ཧྥེ་ལིན་ཕིན་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་ཉེན་བརྡ་དང་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ནང་དམག་འཁྲུག་གི་ཉེན་ཁ།

བྷི་བྷི་སིའི་གསར་ཁང་གི་པར།

ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁུལ་རྩོད་རྙོག་གིས་རྐྱེན་པས་རྒྱ་ནག་དང་ཧྥེ་ལིན་ཕིན་རྒྱལ་ཁབ་གཉིས་བར་ཡང་ཡང་གདོང་ཐུག་འབྱུང་གི་ཡོད་པ་བཞིན། ཉེ་ཆར་རྒྱ་ནག་གིས་ཧྥེ་ལིན་ཕིན་རྒྱལ་ཁབ་ཀྱི་མངའ་ཁུལ་བདག་བཟུང་བྱེད་ཐབས་བྱེད་ཀྱི་ཡོད་པའི་རྐྱེན་གྱིས། ཧྥེ་ལིན་ཕིན་གྱི་སྲིད་འཛིན་གྱིས་མངའ་ཁུལ་དེའི་ནང་ཧྥེ་ལིན་ཕིན་གྱི་མི་གཅིག་ཤི་སྐྱོན་བྱུང་སོང་ན་མཇུག་འབྲས་ངན་པ་ཞིག་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག 

ཕྱི་ཚེས་༢ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་རྒྱ་ནག་གིས་ཧྥེ་ལིན་ཕིན་རྒྱལ་ཁབ་ཀྱི་མངའ་ཁུལ་བདག་བཟུང་བྱེད་ཐབས་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཧྥེ་ལིན་ཕིན་སྲིད་འཛིན་གྱིས་མངའ་ཁུལ་དེའི་ནང་ཧྥེ་ལིན་ཕིན་མི་གཅིག་ཤི་སྐྱོན་བྱུང་སོང་ན་མཇུག་འབྲས་ངན་པ་ཞིག་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག དེ་ཡང་ཧྥེ་ལིན་ཕིན་གྱི་སྲིད་འཛིན་(Ferdinand Marcos Jr)ཡིས་གལ་སྲིད་རྒྱ་ནག་གིས་ཧྥེ་ལིན་ཕིན་མངའ་ཁུལ་ནང་རྩོད་རྙོག་སླངས་ནས་ཧྥེ་ལིན་ཕིན་མི་གཅིག་ཤི་བ་འདྲ་བྱུང་སོང་ན། དམག་འཁྲུག་བརྒྱབས་པའི་ཉེས་མིང་འོག་ལས་སླ་བོར་འཇོག་རྒྱུ་མིན་པར་གཟའ་པ་སངས་ཉིན་སེང་གྷ་པུར་ནང་དུ་འཛམ་གླིང་གི་རྒྱལ་ཁབ་མང་པོའི་བདེ་སྲུང་ལྷན་ཚོགས་ཤིག་གི་སྟེང་གཏམ་བཤད་བྱེད་དུས་ཉེན་བརྡ་བཏང་ཡོད་འདུག སྐབས་དེ་དུས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་བདེ་སྲུང་བློན་ཆེན་རྣམས་ཚོགས་འདུར་བཅར་ཡོད་འདུག་ལ། ཨ་རིའི་བདེ་སྲུང་དྲུང་ཆེ་(Lloyd Austin)་ཡང་སླེབས་ཡོད་འདུག

བྷི་བྷི་སི་གསར་ལམ་གྱི་པར།

ཨ་རིའི་བདེ་སྲུང་དྲུང་ཆེ་(Lloyd Austin)ཡིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་ནི་ཨ་རིས་འགན་འཁུར་ཆེ་ཤོས་བྱེད་ས་ཤིག་ཡིན་པ་དང་། མངའ་ཁུལ་དེའི་བདེ་འཇགས་སྲུང་སྐྱོབ་ཡག་པོ་ཐུབ་ན་ཨེ་ཤེ་ཡའི་ཁྱོན་ཡོངས་ཀྱི་བདེ་སྲུང་ཡག་པོ་བྱེད་ཐུབ་པ་རེད་ཅེས་བརྗོད་ཡོད་འདུག འདས་པའི་དུས་ཡུན་རིང་པོ་ནས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ནང་རྒྱ་ནག་དང་ཧྥེ་ལིན་ཕིན་གཉིས་བར་རྩོད་རྙོག་ཐུག་གི་ཡོད་འདུག་པ་དང་། སྐབས་རེར་གདོང་ཐུག་དྲག་པོ་བྱུང་ནས་རྒྱ་ནག་གི་མཚོ་གྲུ་ཡིས་ཧྥེ་ལིན་ཕིན་གྱི་ཉ་འཛིན་མཁན་གྱི་གྲུ་གཟིངས་འགའ་ཤས་ཐོག་ཆུ་གཏོར་ནས་གནོན་སྐྱོན་ཕོག་པ་སོགས་ཀྱི་ཉེན་ཚབས་ཆེན་པོ་འགྱུར་གྱི་ཡོད་འདུག ཧྥེ་ལིན་ཕིན་གྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་དུས་རྒྱ་ནག་གིས་ཆུ་གཏོར་དོན་ནི་མངའ་ཁུལ་སྲུང་སྐྱོབ་ཆེད་དུ་ཡིན་པར་བརྗོད་ཡོད་འདུག ཧྥེ་ལིན་ཕིན་གྱི་སྲིད་འཛིན་གྱིས་ཉེན་བརྡ་བཏང་རྗེས་ཆུ་ཚོད་འགའ་ཤས་ཀྱི་རྗེས་སུ། གཟའ་པ་སངས་ཉིན་རྒྱ་ནག་གིས་རྐང་བཙུགས་ནས་རྒྱ་ནག་གི་གྲུ་གཟེངས་ཀྱིས་ཆུ་གཏོར་ནས་ཧྥེ་ལིན་ཕིན་གྱི་དམག་མི་བསད་ཡོད་ཚུལ་དྲྭ་ཐོག་ཏུ་ཁྱབ་བསྒྲགས་ཆེན་པོ་ཕྱིན་ཡོད་འདུག་ཀྱང་། ཕྱིས་སུ་ཧྥེ་ལིན་ཕིན་གྱིས་བརྗོད་དོན་ལ་དམག་མི་དེ་རྨས་ཡོད་པ་ལས་སྲོག་ཤོར་མེད་པར་བརྗོད་ཡོད་འདུག འོན་ཀྱང་། ཧྥེ་ལིན་ཕིན་གྱིས་རྒྱ་ནག་གི་བྱ་སྤྱོད་དེ་ལ་ལན་ངེས་པར་དུ་སློག་རྒྱུ་ཡིན་པར་བརྗོད་འདུག ཨ་རིའི་བདེ་སྲུང་དྲུང་ཆེ་ཡིས་ང་ཚོའི་ངོས་ནས་རྒྱ་ནག་དང་ཧྥེ་ལིན་ཕིན་གཉིས་བར་གྲོས་མོལ་ལམ་ནས་མངའ་ཁུལ་རྩོད་རྙོག་དེ་སེལ་དགོས་པ་དང་། གྲོས་མོལ་ལམ་ནས་དཀའ་ངལ་སེལ་ཐུབ་ན་ཨེ་ཤེ་ཡའི་བདེ་འཇགས་ལ་ཕན་ཐོགས་ཆེན་པོ་ཡོད་པ་སོགས་བརྗོད་ཡོད་འདུག རྒྱ་ནག་བདེ་འཇགས་ཚོགས་ཆེན་ཐོག་ཧྥེ་ལིན་ཕིན་གྱི་(Second Thomas Shoal)་མངའ་ཁུལ་གྱི་གནད་དོན་ཐད་གྲོས་མཐུན་བཞག་པ་དག་རྩིས་མེད་བཏང་སོང་ཞེས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག་ལ། དེ་བཞིན་མངའ་ཁུལ་དེའི་གནད་དོན་ནང་རྒྱལ་ཁབ་གཞན་པའི་ཁྲོད་དེ་ཉེན་ཁ་ཆེན་པོ་ཡིན་ཚུལ་རྒྱ་ནག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།