ཨ་རིའི་གྲོས་ཚོགས་གོང་མའི་ནང་ཡུ་གུར་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ། 

ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་རྒྱ་ནག་གཞུང་གིས་གང་བྱུང་བཙོན་འཇུག་དང་བཀག་ཉར་འོག་ཡོད་པའི་ཡུ་གུར་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཞིག་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག་པ་དང་། ཁྲིམས་དེ་ནི་རྒྱ་ནག་གཞུང་ལ་བརྡ་ལན་གལ་ཆེན་ཞིག་ཡིན་སྐོར་བརྗོད་བཞིན་འདུག 

ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་རྒྱ་ནག་གཞུང་གིས་གང་བྱུང་བཙོན་འཇུག་དང་བཀག་ཉར་འོག་ཡོད་པའི་ཡུ་གུར་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཞིག་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག་པ་དང་། ཁྲིམས་དེ་ནི་རྒྱ་ནག་གཞུང་ལ་བརྡ་ལན་གལ་ཆེན་ཞིག་ཡིན་སྐོར་བརྗོད་བཞིན་འདུག 

ཟླ་༩ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་ཡུ་གུར་ས་གནས་སུ་ཡུ་གུར་ཁ་ཆེ་མི་རིགས་གཙོས་པའི་ཁ་ཆེ་མི་རིགས་ས་ཡ་གཅིག་ལས་མང་བ་གང་བྱུང་འཛིན་བཟུང་བཀག་ཉར་བྱས་ཏེ། ཆབ་སྲིད་བཅོས་སྒྱུར་གཞིས་སྒར་ཁག་ཏུ་བཙོན་འཇུག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཆེན་པོ་ཁྱབ་ཡོད་ཁར། འཛིན་བཟུང་འོག་ཡོད་པའི་ཕ་མ་རྣམས་ཀྱི་ཕྲུ་གུ་རྣམས་ཀྱང་ཆེད་དུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཅུག་ནས། བསམ་བློ་བཅོས་སྒྱུར་གྱི་ལས་གཞི་སྤེལ་བཞིན་ཡོད་པའི་གནས་ཚུལ་ཡང་ཕྱིར་ཐོན་ཡོད་པ་རེད་དེ། རྒྱལ་སྤྱིའི་ནང་རྒྱ་ནག་ལ་སྐྱོན་བརྗོད་ཙམ་ལས། ཁྲིམས་ཀྱི་ཐོག་ནས་ཉེས་ཆད་སོགས་གཏན་འབེབས་བྱུང་མེད་ཁར། ཁ་ཆེའི་རྒྱལ་ཁབ་ཚོས་ཀྱང་རྒྱ་ནག་གི་གནོན་ཤུགས་དང་དཔལ་འབྱོར་སྟོབས་ཤུགས་ལ་བརྟེན་ནས་སྐྱོན་བརྗོད་ཙམ་ཡང་བྱེད་མཁན་བྱུང་མེད་པས། ཡུ་གུར་མི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་ཡོད་པའི་བརྡ་ལན་གསལ་པོ་སྤྲོད་མཁན་རྒྱལ་ཁབ་ཐོག་མ་ཨ་རི་ཆགས་ཡོད་འདུག དེ་ཡང་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་སྲིད་བྱུས་ཁྲིམས་ཞེས་པ་ཞིག་ལ། གྲོས་ཚོགས་ནང་སྤྱི་མོས་སུ་གཏན་འབེབས་བྱུང་འདུག ཁྲིམས་འཆར་དེར་གྲོས་ཚོགས་འོག་མའི་ནང་ལ་ཡང་རྒྱབ་སྐྱོར་ཐོབ་དགོས་ཀྱི་འདུག་སྟེ། ཁྲིམས་འཆར་འདོན་མཁན་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཡོད་པས། རྒྱབ་སྐྱོར་ཐོབ་རྒྱུ་ངེས་གཏན་ཡིན་པ་རེད་འདུག 

ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་བྱུས་རྗེས། ཨ་རིའི་རྒྱལ་ནང་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གྱིས་ཡུ་གུར་ས་གནས་སུ་རྒྱ་ནག་གཞུང་གིས་དྲག་གནོན་དང་དོ་དམ་སྐོར་ལ་སྙན་ཐོ་ཞིག་འདོན་དགོས་ཀྱི་ཡོད་པ་དང་། དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཡུ་གུར་ཐོག་གི་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་བྱེད་པ་དང་། ཨ་རིའི་གཞུང་གི་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་དང་། ཡུ་གུར་མི་རིགས་ཡིན་ཁར་ཨ་རིའི་མི་སེར་ཡིན་པ་དང་ཨ་རིར་གནས་སྡོད་བྱེད་མཁན་རྣམས་ལ་གནོན་ཤུགས་དང་སྡིགས་བསྐུལ་སོགས་བསུན་གཙེར་བྱེད་པའི་གནས་ཚུལ་ཐོག་ཞིབ་འཇུག་དགོས་ཀྱི་ཡོད་འདུག དེ་བཞིན་ཁྲིམས་འཆར་ནང་ཨ་རིའི་ཕྱི་སྲིད་བློན་ཆེན་གྱིས་ཡུ་གུར་མི་རིགས་རྣམས་བཀག་ཉར་དོ་དམ་བྱེད་མཁན་རྒྱ་ནག་གཞུང་གི་མི་སྣ་རྣམས་ལ་ཉེས་ཆད་དང་། དེ་བཞིན་ཨ་རིའི་རྒྱལ་ནང་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གྱིས་ཕྱི་སྲིད་ལས་ཁུངས་དང་མཉམ་དུ། ཡུ་གུར་མི་རིགས་ལ་བཀག་ཉར་དོ་དམ་གྱི་ལས་འགུལ་དེས། མངའ་ཁུལ་གྱི་བདེ་འཇགས་ལ་ཉེན་ཁའི་གནས་སྟངས། ཡུ་གུར་མི་རིགས་བཀག་ཉར་དོ་དམ་དང་ལྟ་སྲུང་བྱེད་ཆེད་ཀྱི་འཕྲུལ་ཆས་དང་ཅ་དངོས་འོར་འདྲེན་དང་འཛུགས་སྐྲུན་སྐོར་སྙན་ཐོ་འདོན་དགོས་ཀྱི་ཡོད་ཁར། སྙན་ཐོ་དེའི་ནང་བཀག་ཉར་དོ་དམ་བྱེད་ཡུལ་གྱི་གཞིས་སྒར་འཛུགས་སྐྲུན་དང་ལས་དོན་སྤེལ་བར་འབྲེལ་བ་ཡོད་མཁན་རྒྱ་ནག་གི་ཚོང་ལས་ཁང་ཁག་གི་གྲངས་ཐོ་ཡང་དགོས་ཀྱི་ཡོད་ཁར། ཨ་རིའི་རྒྱལ་སྤྱིའི་གསར་འགྱུར་ཁང་གི་འགན་འཛིན་གྱིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དུ་ལས་ཀ་བྱེད་མཁན་ཡུ་གུར་གསར་འགོད་པ་ཚོར་སྡིགས་བསྐུལ་བྱེད་ཐབས། ཨ་རིའི་བརྒྱུད་ལམ་གྱི་གནས་ཚུལ་རྣམས་ཡུ་གུར་དུ་ལྟ་ཉན་ཐུབ་ཀྱི་ཡོད་མེད་ཀྱི་གནས་སྟངས། རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་དམིགས་པའི་གནས་ཚུལ་རྫུན་མ་ཁྱབ་སྤེལ་ལ་ཞིབ་འཇུག་བཅས་ཀྱི་སྙན་ཐོ་བཏོན་དགོས་ཀྱི་ཡོད་འདུག 

ཁྲིམས་འཆར་འདོན་མཁན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མར་ཁོ་རུ་བྷེ་ཡོ་དང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་བྷོབ་མེ་ནན་ཌེཛ་གཉིས་ཀྱིས། གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེར་སྤྱི་མོས་རྒྱབ་སྐྱོར་ཐོབ་པར་དགའ་བསུ་དང་སྦྲགས། གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་དེ་མྱུར་དུ་གཏན་འབེབས་ཀྱིས་སྲིད་འཛིན་ཊོམ་ལ་མིང་རྟགས་བཀོད་ཆེད་དུ་གཏོང་དགོས་པའི་རེ་སྐུལ་བྱས་འདུག །

རྒྱ་ནག་གཞུང་གིས་ཐོག་མར་ཡུ་གུར་ཁ་ཆེ་མི་རིགས་གཙོས་པའི་ཁ་ཆེ་མི་རིགས་ས་ཡ་གཅིག་ལས་མང་བ་བཀག་ཉར་དོ་དམ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཁས་ལེན་བྱས་མེད་ཀྱང་། རྗེས་སུ་བཀག་ཉར་ཁང་དེ་དག་ནི་ལག་ཤེས་སྦྱོང་བརྡར་ཁང་ཡིན་པ་དང་དེའི་དགོས་པ་ནི་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་ཆེད་ཡིན་སྐོར་བརྗོད་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།