ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ནང་ཨུ་རུ་སུ་ལ་ལྟ་སྟངས།
ཟླ་འདིའི་ཚེས་༡༨ ཉིན་རྒྱ་གར་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༢༤ཉིན་ཧྥ་རན་སིའི་སྲིད་འཛིན་གྱི་འོས་བསྡུ་བྱེད་རྒྱུ་ཡིན་པ་དང་། ད་ལྟའི་ཆར་ལས་ཐོག་སྲིད་འཛིན་མེག་རོན་(Macron) ལ་རྒྱལ་ཁ་ཕྲན་བུ་ཐོབ་བཞིན་ཡོད་ཀྱང་། ཁོ་དང་ཁ་གཏད་ཚོགས་པའི་སྲིད་འཛིན་འོས་མི་ལེ་པན་(Le Pen) བར་འོས་གྲངས་ཁྱད་པར་ཆེན་མོ་མེད་པ་དང་། ཧྤ་རན་སི་ནི་ཡུག་རེན་གྱི་ཤར་ཕྱོགས་དམག་ས་དང་ལེ་དབར་སྟོང་ཕྲག་གིས་བཅད་ཡོད་ཀྱང་། ཧྥ་རན་སིའི་འོས་བསྡུས་ས་ཁུལ་དེའི་རྗེས་འབྲས་ཇི་ཡོང་ལ་ཤུགས་རྐྱེན་ཆེན་མོ་ཐེབས་སྲིད་པའི་གནས་ཚུལ་སྤེལ་འདུག
ཟླ་འདིའི་ཚེས་༡༨ ཉིན་རྒྱ་གར་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༢༤ཉིན་ཧྥ་རན་སིའི་སྲིད་འཛིན་གྱི་འོས་བསྡུ་བྱེད་རྒྱུ་ཡིན་པ་དང་། ད་ལྟའི་ཆར་ལས་ཐོག་སྲིད་འཛིན་མེག་རོན་(Macron) ལ་རྒྱལ་ཁ་ཕྲན་བུ་ཐོབ་བཞིན་ཡོད་ཀྱང་། ཁོ་དང་ཁ་གཏད་ཚོགས་པའི་སྲིད་འཛིན་འོས་མི་ལེ་པན་(Le Pen) བར་འོས་གྲངས་ཁྱད་པར་ཆེན་མོ་མེད་པ་དང་། ཧྤ་རན་སི་ནི་ཡུག་རེན་གྱི་ཤར་ཕྱོགས་དམག་ས་དང་ལེ་དབར་སྟོང་ཕྲག་གིས་བཅད་ཡོད་ཀྱང་། ཧྥ་རན་སིའི་འོས་བསྡུས་ས་ཁུལ་དེའི་རྗེས་འབྲས་ཇི་ཡོང་ལ་ཤུགས་རྐྱེན་ཆེན་མོ་ཐེབས་སྲིད་པའི་གནས་ཚུལ་སྤེལ་འདུག
ཉེ་བའི་བདུན་ཕྲག་ཁ་ཤས་ཀྱི་ནང་དུ་ཧྥ་རན་སིའི་ལས་ཐོག་སྲིད་འཛིན་མེག་རོན་གཞུང་གིས་ཡུག་རེན་ལ་ཡུ་སྒོར་ས་ཡ་༡༠༠ རིན་པའི་མཚོན་ཆའི་རོགས་རམ་བྱས་ཡོད་པ་དང་། བདུན་ཕྲག་སྔོན་མའི་རེས་གཟའ་ལྷག་པའི་ཉིན་ནུབ་ཕྱོགས་ཀྱི་དམག་དོན་རོགས་སྐྱོར་གྱི་ལས་དོན་འོག་ནས་ད་དུང་ཡང་གོ་མཚོན་དེ་ལས་མང་བ་སྤྲད་རྒྱུ་ཡིན་པའི་གནས་ཚུལ་བཀོད་འདུག
སྤྱི་ལོ་༢༠༡༤ ལོ་ཨུ་རུ་སུས་ཡུག་རེན་གྱི་ས་ཆ་ཁེ་རེ་མལ(crimeal) ལ་དབང་བསྒྱུར་བྱས་པ་ནས་བཟུང་། ཡུག་རེན་ལ་དམག་གི་རྒྱབ་སྐྱོར་བྱེད་མཁན་མང་ཆེ་བ་ནི་ཧྥ་རན་སི་ཡིན་འདུག ཡིན་ནང་། སྲིད་འཛིན་འོས་མི་ལེ་པན་གྱིས་གལ་སྲིད་ཁོ་མོ་སྲིད་འཛིན་དུ་བདམས་པ་ཡིན་ན། ཁོ་མོས་མུ་མཐུད་དུ་འགོག་སྲུང་དང་གསང་འཕྲིན་གྱི་རོགས་སྐྱོར་བྱེད་ངེས་ཡིན། འོན་ཀྱང་། མཚོན་ཆ་གཏོང་བར་གཟབ་ནན་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག
ཡུ་རོབ་མཐུན་ཚོགས་ཀྱིས་ཨུ་རུ་སུ་ལ་ཉེས་ཆད་འགེལ་རྒྱུ་ཡི་ཐོག་ལ་གྲོས་མོལ་ཐེངས་ལྔ་བྱས་ཡོད་པ་དང་། གྲོས་མོལ་དེ་དག་གི་ཐོག་ལ་རྒྱུན་ལྡན་མིན་པའི་གཅིག་འགྱུར་བྱུང་ཡོད་མོད་ཀྱང་། གལ་སྲིད་ཁོ་མོ་སྲིད་འཛིན་དུ་གྱུར་ཚེ། མོས་ཡུ་ རོབ་མཐུན་ཚོགས་ནང་ཨུ་རུ་སུའི་ཐོག་ལ་ཉེས་ཆད་འཕར་མ་འགེལ་རྒྱུ་ལ་མཚམས་འཇོག་བྱེད་རྒྱུའི་ཐབས་ཤེས་བྱེད་ སྲིད་པའི་གནས་ཚུལ་ཐོན་འདུག
ཡུ་རོབ་མཐུན་ཚོགས་ཁྲོད་ཀྱི་དཔལ་འབྱོར་ཨང་དང་པོ་དེ་འཇར་མན་ཡིན་པ་དང་། ཧྥ་རན་སི་ནི་དཔལ་འབྱོར་ཨང་གཉིས་པ་དེ་ཡིན་པས། ཡུ་རོབ་མཐུན་ཚོགས་ནང་ཐག་གཅོད་བྱེད་མཁན་གཙོ་བོ་ཞིག་ནི་ཧྥ་རན་སི་ཆགས་བཞིན་ཡོད་འདུག
སྲིད་འཛིན་འོས་མི་ལེ་པན་གྱིས་མངོན་གསལ་དོད་པོས་ཨུ་རུ་སུའི་རྡོ་སྣུམ་དང་སོལ་རླངས་བཀག་སྡོམ་བྱེད་པར་ངོ་རྒོལ་བྱས་ཡོད་པ་མ་ཟད། འདས་པའི་དུས་སུ་ཡང་མོས་ཁེ་རེ་མལ་(Crimea) ས་གནས་ཨུ་རུ་སུ་ཡི་ཆ་ཤས་ཤིག་ལ་ངོས་འཛིན་བྱས་ཡོད་ལ། ཁེ་རན་མལ་ལ་དབང་བསྒྱུར་བྱས་པའི་རྒྱུ་མཚན་གྱིས་ཨུ་རུ་སུ་ལ་ཉེས་ཆད་བཀལ་པ་དེ་ཇེ་ཡང་དུ་གཏོང་རྒྱུ་ཡིན་པ་འགྲེལ་བརྗོད་བྱས།
ཧྤ་རན་སིའི་ལས་ཐོག་སྲིད་འཛིན་གྱིས་ཡུག་རེན་གྱི་ཤར་ཕྱོགས་སུ་ཡུན་རིང་འབྱུང་བའི་དཀའ་རྙོག་གི་ཐོག་ཏུ་མེ་སི་ཀོ་དང་ཀེབ་བར་དུ་ཞི་བའི་གྲོལ་མོལ་བསྐྱར་གསོ་ཡོང་རྒྱུའི་རེ་བ་བྱས།
ལོ་འདིའི་ཟླ་བ་༢ ཚེས་༢༤ ཉིན་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་མ་བྱས་པའི་བདུན་ཕྲག་གཅིག་གི་སྔ་རོལ་དུ། ཧྥ་ རན་སིའི་སྲིད་འཛིན་ཨུ་རུ་སུ་ལ་ཕྱིན་ནས་སྲིད་འཛིན་པུ་ཊིན་དང་མཇལ་ཕྲད་གནང་ཡོད་པ་དང་། ཐ་ན་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་འགྲོ་བཞིན་པའི་སྐབས་སུ་ཡང་ཁོང་གིས་ཨུ་རུ་སུ་དང་བཀའ་མོལ་གནང་ཡོད་འདུག་ལ། དེ་དང་དུས་མཚུངས་སུ་མེག་རོམ་གྱིས་ཡུ་རོབ་ཀྱིས་ཨུ་རུ་སུ་ལ་ཉེས་ཆད་བཀལ་པར་ཡང་རྒྱབ་སྐྱོར་བྱས་ཡོད་འདུག
ལེ་པན་གྱི་ཆབ་སྲིད་ཚོགས་པ་དང་ཨུ་རུ་སུའི་བར་འབྲེལ་བ་དམ་ཟབ་ཡོད་པ་དང་། ཕྱི་ལོ་༢༠༡༧ མོ་ཧྤ་རན་སིའི་སྲིད་འཛིན་གྱི་འོས་མི་ཡིན་དུས་སུ་ཡང་། ཨུ་རུ་སུའི་སྲིད་འཛིན་དང་མཇལ་ཕྲད་གནང་ནས་མོས་ཨུ་རུ་སུའི་སྲིད་འཛིན་ལ་བསྔགས་བརྗོད་བྱས་འདུག།དེ་བཞིན་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ལ་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ཁང་གི་དུས་ཆེན་ཁག་ཏུ་ཡང་མོ་གདན་འདྲེན་ཞུ་བཞིན་ཡོད་འདུག མོས་ཧྥ་རན་སའི་དངུལ་ཁང་ནས་གཡས་ཤོག་ཆབ་སྲིད་ཚོགས་པ་ལ་དངུལ་མ་གཡར་པའི་སྟབས་ཀྱིས། ཧྥ་རན་སིའི་གཡས་ཕྱོགས་ཚོགས་པས་ཨུ་རུ་སུའི་ཅེ་ཁི་དངུལ་ཁང་ནས་ཡུ་སྒོར་ས་ཡ་༩༨ གྱི་བུ་ལོན་གཡར་ཡོད་པར་བརྗོད་འདུག
ཡུག་རེན་ལ་ལངས་བཞིན་པའི་དམག་འཁྲུག་དེ་ཡིས་མོའི་སྲིད་འཛིན་པུ་ཊིན་ཐོག་ལ་ལྟ་སྟངས་ཕྱོགས་ཙམ་འགྱུར་སོང་ཞེས་བརྗོད་ཡོད་ཀྱང་། འདས་པའི་རེས་གཟའ་ལྷག་པའི་ཉིན་མོས་དམག་འཁྲུག་གི་དཀའ་རྙོག་དེ་མཇུག་རྫོགས་རྗེས། ཨུ་རུ་སུ་དང་ཡུ་རོབ་མཐུན་ཚོགས་ཀྱི་འབྲེལ་བ་བསྐྱར་གསོ་བྱེད་དགོས་པའི་དགོངས་ཚུལ་བཏོན་ཡོད་པ་རེད་འདུག
ལས་ཐོག་སྲིད་འཛིན་མེག་རོམ་ནི་ལྷག་བསམ་གཡོ་མེད་ཀྱིས་ཡུ་རོབ་མཐུན་ཚོགས་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་པས། བྱང་ཆིམས་རྩ་འཛུགས་ཀྱི་ཡུ་རོབ་ཤར་ཕྱོགས་སུ་གཤག་བཅོས་བྱེད་པའི་ནང་དུ་ཡང་ཧྤ་རན་སི་མཉམ་ཞུགས་བྱེད་རྒྱུའི་ཤུགས་སྣོན་ཆེ་རུ་བཏང་ཡོད། ཡིན་ནའང་སྲིད་འཛིན་འོས་མི་ལེ་པན་གྱིས་ཧྥ་རན་སིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་བར་ཐག་རྒྱུན་འཁྱོངས་བྱེད་དགོས་ཞེས་བརྗོད་ཡོད།
ཕྱི་ལོ་༡༩༦༦ ལོའི་ཧྥ་རན་སིའི་སྲིད་འཛིན་(Charles de Gaulle) གྱིས་ཧྥ་རན་སི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་བཀོད་འདོམས་ཁང་ནས་ཕྱིར་འཐེན་བྱས་ཡོད་ཀྱང་། ཕྱི་ལོ་༢༠༠༩ ཧྥ་རན་སི་ནི་སླར་ཡང་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་བཀོད་འདོམས་ཁང་གི་ནང་དུ་འཛུགས་ཞུགས་བྱས་ཡོད་འདུག ཡིན་ན་ཡང་ད་ལྟའི་སྲིད་འཛིན་འོས་མི་ལེ་པན་ལ་ཧྥ་རན་སི་ནི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་བཀོད་འདོམས་ཁང་ནས་ཕྱིར་འཐེན་བྱེད་འདོད་ཡོད་པའི་གནས་ཚུལ་སྤེལ་འདུག
གཞན་ཡང་རྒྱལ་སྤྱིའི་གསར་ཁང་གཞན་དུ་གནས་ཚལ་སྤེལ་གསལ་ལྟར་ན། ཧྥ་རན་སི་ནི་ཡུ་རོབ་ཁུལ་གྱི་དམག་གི་སྟོབས་ཤུགས་ཆེ་ཤོས་གཉིིས་པ་དེ་ཡིན་པ་མ་ཟད། ཡུ་རོབ་མཐུན་ཚོགས་ཁྲོད་ཀྱི་དཔལ་འབྱོར་ཨང་གཉིས་པ་དང་འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཨང་ལྔ་པ་རུ་བསླེབས་ཡོད་པའི་ཐོག ཡུ་རོབ་མཐུན་ཚོགས་དང་བྱང་ཆིངས་རྩ་འཛུགས། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཁང་བཅས་གསར་འཛུགས་བྱེད་མཁན་གྱི་ཚོགས་མི་ཡིན་པས། ད་ལྟའི་ཧྥ་རན་སིའི་སྲིད་འཛིན་འོས་བསྡུ་དེ་ནི་ཧྥ་རན་སི་ཙམ་མ་ཡིན་པར་ཡུ་རོབ་སོགས་ལ་ཡང་གལ་ཆེན་ཡིན་པའི་གནས་ཚུལ་སྤེལ་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།