ཨ་རིའི་ནིའུ་ཡོག་ཏུ་སྨྱུང་གནས་ལེགས་གྲུབ།

འདི་ལོར་ས་ག་ཟླ་བའི་ནང་ཨ་རིའི་ནིའུ་ཡོག་ཏུ་བལ་ཡུལ་འཕགས་པ་ཤིང་ཀུན་སྐྱིད་གྲོང་བཙུན་དགོན་ཐུགས་རྗེ་ཆོས་གླིང་དང༌། ནིའུ་ཡོག་ཁུལ་དུ་གནས་འཁོད་ཐུགས་ཆོས་བཙུན་ཟུར་ཐུན་མོང་ནས། བསྔོ་སྨོན་མཆོད་འབུལ་དང་། མྱུང་གནས་སྲུང་བ་སོགས་བྱས་ཡོད་པ་རེད།

འདི་ལོར་ས་ག་ཟླ་བའི་ནང་ཨ་རིའི་ནིའུ་ཡོག་ཏུ་བལ་ཡུལ་འཕགས་པ་ཤིང་ཀུན་སྐྱིད་གྲོང་བཙུན་དགོན་ཐུགས་རྗེ་ཆོས་གླིང་དང༌། ནིའུ་ཡོག་ཁུལ་དུ་གནས་འཁོད་ཐུགས་ཆོས་བཙུན་ཟུར་ཐུན་མོང་ནས། བསྔོ་སྨོན་མཆོད་འབུལ་དང་། མྱུང་གནས་སྲུང་བ་སོགས་བྱས་ཡོད་པ་རེད།

Untitled-2དེ་ཡང་ཕྱི་ཟླ་༦ ཚེས་༢༡ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱལ་བསྟན་རིན་པོ་ཆེ་དར་རྒྱས་ཡུན་དུ་གནས་པ་དང༌། སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་ དམ་པ་རྣམས་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་མཛད་འཕྲིན་རྒྱས་པ།  བོད་ལྗོངས་རྒྱལ་ཁབ་དང་ མི་རིགས་ཆབ་སྲིད་དང་བཅས་པའི་བདེན་དོན་མངོན་དུ་གྱུར་ཏེ་གཞིས་བྱེས་སྤུན་ཟླ་ལྷན་འཛོམས་ ཐོག་བདེ་སྐྱིད་རྫོགས་ལྡན་གསར་པའི་ཉི་མ་མྱུར་དུ་འཆར་བ་དང༌།  རང་རེའི་རྩ་དོན་ཆེད་སྐུ་སྲོག་ དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་མཚོན་སེམས་ཅན་ཚེ་ལས་འདས་ཚད་རྣམས་ཀྱི་ བྱས་བསགས་སྡིག་སྟུང་བྱང་ཞིང་དག་ནས་རྟེན་བཟང་རིམ་བརྒྱུད་རྣམ་མཁྱེན་རྒྱལ་བའི་གོ་འཕང་བདེ་བླག་ཏུ་འཐོབ་པ། ད་ལྟ་འཚོ་བཞུགས་རྒྱལ་གཅེས་པ་རྣམས་ཀྱིས་གཙོས་སེམས་ཅན་ཚེ་དང་ལྡན་པ་རྣམས་ཀྱི་གནས་སྐབས་མི་འདོད་ཉེར་འཚེ་ཞི་ནས། རྣམ་དཀར་ཆོས་མཐུན་བསམ་པ་ཡིད་བཞིན་འགྲུབ་པ་སོགས་ལེགས་ཚོགས་སྒོ་དུ་མའི་ཆེད་དུ་ས་ཟླའི་དུས་ཆེན་དང་སྟབས་བསྟུན། ནིའུ་ཡོག་ཏུ་དམ་པ་ སངས་རྒྱས་ཆོས་ཚོགས་སུ་དོན་བརྒྱུད་བསྟན་པའི་སྣང་བྱེད་ཕ་དམ་པ་སངས་རྒྱས་ཀྱི་སྐུ་ཕྲེང་བཅུ་གཉིས་ པ་སྐྱབས་རྗེ་བར་འབྲོག་ཆུ་བཟང་རིན་པོ་ཆེ་མཆོག་དང༌། འཇམ་མགོན་བསྟན་པའི་སྣང་བྱེད་ཤྲི་ཆུ་བཟང་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་བོད་ཟླ་3 ཚེས་ 30 གོང་ས་མཆོག་གི་སྐུའི་བླ་གཟའ་ཉིན་སྐུ་ཕྱའི་ ཞབས་རིམ་སྒྲོལ་ཆོག་ཉིན་འཁྱོངས་གསོག་སྒྲུབ་ཞུས་ཤིང༌། Untitled-3བོད་ཟླ་4 ཚེས་1 ནས་ཚེས་16བར་ཤྲི་ཆུ་བཟང་ རིན་པོ་ཆེ་དབུ་བཞུགས་ཀྱིས་ཐུགས་རྗེ་ཆོས་གླིང་གི་དབུ་ཟུར་སངས་རྒྱས་ཆོས་སྒྲོན་ལགས་ཀྱིས་གཙོས་ པས་བཙུན་མ་དང༌། བཙུན་ཟུར། ས་གནས་ཀྱི་མང་ཚོགས་བཅས་ནས་སྨྱུང་གནས་དཀར་པོ་ཆ་བརྒྱད་ ལེགས་གྲུབ་ཐོག བོད་ཚེས་17 ཉིན་མཐའ་རྟེན་དུ་སྐྱབས་རྗེ་བར་འབྲོག་ཆུ་བཟང་རིན་པོ་ཆེ་ནས་མང་ ཚོགས་ལ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་བཀའ་གཏེར་ཟུང་འཇུག་ཉེ་བརྒྱུད་འཆི་མེད་དཔལ་སྟེར་གྱི་ སྒོ་ནས་ཚེ་དབང་བཀའ་དྲིན་ཆེ་བསྩལ་རྗེས། རིན་པོ་ཆེ་མཆོག་དགུང་གྲངས་85 དགུང་སྐེག་ལ་ཕེབས་ པའི་སྐུ་གེགས་ཀྱི་མཚན་མ་ཞི་ནས་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་ཆེད་བརྟན་བཞུགས་ཚོགས་འཁོར་ཕུལ་བ་བཅས་འདི་ལོའི་སྨྱུང་གནས་གྲ་རྟེན་ལེགས་སྒྲིག་ངང་གྲོལ།

ལས་རིམ་འདིར་ནིའུ་ཡོག་ དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང༌། གཞོན་ནུ། བུད་མེད་བཅས་དང༌། སྐྱིད་གྲོང༌། གཉའ་ནང༌། སྒོར་གཞས། ཡོལ་མོ་སྐྱིད་སྡུག་བཅས་ནས་རྒྱབ་སྐྱོར་གང་ལེགས་གནང་བར་སྨྱུང་གནས་གོ་སྒྲིག་ཚོགས་ཆུང་གིས་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།