ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚོགས་པའི་འགན་འཛིན་བོད་ཀྱི་སྐུ་ཚབ་དོན་ཁང་དུ་འཚམས་གཟིགས།

བོད་མིའི་སྒྲིག་འཛུགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚོགས་པའི་འགན་འཛིན་ལྕམ་ནཱ་ཌིན་མཱ་ཨིན་ཛ་(Nadine Maenza) ཡི་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དུ་འཚམས་གཟིགས་གནང་བ་ཕེབས་ཡོད་འདུག

བོད་མིའི་སྒྲིག་འཛུགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚོགས་པའི་འགན་འཛིན་ལྕམ་ནཱ་ཌིན་མཱ་ཨིན་ཛ་(Nadine Maenza) ཡིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དུ་འཚམས་གཟིགས་སུ་ཕེབས་ཡོད་འདུག

ཟླ་འདིའི་ཚེས་ ༡༠ ཉིན་གྱི་ཉིན་རྒྱབ་ཆུ་ཆུ་ཚོད་ ༢ པའི་ཐོག་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚོགས་པའི་འགན་འཛིན་ལྕམ་ནཱ་ཌིན་མ་ཨིན་ཛ་ཡིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དུ་ཕེབས་བསུ་ཞུས་ཡོད་པ་མ་ཟད། སྐུ་ཚབ་ཚོགས་ཆུང་དང་ལྷན་དུ་རྒྱ་ནག་གཞུང་གིས་སྲིད་བྱུས་དང་ལྡན་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་རྩ་མེད་ཇི་ལྟར་བཟོ་བཞིན་པའི་ཐད་ཡིག་ངག་གཉིས་ཀྱི་ཐོག་ནས་འགྲེལ་བརྗོད་གནང་ཡོད་འདུག

དེ་བཞིན་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚོགས་པའི་འགན་འཛིན་དང་། ཐེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་མི་འགྱུར་གཡུ་སྒྲོན། རྒྱ་ནག་ཡེ་ཤུའི་ཆོས་པ་རོགས་རམ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆོས་དཔོན་ཕུ་ཞི་ཆུབ། ཐེ་ཝན་ཀྲང་ལའོ་ཆོས་ཚོགས་ཀྱི་སྤྱི་ཁྱབ་དང་ཆོས་དཔོན་ཁྲིན་ཞིན་ནན། ཀྲ་ལའོ་ཆོས་ཚོགས་ཀྱི་སྤྱི་ཁྱབ་ལྷན་ཁང་གི་ཆོས་དཔོན་ཁྲི་ཡན། ཐེ་ཝན་གྱི་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལ་ཐུགས་ཁུར་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཡང་ཞང་ཧུང་། དྲུང་ཆེ་ཆུབ་ལིང་ཨའོ་བཅས་ཀྱིས་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་ (You Si Kun) དང་མཇལ་འཕྲད་གནང་ཡོད་པ་འདུག

སྐབས་དེར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་གྱིས་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་བཏང་སྟེ་མི་ལོ་ ༦༣ ལྷག་ཙམ་འགྲོ་བཞིན་ཡོད་པ་དང་། ད་བར་བོད་མི་གྲངས་ ༡༥༧ ཙམ་གྱིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རང་དབང་གི་ཆེད་རང་ལུས་མེར་སྲེག་བཏང་ཡོད་པ་མ་ཟད། ཟླ་འདིའི་ཚེས་ ༧ ཉིན་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་བཤེས་རྭ་ཆུང་དགེ་འདུན་དང་དགེ་བཤེས་བསོད་ནམས་རྒྱ་མཚོ་རྣམ་གཉིས་ཀྱིས་༧གོང་ས་མཆོག་དང་། ཀིརྟི་རིན་པོ་ཆེ་མཆོག་ལ་སྐྱབས་བསྔོ་ཞུ་རྟེན་ཕུལ་བར་བསྙད་དེ་རྒྱ་ནག་གཞུང་གྱིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། གཞན་ཡང་རྔ་པ་ནས་ཡིན་པའི་ཚེ་རིང་ལྷ་མོ་དང་རང་ལོ་ ༦༨ ཡིན་པའི་བསམ་སྐྱིད་སོགས་བོད་མི་མང་པོ་རྒྱ་ནག་གཞུང་གིས་བཙོན་འཇུག་བྱེད་བཞིན་ཡོད་པར་བརྟེན། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཨ་རི་དང་ཐེ་ཝན་གཙོས་པའི་མང་གཙོ་ཅན་གྱི་རྒྱལ་ཁབ་གཞན་ནས་གོང་གསལ་ཆབ་སྲིད་བཙོན་པ་དག་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མྱུར་གློད་གྲོལ་ཡོང་སླད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག

དེ་བཞིན་ཐེངས་འདིའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚོགས་པའི་འགན་འཛིན་གྱིས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཐེ་ཝན་དུ་ཕེབས་དགོས་དོན་གཙོ་བོ་ནི་ཞི་ཧིན་མནའ་འབྲེལ་གྱི་སྒྲོམ་གཞི་འོག་ཞི་ཧིན་ཆོས་དད་རང་དབང་གི་མནའ་འབྲེལ་འཛུགས་ཐབས་ཀྱི་ལས་འཆར་དང་། ཐེ་ཝན་གྱི་ཆོས་ལུགས་འདྲ་མིན་དབུ་འཁྲིད། དེ་བཞིན་ཐེ་ཝན་གྱི་གནད་ཡོད་ཆབ་སྲིད་མི་སྣ་མང་དག་ཅིག་དང་ཐུག་འཕྲད་གནང་རྒྱུའི་འཆར་གཞི་ཡོད་འདུག།

གསར་འགོད་པ། ཆོས་གྲགས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།