ཨ་རི་དང་ཨི་ཟི་རལ། ཨ་རབ་རྒྱལ་ཁབ་བཞི་བཅས་ཀྱི་མཉམ་འབྲེལ་གྱི་ལྷན་ཚོགས།
ཟླ་འདིའི་ཚེས་༢༨ ཉིན་ The New York Times ནང་གནས་ཚུལ་སྤེལ་བ་ལྟར་ན། ཨི་སི་རལ་གྱི་གོ་སྒྲིག་དང་སྣེ་ལེན་འོག་ཨ་རི་དང་ཨི་ཟི་རལ། ཨ་རབ་རྒྱལ་ཁབ་བཞི་སྟེ་བྷ་ཧ་རན་(Bahrain) དང་ཨི་ཇིབ་(Egypt) མོ་རོ་ཁོ་(Morocco) ཨ་རབ་སྤྱི་མཐུན་རྒྱལ་ཁབ་(united Arab) བཅས་ཀྱི་མཉམ་འབྲེལ་གྱི་ལྷན་ཚོགས་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་བྱུང་ཡོད་སྐོར་འདུག
ལྷན་ཚོགས་དེ་ཨི་ཟི་རལ་ནང་ཡོད་པའི་བྱེ་ཐང་གི་གྲོང་སྡེ་ཆུང་ཆུང་སི་དེ་པོ་ཀེར་(Sde Boker) ཞེས་པར་འཚོགས་ཡོད་པ་དང་། ལྷན་ཚོགས་དེའི་བརྗོད་གཞི་གཙོ་བོ་ནི་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་ཁ་གཏད་གང་འདྲ་གཅོག་དགོས་མིན་དང་། ཡུག་ཀེ་རན་ནང་དམག་འཁྲུག་གི་རྐྱེན་པས་མི་མང་ལ་ཟ་བཅའི་དཀང་ངལ་འཕྲད་ཀྱི་ཡོད་པ་ལ་སེམས་ཁུར་དང་ཨུ་རུ་སུ་ཁེར་རྐྱང་དུ་འཇོག་རྒྱུའི་སྐོར་ཡིན་འདུག
ཚོགས་འདུ་འགོ་འཛུགས་སྐབས་ཚོགས་ཁང་གི་ཁ་གཏད་མགྲོན་ཁང་དུ་ངོ་རྒོལ་སྡེ་ཚན་ཆུང་ཆུང་ཞིག་གི་པ་ལ་སི་ཊི་ནིན་(Palestinians) ལ་དོ་སྣང་ཡོང་ཐབས་སུ་སྡེ་ཚན་གཅིག་གིས་པ་ལ་སི་ཊི་ནིན་དང་ཨི་ཟི་རལ་གྱི་རྒྱལ་དར་གཉིས་ལག་ཏུ་འཁྱེར་ཡོད་པ་དང་། ངོ་རྒོལ་བ་སྡེ་ཚན་གཞན་གྱིས་འཕྲེད་དར་སྟེང་དུ་ “མི་ཆེ་གེ་མོ་ཞིག་བརླག་མི་འདུག་གམ” “Isn’t someone missing?”ཞེས་པའི་འདྲི་ཚིག་ཞིག་བཀོད་ཡོད་འདུག
ཨི་ཟི་རལ་སྲིད་བློན་གྱིས་”ང་ཚོས་འདི་ལ་ག་རེ་བྱེད་པ་འདིས་ལོ་རྒྱུས་ཞིག་བཟོ་ཡི་ཡོད། ཆོས་དང་འཕྲུལ་ཆས དེ་བཞིན་བཟོད་སྲན་དང་སྲུང་སྐྱོབ་བཅས་ཀྱི་ཡར་རྒྱས་གཞི་ལ་བཞག་པའི་ཐོག། ཁང་བཟོ་འཆར་འགོད་གསར་པའི་མངའ་ཁུལ་ཞིག་བསྐྲུན་གྱི་ཡོད་”ཅེས་དང་། ”ཁང་བཟོའི་གསར་པའི་ལས་གཞི་འདིས་ང་ཚོའི་ཐུན་མོང་གི་དགྲ་བོ་ལ་ཞེད་སྣང་སྐུལ་རྒྱུ་དང་འགོག་ཐབས་ཀྱི་ཆེད་དུ་ཡིན། དེ་ཡང་ཐོག་མར་ཨི་རན་དང་ཁོའི་ལས་འཚབ་ཁག་ལ་དམིགས་པ་ཡིན་’’ཞེས་བརྗོད་འདུག
ཟླ་བ་འདིའི་ཚེས་༢༨ གྱི་ཞོགས་པར་ཨི་ཟི་རལ་ལྷོ་ཕྱོགས་ལ་ ལྷན་ཚོགས་དེ་འཚོག་བཞིན་ཡོད་པའི་སྐབས་འདིར་གཟའ་ཉི་མའི་དགོང་མོར་ཨི་སི་རལ་བྱང་ཕྱོགས་སུ་དྲག་སྤྱོད་པའི་འབར་རྫས་ཀྱི་གནོད་འཚེའི་འོག་མི་གཉིས་བསད་ཡོད་འདུག
ཨ་རི་དང་ཨི་ཟི་རལ་དེ་བཞིན་ཨ་རབ་རྒྱལ་ཁབ་བཞི་བཅས་ཀྱི་ལྷན་ཚོགས་དེའི་ནང་གི་མཉམ་བཞུགས་གནང་མཁན་ཚང་མས་ལོ་རྟག་པར་རྒྱལ་ཁབ་འདྲ་མིན་ནང་མུ་མཐུད་མཇལ་ཕྲད་གནང་རྒྱུའི་འབད་བརྩོན་བྱེད་གཏན་འཁེལ་ཡོད་འདུག་པ་དང་། ཁོ་ཚོས་ལྷན་ཚོགས་ནང་རྒྱལ་ཁབ་གཞན་ཡང་མང་པོ་འདུ་འཛོམས་ཡོང་བའི་རེ་བ་གནང་འདུག
སྤྱིར་བཏང་བྱས་ན་ཐེངས་འདིའི་གོང་གི་རྒྱལ་ཁབ་དེ་ཚོའི་བར་ལ་ལོ་རྒྱུས་ལྡན་པའི་ལྷན་ཚོགས་ཞིག་ཚོགས་ཐུབ་ཡོད་ཀྱང་། ཁ་སང་གི་ལྷན་ཚོགས་དེའི་རྗེས་ཨི་ཟི་རལ་སྲིད་བློན་ལ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པས་གནས་ཚུལ་ཐོན་འདུག །
གསར་འགོད་པ་བདེ་སྒྲོན།