ཨ་རིའི་བོད་མིའི་སློབ་ཟུར་ཚོགས་པའི་དྲ་རྒྱ་དབུ་འབྱེད།

ཟླ་འདིའི་ཚེས་༡༢ ཉིན་གྱི་དགོང་མོ་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། ཨ་རིའི་བོད་མིའི་སློབ་ཟུར་ཚོགས་པའི་ངོས་ནས་དྲ་རྒྱ་གསར་པ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

ཟླ་འདིའི་ཚེས་༡༢ ཉིན་གྱི་དགོང་མོ་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། ཨ་རིའི་བོད་མིའི་སློབ་ཟུར་ཚོགས་པའི་ངོས་ནས་དྲ་རྒྱ་གསར་པ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

jdutjj6o033དེ་ནི་ཕྱི་ལོ་༡༩༨༨ ལོ་ནས་ད་བར་ཨ་རིའི་གཞུང་ནས་ཕྱི་སྲིད་ལས་ཁུངས་རྒྱུད་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོའི་སློབ་སྦྱོང་ཆེད་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་ཞིག་སྤེལ་བཞིན་ཡོད་པ་དང༌། འདས་པའི་དུས་ཡུན་ནང་སློབ་ཡོན་དེ་རག་ནས་ཨ་རིར་སློབ་སྦྱོང་ལ་འགྲོ་ཐུབ་མཁན་བཙན་བྱོལ་བོད་མི་༤༠༠ ཙམ་བྱུང་ཡོད་རེད།

༡༩༩༩ ལོར་སློབ་ཟུར་ཚོགས་པ་ཞིག་ཀྱང་གསར་འཛུགས་བྱས་ཡོད་པ་དང་། ཐེངས་འདིར་སློབ་ཟུར་ཚོགས་པའི་ངོས་ནས་ tspalumni.org ཞེས་པའི་དྲ་རྒྱ་གསར་པ་ཞིག་བཟོས་ཡོད་པ་མ་ཟད། སློབ་ཟུར་ཚོགས་པའི་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྤྱི་དང་བྱེ་བྲག་མ་འོངས་སོན་རྩ་རྣམས་ལ་ལམ་སྟོན་ཞུ་རྒྱུའི་ལས་གཞི་ཁག་ཅིག་ཡོད་པ་རེད།

དྲ་རྒྱ་དབུ་འབྱེད་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ཕེབས་ཏེ། ཤེས་ཡོན་གོ་སྐབས་དེ་བླངས་ནས་བཙན་བྱོལ་སྤྱི་ཚོགས་ནང་ཞབས་འདེགས་ཞུ་བར་ཕྱིར་ལོག་གནང་མཁན་ཡོངས་ལ་བསྔགས་བརྗོད་དང་སྦྲགས། མ་འོངས་པར་ཕེབས་མཁན་ཚོའི་ངོས་ནས་ཀྱང་ཕྱིར་ཡོང་ནས། སྤྱི་ཚོགས་ནང་ཤེས་ཡོན་དང་གནས་སྟངས་ཡར་རྒྱས་ཡོང་རྒྱུར་ཞབས་འདེགས་ཞུ་རྒྱུ་གལ་ཆེ་ཡིན་སྐོར་གསུངས་སོང༌།

༡༩༨༨ ལོར་སློབ་ཡོན་དེའི་འོག་ནས་ཨ་རིར་སློབ་སྦྱོང་ལ་འགྲོ་མཁན་དང་པོ་བཞི་བྱུང་བའི་ནང་ནས་ད་ལྟ་གསུམ་གྱིས་བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱེད་བཞིན་པ་འོས་བསྡུ་འགན་འཛིན་ཟུར་པ་འཇམ་དཔལ་ཆོས་བཟང་དང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ། བཀའ་དྲུང་ཡིག་ཚང་གི་དྲུང་ཕར་བསོད་ནམས་བསྟན་འཛིན་བཅས་ལ་ཆེ་བསྟོད་གཟེངས་རྟགས་ཕུལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།