བར་ཐུགས་འཚབ་ཡོད་པ་དང་། གཅིག་བསྡུས་དབང་འཛིན་པ་ཚོར་ཕམ་ཉེས་གཏོང་རྒྱུའི་ཐབས་ལམ་ཡག་ཤོས་ནི།  ཐེ་ཝན་ནང་ལག་བསྟར་བྱེད་བཞིན་པའི་མང་གཙོའི་ལམ་ལུགས་དང་།  རང་དབང་། དེ་བཞིན་ཆོས་ལུགས་དད་མོས་རང་དབང་རྒྱུན་འཛིན་གནང་བཞིན་པ་དེ་ཡིན་པ་དང་། ཐེ་ཝན་མི་མང་ཚོས་སྙིང་སྟོབས་ནམ་ཡང་མ་ཞུམ་པར་མུ་མཐུད་སྙིང་རུས་སྐྱེས་ནས་འགྲོ་རྒྱུ་དང་། ལྷག་པར་གལ་འགངས་ཆེ་ཤོས་ནི་འཚེ་མེད་ཞི་བའི་ཐབས་ལམ་རྒྱུན་འཛིན་གནང་དགོས་པ་དེ་ཡིན་སྐོར་བཀའ་ལན་མཛད།

དེ་བཞིན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྐོར་བཀའ་ལན་བསྩལ་དོན།  དེ་སྔ་རྒྱ་ནག་གི་སྲིད་འཛིན་ཏིང་ཞའོ་ཕིང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་བྱུས་དེ་དངོས་ཡོད་ལག་བསྟར་དོན་འཁྱོལ་ཐུབ་པ་ཞིག་དང་། ཧ་ཅང་འོས་འཚམས་ལྡན་པ་ཞིག་རེད།  འོན་ཀྱང་བར་ལམ་བདུན་ཕྲག་འགའ་ཤས་ནང་ཧོང་ཀོང་ནང་དཀའ་ངལ་དེ་ལྟར་བྱུང་བར་ངོས་ལ་སེམས་འཚབ་ཕྲན་བུ་བྱུང་།  ས་ཁུལ་གང་འདྲ་ཞིག་ཡིན་རུང་ཞི་བདེའི་ཁོར་ཡུག་སྐྲུན་དགོས་པ་ཧ་ཅང་གནད་འགག་ཆེན་པོ་རེད།  ང་ཚོས་འཚེ་མེད་ཞི་བ་གྲོས་མོལ་རྒྱུན་སྐྱོང་བྱས་ཚེ་དཀའ་ངལ་ཅི་འདྲ་ཞིག་ཡིན་ཡང་སེལ་ཐུབ་རྒྱུ་རེད། དེ་ལས་ལྡོག་སྟེ་དཀའ་ངལ་འཕྲད་མ་ཐག་ལམ་སང་དྲག་སྤྱོད་ལ་བརྟེན་པ་ཡིན་ན་ཕན་འབྲས་གང་ཡང་མེད། གནོད་ལན་གནོད་འཇལ་བྱས་ཚེ་ཕན་ཐོགས་མེད།  ཧོང་ཀོང་གི་ཟིང་འཁྲུག་དེ་དག་ཚབས་ཆེན་པོ་འདུག འོན་ཀྱང་ངོས་ལ་སྨོན་ལམ་རྒྱག་རྒྱུ་ཙམ་ལས་བྱེད་ཐབས་དེ་ཙམ་མེད་ཅེས་བཀའ་ལན་བསྩལ་འདུག

གསར་འགོད་པས་༧གོང་ས་མཆོག་མ་འོངས་པར་ཐེ་ཝན་ནང་ཆིབས་སྒྱུར་བསྐྱང་འཆར་ཡོད་མེད་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས། རྒྱ་ནག་སྐམ་སའི་ཕྱོགས་ནས་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་དགོས་པ་གལ་ཆེན་པོ་འདུག་ཅེས་དང་། ད་བར་ཐེ་ཝན་ནང་ཆིབས་སྒྱུར་ཐེངས་གསུམ་མཛད་པ་དང་། ཆིབས་སྒྱུར་དེ་དག་སྐབས་མང་ཚོགས་ཀྱི་མཛའ་བརྩེའི་ཚོར་བ་དེ་དག་དུས་ནམ་ཡང་བརྗེད་ཐབས་མེད་པ་མ་ཟད།  གལ་ཏེ་མ་འོངས་པར་གོ་སྐབས་བྱུང་ཚེ་ཁུལ་དེར་ཆིབས་སྒྱུར་མཛད་རྒྱུ་དང་།  བོད་བརྒྱུད་ནང་བསྟན་གྱིས་མ་འོངས་པར་རྒྱ་ནག་མི་མང་ལ་ཕན་ཐོགས་ཡོང་ངེས་ཡིན་སྐོར་ཡང་བཀའ་ལན་མཛད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།